ཉིན་ཐོ།

རི་སྔུན་དབང་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-07

              གཟའ་ཟླ་བ།

  སྔ་དྲོའི་སློབ་ཁྲིད་གྲོལ་ནས་གྲོགས་པོ་འགའ་དང་མཉམ་དུ་སློབ་གྲའི་ཕྱི་སྒོ་རུ་ཟ་མ་ཟ་རུ་སོང་།ང་ཚོས་མགོ་སྔ་མི་ཚང་ཞིང་བརྒྱུད་རིམ་མི་ལྡན་པའི་སྒོ་ནས་ཡང་དེ་རིང་གི་སློབ་ཁྲིད་ཀྱི་རྒྱུ་སྤུས་གླེང་།དགེ་རྒན་གྱི་གསལ་དག་སྙན་གསུམ་གྱི་སློབ་ཁྲིད་དང་།ང་ཚོས་བློ་རྩེ་གཅིག་ཏུ་ཕྱོགས་ནས་ཉན་པའི་དེ་རིང་གི་སློབ་ཁྲིད་ནི་བདག་ལ་མཚོན་ན་ཆེས་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་བ་ཞིག་ཡིན།དེ་བས་རང་བཞིན་གྱིས་སུན་སྣང་གིས་བསྐུར་བའི་སློབ་ཁྲིད་ལ་སྤྲོ་སྣང་འཕེར་ཡོང་།
  བདག་མོས་འཛུམ་བག་གིས་བསུ་བའི་བསླུ་བྲིད་ཀྱིས། ཧེ་རིགས་ཟ་ཁང་འདི་ནི་ང་དང་ངའི་གྲོགས་པོ་ཚོ་རྒྱུན་ཏུ་འགྲོ་སའི་ཟ་མ་ཟ་ས་ཡིན།ལྷག་པར་དུ་ཟླ་འཇུག་གི་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་བྱུང་དུས།ཟ་ཁང་འདི་ནི་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ།དེ་བས་དེ་རིང་ཡང་ང་ཚོ་ཟ་ཁང་འདི་ཚང་གི་མགྲོན་པོ་ཡིན། སློབ་ཁྲིད་གྲོལ་མ་ཐག་ཡིན་པས།ཟ་མ་ཟ་མཁན་ཧ་ཅང་མང་།ཅོག་ཙེ་ཆུང་ཆུང་ཞིག་གི་སྟེང་དུ་ང་ཚོ་མི་དྲུག་འཚང་ཁ་རྒྱབ་ནས་བསྡད།གཅན་ཚའི་སྐད་དུ་"སྤྱང་སྟུག་བོའི་རྡེའུ་འདྲ་བོ་འཕེན"ཟེར་བ་ནང་བཞིན་སྐད་ཆ་ཡར་མར་གཉིས་ཀ་གླེང་བཞིན་ཡོད། དེའི་ཚེ་ན་བྱམས་པས་ང་ཚོའི་སྐད་ཆ་མཚམས་བཅད་ནས། " ཕ་གི་བུ་མོ་ལ་ལྟོས་དང་། མཛེས་མ་ཞིག་ཡོད། ལོ་རིམ་དང་པོ་ཡིན་ཁ་རེད" "ངོ་མ་མཛེས་མ་ཞིག་ཡོད། མཚོ་ལྷོ་ས་ཆ་ཞིག་གི་ཡིན་ཁ་རེད།” སྐབས་དེར་བདག་གིས་སྤོབས་པ་ཆེར་བསྐྱེད་ཀྱིས་ཐད་ཀར་དུ་ཁོ་མོའི་ཁ་པར་ཨང་གྲངས་དྲིས་བྱུང་།གྲོགས་པོ་ཚོས་ཅི་ཡིན་ཆ་མི་འཚལ་བར་གྱུར་ནས་ཁ་རོག་གེར་བསྡད་ཡོང་།ཁོ་མོ་ཅུང་སྐྱེངས་བའི་ངང་ནས་ཤོག་བུའི་སྟེང་ལ་ཁ་པར་ཨང་གྲངས་དྲིས་ནས་ང་ལ་བྱིན།
  ཉལ་ཁང་དུ་ལོག་་མ་ཐག མྱུར་མོར་དུ" ཁྱོད་རང་བདེ་མོ་ཡིན་ནམ། ངོ་ཤེས་པ་ལ་དགའ་སྤྲོ་སྐྱེས་ཡོད།" འཚམས་འདྲིའི་བདེ་ལེགས་ཞུ་བ་དང་ཆབས་ཅིག་རང་ཉིད་ངོ་སྤྲོད་མདོར་བསྡུས་ཙམ་བརྡ་འཕྲིན་བརྒྱུད་ནས་མོ་ལ་བསྐུར།
  ཕྱི་དྲོ་རིང་མོ་ཞིག་ལ།ཁོ་མོའི་ཡིག་ལན་མ་འབྱོར་བས་སེམས་པ་འཚབ་འཚུབ་པར་གྱུར། ང་ལ་ཁ་ཡ་བྱེད་མི་འདོད་པ་ཡིན་ནམ། གང་ལྟར། ་སེམས་ཚེགས་ཧ་ཅང་ལྕི།
  དགོང་ཚོགས་གྲོལ་ནས་ཡུན་རིང་འགོར་སོང་།ཡིག་ལན་ད་དུང་མ་ཡོང་།སེམས་སུ་ཁོ་མོའི་ཁ་ཡ་མ་བྱས་ཁོ་ཐག་རེད་སྙམ་བྱུང་།ཏག་ཏག་སྡུག་བསྔལ་གྱི་ན་བུན་འཐིབས་དུས་རེ་བཞག་གི་ཉི་གཞོན་ཤར་བྱུང་། "དགོངས་དག་ཞུ། ཁ་པར་གྱི་གློག་ཚར་བས་སྒོ་ཕྱེ་མ་ཐུབ། ཁྱེད་རང་ངོ་ཤེས་པ་ལ་དགའ་བོ་ཡོད།དུས་ལྟར་ཡིག་ལན་བསྐུར་མ་ཐུབ་པ་ལ་ཁོང་ཁྲོ་ལངས་ཡོད་དམ" "སྤོ་ཅུང་ཙམ་ལངས་ཡོད།ཧུ་ཧུ།ངས་ཁྱོད་ཀྱིས་ང་ལ་ཁ་ཡ་མི་བྱེད་པར་སྙམ།" "དེ་དགོང་སྔ་རྒྱུ་མེད། ཁོམ་དུས་ཁ་བརྡ་བྱེད། གཟིམས་ས་བདེ" "གཉིད་སྐྱིད་་པོ་ཡོང་བར་སྨོན"
  ཁོ་བོས་ཁོ་མོ་འདི་ལྟར་ངོ་ཤེས་པ་ཡིན། སྔོན་ཆད་ཀྱི་ངོ་ཤེས་པའི་ལོ་རྒྱུས་གླེང་རྒྱུ་མེད། གྲུ་ག་གང་རུང་ཞིག་ནས་མིག་ལ་ཐོགས་པའི་གཏམ་རྒྱུད་སྙན་མོ་མེད།ཡོད་ཚད་དེ་རིང་ནས་ངོ་ཤེས་བཞིན་ཡོད།

