iPhone6དང་ཀུ་ཤུའི་ཟས་འཕྲོ། ད་དུང་གཞན་དག

             ༡
  ཁོ་མལ་ལས་ལངས་དུས་ཉི་ཐིག་སྒེའུ་ཁུང་ལས་ཐད་ཀར་ཁྱིམ་དུ་འཕྲོས་འདུག ཉི་ཐིག་ནང་དུ་ཝུ་ཆང་གི་དམ་བུ་འགའ་གཡས་འགྱེལ་གཡོན་འགྱེལ་དུ་ཡོད།དེ་དག་གི་དཀྱིལ་ན་ད་དུང་ཟ་འཕྲོར་ལུས་པའི་སིལ་ཏོག་ཀུ་ཤུ་ཞིག་ཀྱང་ཡོད།ཁོས་ཀུ་ཤུ་དེ་མཐོང་མ་ཐག་ཡིད་ལ་ཤར་བ་ནི་རང་དང་འབྲེལ་བ་ཡོད་པའི་བུ་མོ་ཞིག་རེད།སྔོན་ཆད་བུ་མོ་དེ་སུ་ཡིན་པ་ཁྱོད་ཀྱིས་ཀྱང་མི་ཤེས་མོད།ཉིན་དེར་ངས་ཁྱོད་ལ་ཁོ་མོའི་མིང་ལ་ཚེ་དབང་ལྷ་མོ་ཟེར་ཅེས་བཤད་ཟིན་པས་སྐབས་འདིར་ཁྱོད་ཀྱིས་མོ་ཁོའི་མཛའ་མོ་ཡིན་པ་ཝ་ལེར་དྲན་སྲིད་ལ།ད་དུང་དགོང་མོ་དེར་མོས་ཁོ་ཚང་གི་མཆོད་སྒམ་གྱི་མདུན་ནས་ཀུ་ཤུ་དེ་བླངས་ནས་ཟ་ཞོར“ང་ལiPhone6ཞིག་ཉོ་དགོས”ཞེས་ཁོ་ལ་ཞུ་བ་བྱས་པ་ཡང་དྲན་སྲིད།སྐབས་དེར་ངེད་གཉི་ག་བཟི་ཡོད་མོད་རྣམ་ཤེས་དྭངས་པ་སོ་སོར་གསལ་བར་ངེས།
             
  ཁོས་མུ་མཐུད་དུ་ཀུ་ཤུ་དེར་བལྟས་ནས་བསྡད་པ་ན་དེའི་སྟེང་དུ་སྦྲང་ནག་མང་པོ་འཁོར་བྱུང་།སྐབས་དེར།ཁོས་ཁོ་ཚང་གི་སྐྱག་ཁང་ནང་དུ་ཡང་སྦྲང་ནག་དེ་འདྲ་མང་བོ་ཞིག་འཁོར་གྱིན་པ་ཡིད་ལ་དྲན་པས་སྐྱུགས་མེར་ལངས་ལ།དེ་རྗེས་ཁོ་རང་ཀུ་ཤུ་ཟས་འཕྲོ་མ་དེ་ལའང་སྐྱུགས་མེར་ཅིག་ལངས་བྱུང།ཡིན་ནའང་།འདི་ཙམ་གྱིས་ཁོས་མཛའ་མོར་ཁས་བླངས་པའི་དོན་དེ་བརྗེད་དུ་འཇུག་མི་ཐུབ།འོན་ཏེ།དེ་རྗེས་ཀྱི་ཟླ་བ་གཉིས་ཀྱི་རིང་དུ་ཁོ་གཉིས་དབྱར་རྩ་འཐུ་རུ་སོང་ནས་ཕམ་ཁ་དེ་འདྲ་ཞིག་ཉོ་སྲིད་པ་སྐབས་འདིའི་ཁོས་ག་ལ་ཤེས།དེ་དུས་ཁོ་གཉིས་འབབ་ཚུགས་སུ་བསྐྱལ་དུ་འགྲོ་མཁན་ནི་ང་ཡིན།ཉིན་དེར་ཁོས་ལག་ཏུ་ད་དུང་ནུབ་སྨན་གྱི་རིལ་བུ་འགའ་བཟུང་འདུགདེ་བས་ངས་ཁོའི་ཁོག་པ་སངས་དྲགས་མིན་པ་ཤེས་དེ་ངའི་ལྭ་རིང་ཁོ་ལ་གཡར་བ་ཡིན།ཁོས་དང་ཐོག་བཀའ་དྲིན་ཞུས་མོད་རྗེས་སུ་དེའི་སྟེང་གི་ཁྲག་ཤུལ་དེ་མཐོང་བས་ཕྱིར་ང་ལ་ཕྱིན་བྱུང་།ལྭ་བ་དེའི་སྟེང་གི་ཁྲག་ཤུལ་སྔར་ལོར་ངའི་གྲོགས་པོ་ཞིག་གིསiPhone4ཞིག་གི་དོན་དུ་རྡུང་རེས་བྱས་ནས་བཏོད་ཚུལ་ངས་ཁྱོད་ལ་བཤད་མྱོང་།མ་ཟད།དེ་ནི་ཁོས་མཛའ་མོརiPhone6ཉོ་རྒྱུ་ཁས་བླངས་པའི་དགོང་མོ་དེར་བཤད་པ་ཡིན།
             ༣
  ཁོས་དུ་སྣེ་ཞིག་རྔུབ་ཞོར་མུ་མཐུད་དུ་ཀུ་ཤུ་དེ་ལ་བལྟས་ནས་འདུགགལ་ཏེ།ཀུ་ཤུ་འདི་ནམ་ཞིག་ལ་ཁོ་ཚང་གི་མཆོད་སྒམ་མདུན་དུ་བཞག་པ་རྟོགས་དགོས་ཚེ་འུ་གཉིས་ལ་མཚོན་ན་ཧ་ཅང་སླ་བ་རེད།དེ་ནི་ཉིན་དེ་ནས་ཡར་བརྩིས་པའི་ཉིན་བཅོ་ལྔའི་ཡར་སྔོན་དུ་བྱུང་བའི་དོན་དག་ཅིག་དང་འབྲེལ་བ་ཡོད།ཉིན་དེར་ཁྱོད་ཀྱིས་ཤ་མོ་སྐམ་པོ་རྒྱ་མ་ལྔ་བཅུ་བཙོང་བ་རེད།དེ་དུས་ངེད་གཉིས་ཀའི་སུ་ཡང་བཟི་མེད།ངས་ཁྱོད་ལ་ངོ་བསྟོད་བྱས་པ་མིན།ཁྱོད་ཀྱིས་ལོ་འདི་གཉིས་ཀྱི་རིང་དུ་ཤ་མོ་དེ་དག་རུལ་དུ་མ་བཅུག་པར་ཡག་པོར་སྐམ་པ་དེས་ཁྱོད་རང་མི་ཞིབ་ཚགས་ཅན་ཞིག་ཡིན་པ་ཤེས་ཐུབ།དེ་སྔོན་ཁྱོད་ཀྱིས་ད་དུང་ང་ལ་ཀུ་རེའི་ཚུལ་གྱིས“ངས་ཤ་མོ་བསགས་ནས་བཙོང་སྟེiPhone4sཞིག་ཉོ་དགོས”ཞེས་བཤད་བྱུང་།སྐབས་དེར་ངའི་ཁྱོད་ཀྱི་མིག་མདངས་ལས་དེ་ཀུ་རེ་ཞིག་མིན་པ་ཤེས་སོང་།ཡིན་ནའང་།ཁྱོད་ཀྱིས་ངེད་གཉིས་ཀྱི་ཁ་ངོ་མ་ཆོད་པས་མཐར་སྒོར་མོ་དེ་དག་ཆུང་འཐུང་སྤྱད་བྱས་པ་རེད།དེ་དུས་ཁོས་ཚེ་དབང་ལྷ་མོ་ངོ་ཤེས་ནས་ཟླ་གཅིག་མ་གཏོགས་འགོར་མེད།ངེད་གསུམ་པོ་ཆང་ཁང་ཞིག་ལ་འཛོམས་ནས་ཉིན་གང་བོར་ཁ་བརྡ་བྱས་ཏེ་བསྡད་པ་རེད།དེ་དུས་ཁ་ཐུམ་བརྒྱབ་པའི་བུ་མོ་ཞིག་གིས་ཁོ་བོས་ནས་སྒོ་ཕྱིར་ཕྱིན་པ་ལོས་དྲན།མོ་ཚེ་དབང་ལྷ་མོ་རེད།ཉིན་དེར་མོས་ད་དུང་ཁ་པར་ལས་ཁོ་ལ“ཀུ་ཤུ་རྒྱ་མ་འགའ་ཉོས་ནས་ཁྱོད་ཀྱི་ཁང་བའི་ནང་དུ་བཞག་ཡོད”ཅེས་ལབ་བྱུང་།ཀུ་ཤུའི་ཟས་འཕྲོ་དེ་ཚེ་དབང་ལྷ་མོས་ཉིན་དེར་ཉོས་པའི་ཀུ་ཤུ་དག་ལས་ཆེས་རྗེས་མ་བོ་རེད།
             ༤
  ཁོས་དམ་བི་དག་ལ་བལྟས་ནས་ཧད་བསྡད་པས་ལག་གི་དུ་སྣེ་དེ་ཟིན་ནས་ཚར་བའང་མ་ཤེས།དེའང་ཁོ་རང་ཁྱོད་ཀྱི་སྒོར་མོ་དག་ང་ཚོས་ཆང་འཐུང་སྤྱད་བྱས་པར་འགྱོད་པ་སྐྱེ་བཞིན་པ་འདྲ།ང་ཚོས་བསྟུད་མར་ཉིན་བཅོ་ལྔར་ཆང་འཐུང་བས་ཁྱོད་ཀྱི་ཁུག་མའི་ནང་ན་ཡང་བརྒྱ་ལོར་དམར་ལྡང་འགའ་ལས་ལྷག་མེད་པ་ངོ་མ་ཡིན།ཁྱོད་ཀྱིསiPhone4sཉོ་བའི་འཆར་གཞི་འཐེན་པའི་ལོ་ངོ་གཉིས་ཀྱི་རིང་ལའངiPhone5དངiPhone5sསོགས་རིམ་བཞིན་ཐོན་པས།ཁྱོད་ཀྱིསiPhone4sཉོ་བའི་སེམས་པའང་བསད་འདུག་པ་དགོང་མོ་དེའི་ཁྱོད་ཀྱི་སྐད་ཆ་ལས་ཤེས་ཐུབ།དགོང་མོ་དེར་ཚེ་དབང་ལྷ་མོས་ཁོ་ལiPhone6ཉོ་དགོས་ཞེས་ཞུ་བ་བྱེད་དུས།ཁྱོད་ཀྱིས“དེང་གི་དངོས་པོའི་འཕེལ་རྒྱས་གློག་ལས་མྱུར་བས།ཁྱོད་གཉིས་ཀྱིསiPhone6ཉོས་དུསiPhone6sཐོན་ཡོད་སྲིད་ལ།ཐ་ནiPhone7ཡང་ཐོན་ཡོད་ན་ཁྲིགས་ཁྲིགས་མེད”ཅེས་ལྡབ་ལྡིབ་ཅིག་བཤད་སོང་བ་མིན་ནམ།འོན་ཏེ།ཁོ་གཉིས་དབྱར་རྩྭ་རྐོ་རུ་སོང་ནས་མ་རྩ་རྡིབ་པར་མ་ཟད་ད་དུང་ཚེ་དབང་ལྷ་མོས་མོའི་སྐྱི་པགས་ཀྱང་ནག་པོར་གྱུར་ཐལ་ཞེས་ཕྱིར་ལ་ལོག་རྒྱུ་ཡིན་པ་སྐབས་དེའི་ང་ཚོ་སུས་ཀྱང་དཔོག་མི་ནུས་ལ།ཁོ་གཉིས་ནངས་མོར་ལངས་འཕྱི་བས་འབུ་རྐོན་གཞན་གྱི་རྗེས་ེར།ཁོས་ཁོ་ཚང་གི་སྐྱག་ཁང་ནང་དུ་ཡང་སྦྲང་ནག་དེ་འདྲ་མང་བོ་ཞིག་འཁོར་གྱིན་པ་ཡིད་ལ་དྲན་པས་སྐྱུགས་མེར་ལངས་ལ།དེ་རྗེས་ཁོ་རང་ཀུ་ཤུ་ཟས་འཕྲོ་མ་དེ་ལའང་སྐྱུགས་མེར་ཅིག་ལངས་བྱུང།ཡིན་ནའང་།འདི་ཙམ་གྱིས་ཁོས་མཛའ་མོར་ཁས་བླངས་པའི་དོན་དེ་བརྗེད་དུ་འཇུག་མི་ཐུབ།འོན་ཏེ།དེ་རྗེས་ཀྱི་ཟླ་བ་གཉིས་ཀྱི་རིང་དུ་ཁོ་གཉིས་དབྱར་རྩ་འཐུ་རུ་སོང་ནས་ཕམ་ཁ་དེ་འདྲ་ཞིག་ཉོ་སྲིད་པ་སྐབས་འདིའི་ཁོས་ག་ལ་ཤེས།དེ་དུས་ཁོ་གཉིས་འབབ་ཚུགས་སུ་བསྐྱལ་དུ་འགྲོ་མཁན་ནི་ང་ཡིན།ཉིན་དེར་ཁོས་ལག་ཏུ་ད་དུང་ནུབ་སྨན་གྱི་རིལ་བུ་འགའ་བཟུང་འདུགདེ་བས་ངས་ཁོའི་ཁོག་པ་སངས་དྲགས་མིན་པ་ཤེས་དེ་ངའི་ལྭ་རིང་ཁོ་ལ་གཡར་བ་ཡིན།ཁོས་དང་ཐོག་བཀའ་དྲིན་ཞུས་མོད་རྗེས་སུ་དེའི་སྟེང་གི་ཁྲག་ཤུལ་དེ་མཐོང་བས་ཕྱིར་ང་ལ་ཕྱིན་བྱུང་།ལྭ་བ་དེའི་སྟེང་གི་ཁྲག་ཤུལ་སྔར་ལོར་ངའི་གྲོགས་པོ་ཞིག་གིསiPhone4ཞིག་གི་དོན་དུ་རྡུང་རེས་བྱས་ནས་བཏོད་ཚུལ་ངས་ཁྱོད་ལ་བཤད་མྱོང་།མ་ཟད།དེ་ནི་འུ་གཉིས་ལ་མཚོན་ན་ཧ་ཅང་སླ་བ་རེད།དེ་ནི་ཉིན་དེ་ནས་ཡར་བརྩིས་པའི་ཉིན་བཅོ་ལྔའི་ཡར་སྔོན་དུ་བྱུང་བའི་དོན་དག་ཅིག་དང་འབྲེལ་བ་ཡོད།ཉིན་དེར་ཁྱོད་ཀྱིས་ཤ་མོ་སྐམ་པོ་རྒྱ་མ་ལྔ་བཅུ་བཙོང་བ་རེད།དེ་དུས་ངེད་གཉིས་ཀའི་སུ་ཡང་བཟི་མེད།ངས་ཁྱོད་ལ་ངོ་བསྟོད་བྱས་པ་མིན།ཁྱོད་ཀྱིས་ལོ་འདི་གཉིས་ཀྱི་རིང་དུ་ཤ་མོ་དེ་དག་རུལ་དུ་མ་བཅུག་པར་ཡག་པོར་སྐམ་པ་དེས་ཁྱོད་རང་མི་ཞིབ་ཚགས་ཅན་ཞིག་ཡིན་པ་ཤེས་ཐུབ།དེ་སྔོན་ཁྱོད་ཀྱིས་ད་དུང་ང་ལ་ཀུ་རེའི་ཚུལ་གྱིས“ངས་ཤ་མོ་བསགས་ནས་བཙོང་སྟེiPhone4sཞིག་ཉོ་དགོས”ཞེས་བཤད་བྱུང་།སྐབས་དེར་ངའི་ཁྱོད་ཀྱི་མིག་མདངས་ལས་དེ་ཀུ་རེ་ཞིག་མིན་པ་ཤེས་སོང་།ཡིན་ནའང་།ཁྱོད་ཀྱིས་ངེད་གཉིས་ཀྱི་ཁ་ངོ་མ་ཆོད་པས་མཐར་སྒོར་མོ་དེ་དག་ཆུང་འཐུང་སྤྱད་བྱས་པ་རེད།དེ་དུས་ཁོས་ཚེ་དབང་ལྷ་མོ་ངོ་ཤེས་ནས་ཟླ་གཅིག་མ་གཏོགས་འགོར་མེད།ངེད་གསུམ་པོ་ཆང་ཁང་ཞིག་ལ་འཛོམས་ནས་ཉིན་གང་བོར་ཁ་བརྡ་བྱས་ཏེ་བསྡད་པ་རེད།དེ་དུས་ཁ་ཐུམ་བརྒྱབ་པའི་བུ་མོ་ཞིག་གིས་ཁོ་བོས་ནས་སྒོ་ཕྱིར་ཕྱིན་པ་ལོས་དྲན།མོ་ཚེ་དབང་ལྷ་མོ་རེད།ཉིན་དེར་མོས་ད་དུང་ཁ་པར་ལས་ཁོ་ལ“ཀུ་ཤུ་རྒྱ་མ་འགའ་ཉོས་ནས་ཁྱོད་ཀྱི་ཁང་བའི་ནང་དུ་བཞག་ཡོད”ཅེས་ལབ་བྱུང་།ཀུ་ཤུའི་ཟས་འཕྲོ་དེ་ཚེ་དབང་ལྷ་མོས་ཉིན་དེར་ཉོས་པའི་ཀུ་ཤུ་དག་ལས་ཆེས་རྗེས་མ་བོ་རེད།
            ༤
  ཁོས་དམ་བི་དག་ལ་བལྟས་ནས་ཧད་བསྡད་པས་ལག་གི་དུ་སྣེ་དེ་ཟིན་ནས་ཚར་བའང་མ་ཤེས།དེའང་ཁོ་རང་ཁྱོད་ཀྱི་སྒོར་མོ་དག་ང་ཚོས་ཆང་འཐུང་སྤྱད་བྱས་པར་འགྱོད་པ་སྐྱེ་བཞིན་པ་འདྲ།ང་ཚོས་བསྟུད་མར་ཉིན་བཅོ་ལྔར་ཆང་འཐུང་བས་ཁྱོད་ཀྱི་ཁུག་མའི་ནང་ན་ཡང་བརྒྱ་ལོར་དམར་ལྡང་འགའ་ལས་ལྷག་མེད་པ་ངོ་མ་ཡིན།ཁྱོད་ཀྱིསiPhone4sཉོ་བའི་འཆར་གཞི་འཐེན་པའི་ལོ་ངོ་གཉིས་ཀའི་མ་རྩ་རྡིབ་པར་མ་ཟད་ད་དུང་ཚེ་དབང་ལྷ་མོས་མོའི་སྐྱི་པགས་ཀྱང་ནག་པོར་གྱུར་ཐལ་ཞེས་ཕྱིར་ལ་ལོག་རྒྱུ་ཡིན་པ་སྐབས་དེའི་ང་ཚོ་སུས་ཀྱང་དཔོག་མི་ནུས་ལ།ཁོ་གཉིས་ནངས་མོར་ལངས་འཕྱི་བས་འབུ་རྐོན་གཞན་གྱི་རྗེས་ལ་ཆོད་ཐབས་མེད་པ་སོགས་ཀྱང་ངེད་གཉིས་ཀྱིས་གསལ་འདེབས་བྱ་དགོས་པ་མ་དྲན།ཁྱོད་ཀྱིས་གོང་གི་སྐད་ཆ་དེ་བཤད་ནས་ཅུང་མ་འགོར་བར་ཁོ་རང་སྤྱོད་ཁང་དུ་བུད་སོང་།དེའང་ཉིན་དེར་ཁོས་ཀུ་ཤུ་ཟས་པ་མང་དྲགས་པས་ཕོ་བ་སྦོས་པ་རེད།
             ༥
  ཡུད་ཙམ་ནས་ཁོས་ཕྱགས་མ་དང་གཞོང་བ་བཟུང་སྟེ་ཁྱིམ་ལ་གད་བརྡར་བྱེད་མགོ་བརྩམས།ཀུ་ཤུའི་ཟས་འཕྲོ་དེ་ཉི་ཐིག་ནང་དུ་ཡུན་རིང་ལུས་པས་དེའི་སྟེང་དུ་འདག་འདག་ཅིག་ཆགས་འདུག གལ་སྲིད་ཁོས་དེ་དེ་ལྟར་ཕྱགས་མས་བཅུས་པ་ཡིན་ན་ཕྱགས་མ་རྫོད་སྲིད་པ་ནི་སྨྲོས་མ་དགོས།མཐར་ཁོས་དེ་ལག་པས་བཟུང་ནས་སྙིགས་སྣོད་དུ་འཕངས་བྱུང་།དེ་ནི་ཁོས་ཟླ་བ་གཉིས་ཀྱི་རིང་ལ་ཁང་པར་གད་བརྡར་བྱས་ཐེངས་དང་པོ་ཡིན།དེའང་ཁོང་གཉིས་འབུ་རྐོ་རུ་སོང་ཤུལ་ནས་ངེད་གཉིས་ཀྱིས་ཁང་བ་དེ་གཡར་བ་རེད།དེ་དུས་ཀུ་ཤུའི་ཟས་འཕྲོ་དེར་ད་དུང་བ་ཚྭ་ཆགས་ནས་སྙིགས་སྣོད་ཀྱི་ཞབས་ན་ཡོད་པ་ཁྱོད་ཀྱིས་ཀྱང་མཐོང་ཡོད།དེར་ད་དུང་རུལ་དྲི་འཐུལ་བ་ཡང་ཁྱོད་ཀྱིས་ག་ནས་བརྗེད་ཐུབ།དེ་དག་དྲན་ན་ཁྱོད་ལའང་ཁོ་ཅི་བཞིན་ཀུ་ཤུའི་ཟས་འཕྲོ་དེར་སྐྱུགས་མེར་ལངས་ས་པ་རེད།
             ༦
  ཡུད་ཙམ་ནས་ཁོས་ཕྱགས་མ་དང་གཞོང་བ་བཟུང་སྟེ་ཁྱིམ་ལ་གད་བརྡར་བྱེད་མགོ་བརྩམས།ཀུ་ཤུའི་ཟས་འཕྲོ་དེ་ཉི་ཐིག་ནང་དུ་ཡུན་རིང་ལུས་པས་དེའི་སྟེང་དུ་འདག་འདག་ཅིག་ཆགས་འདུག གལ་སྲིད་ཁོས་དེ་དེ་ལྟར་ཕྱགས་མས་བཅུས་པ་ཡིན་ན་ཕྱགས་མ་རྫོད་སྲིད་པ་ནི་སྨྲོས་མ་དགོས།མཐར་ཁོས་དེ་ལག་པས་བཟུང་ནས་སྙིགས་སྣོད་དུ་འཕངས་བྱུང་།དེ་ནི་ཁོས་ཟླ་བ་གཉིས་ཀྱི་རིང་ལ་ཁང་པར་གད་བརྡར་བྱས་ཐེངས་དང་པོ་ཡིན།དེའང་ཁོང་གཉིས་འབུ་རྐོ་རུ་སོང་ཤུལ་ནས་ངེད་གཉིས་ཀྱིས་ཁང་བ་དེ་གཡར་བ་རེད།དེ་དུས་ཀུ་ཤུའི་ཟས་འཕྲོ་དེར་ད་དུང་བ་ཚྭ་ཆགས་ནས་སྙིགས་སྣོད་ཀྱི་ཞབས་ན་ཡོད་པ་ཁྱོད་ཀྱིས་ཀྱང་མཐོང་ཡོད།དེར་ད་དུང་རུལ་དྲི་འཐུལ་བ་ཡང་ཁྱོད་ཀྱིས་ག་ནས་བརྗེད་ཐུབ།དེ་དག་དྲན་ན་ཁྱོད་ཀྱང་ཁོ་ཇི་བཞིན་ཀུ་ཤུའི་ཟས་འཕྲོ་དེར་སྐྱུགས་མེར་ལངས་ངེས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

iPhone6དང་ཀུ་ཤུའི་ཟས་འཕྲོ། ད་དུང་གཞན་དག

2015-03-06 གྲིབ་མ་སྨུག་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།