               གཟའ་མིག་དམར།

  ད་ནངས་ཞོགས་རྩལ་ལ་འགྲོ་དུས་ནས། ཁོ་མོ་འུ་རིག་གི་མིག་ཟུང་ཀེམ་ཀེམ་གཡོས་ལ། འུ་་ཐུག་གི་རེ་བ་ཆེ་ཆེར་རྒྱས་ཡོང་།འགུལ་ལ་མ་འགུལ་གྱི་ཞོགས་རྩལ་གཉིད་ལམ་སེལ་ཐུབ་དེ་རྩེས་རྗེས།ཐད་ཀར་དུ་ཉལ་ཁང་ལ་འོང་ནས་ཁོ་མོར་ཞོགས་པ་བདེ་ལེགས་ཀྱི་ཁམས་བདེ་ཞིག་ཞུ་བསམ་ནས་ཁ་པར་གྱི་གློག་སྒོ་ཕྱེ་དུས། རྡོ་རྗེ་ཡིས" བུད་མེད་ཚོ་ལ་སེམས་དེ་འདྲ་མ་གཏོད། འབྲེལ་བ་མང་པོ་བྱས་ན་ང་྄རྒྱལ་སྐྱེས་སླ། " ཟེར། བདེན་འདུག་མ་ཤེས་མོད། ཁོས་བཤད་པ་ལ་ཡིད་མཐུན་བྱུང་བས་སྔ་མོ་རིང་ཐུང་ལ་འབྲེལ་བ་མ་བྱས།
  དེ་རིང་གི་ནམ་མཁའ་སྔོ་ཞིང་དྭངས།ཉི་འོད་དྲོད་ཞིང་འཇམ་པས་སྔ་དྲོའི་སློབ་ཁྲིད་གྲོལ་རྗེས།སློབ་གྲོགས་ཚོ་སློབ་རྭའི་རྭ་སྐོར་གྱི་རྩྭ་གདན་ན་ཉི་མར་ལྡེ་ཡོད།སྐོར་དང་སྐོར་བྱས་ནས།དཔྱིད་ཀྱི་དཔལ་ཡོན་ལ་རོལ།ཕ་ཡུལ་ལྟ་བུའི་སྔོ་ལྗང་ལྗང་གི་རང་བྱུང་གི་མཛེས་བ་མེད་ནའང་། ང་ཚོའི་རང་སའི་ཁོར་ཡུག་དང་འཕྲོད་པའི་སེམས་ཀྱི་གནལ་མལ་ཞིག་འཚོལ་བཞིན་ཡོད།
  ཁོ་མོ་བདག་གི་མིག་མདུན་ལ་ལྷུང་བ་ནས།ངས་བརྩེ་དུང་གི་ཐ་སྙད་གསོག་འཇོག་བྱས་ཤིང། ཐ་ན་གླུ་ལེན་པ།ཤོབ་བྱེད་པ་སོགས་ཀྱང་གྲ་སྒྲིག་བྱས།ཡིན་ནའང་ངས་ཇི་ལྟར་རང་གི་སེམས་ཁོངས་ཀྱི་སྙིང་གཏམ་ཁོ་མོ་ལ་བཤད་དགོས་པ་མི་ཤེས།ང་ཚོ་མི་སུ་ཞིག་ཡིན་རུང་རང་ཉིད་དགའ་བའི་མི་དེ་ལ་སེམས་ཀྱི་ཚིག་གསུམ་བཤད་ཐུབ་ན། དེ་ནི་ཇི་འདྲའི་བདེ་སྐྱིད་ཆེན་པོ་ཞིག་ཡིན།
  "བདེ་མོ།སྐུད་ལམ་ན་འུ་ཡོད།ཁ་བརྡ་བྱོས་ར།" "ངས་དེ་ལྟར་སྐད་འཕྲིན་བརྒྱུད་ནས་
  ཁོ་མོ་ལ་ཐེངས་གཉིས་བར་འབྲེལ་བ་བྱས།
  "ཡོད། ཡོད།"
  "རྒྱུ་མཚན་ཅི་ཡིན་ཆ་མི་འཚལ་མོད།ཁྱོད་དང་ངོ་ཤེས་པ་ནས།ང་ལ་ཚོར་བ་སྣ་ཚོགས་ཡོད། "
  "ཧུ་ཧུ། ང་་ངོ་ཤེས་པ་ལ་འགྱོད་པ་སྐྱེས་བ་ཡིན་ནམ"
  "ཁྱོད་ནི་བདག་གི་རྨི་ལམ་དུ་ཡོང་བའི་ནམ་མཁའི་ལྷ་མོ་དེ་ཡིན་པས། ཁྱོས་བསམ་ན་ང་རང་འགྱོད་པ་སྐྱེས་སམ"
  "ཧུ་ཧུ། ཁ་ལྕེ་བདེ་མོ་རེད། གང་ལྟར་ཁྱོད་ལ་བཀའ་དྲིན་ཆེ"
      ......................................................
  དུས་ཚོད་གཉིས་ཙམ་ལ་ཁ་བརྡ་བྱས།ད་དུང་སེམས་ནས་བཤད་འདོད་པའི་སྐད་ཆ་དང་འདྲི་འདོད་པ་ཅི་ཡང་མ་དྲིས།

              གཟའ་ལྷག་པ།

  ཁོ་བོ་མི་ཞིག་ལ་དགའ་ཚེ། རྒྱབ་ཀྱི་རི་རྒྱུད་མཐོ་མི་མཐོ་ལ་དགའ་ཞེན་མེད། མདུན་གྱི་ནགས་ཆུ་མཛེས་དང་མི་མཛེས་ལ་སྣང་དོགས་མེད།དགའ་བ་དེ་ཁོ་ན་དོན་དུ་གཉེར་ནས་བརྩོན་ལེན་བྱས་པ་ཡིན། དེ་རིང་ནི་ཁོ་མོ་དང་ངོ་ཤེས་པའི་ཉིན་གསུམ་པ་ཡིན། སེམས་སུ་ངེས་པར་དུ་མོ་ལ་དགའ་བའི་ཚིག་གསུམ་བཤད་འདོད་མོད།ལྕེ་མདུད་པ་དངོས་ནས་འཁྲོལ་དཀའ།
  དེ་རིང་གི་སློབ་གྲྭའི་མཁའ་དབྱིངས་སུ་སྤྲིན་དཀར་བང་རིམ་བང་རིམ་ཡོད་ལ། ཡིད་སྐྱིད་པའི་སྣང་བ་ཞིག་སྟེར། སློབ་གྲོགས་ཚོ་དཔེ་མཛོད་ཁང་དུ་འགྲོ་བ། སྤོ་ལོ་རྩེ་བ། སློབ་ཁྲིད་ཏུ་འགྲོ་བ་སོགས་རང་རང་ས་ན་ཁོམ་གྱིན་མེད།ཕྱི་དྲོ་དཔེ་མཛོད་ཁང་ནས་ཡུན་རིང་ཙམ་ལ་ལོ་རྒྱུས་དང་འབྲེལ་བའི་དུས་དེབ་ཅིག་ལ་རགས་བལྟ་བྱས་རྗེས།ཅུང་ཟད་ཐང་ཆད་པའི་སྣང་བ་ཞིག་སྟེར་བས་མལ་ཁང་དུ་ལོག
  ཡང་ཁོ་མོ་དྲན་འོང་། དེ་མ་ཐག་ཏུ་སྐད་འཕྲིན་ནས"གློ་བུར་དུ་ཁྱོད་དྲན་བྱུང་།"
  "ཧུ་ཧུ ངོ་མ་ཡིན་ནམ"
  "སེམས་བསམ་པའི་བར་ཡིན། ང་ཁྱོད་ལ་དགའ་བྱུང་།"
  "བདེ་མོ་བྱོས། ་ང་ལ་ཁོམ་པ་མི་འདུག" ཁོམ་པ་མི་འདུག བདེ་མོ་བྱོས། ང་ལ་མཚོན་ན་ཚིག་འབྲུ་དེ་ཤིན་ཏུ་ལྕི། སེམས་པ་གློ་བུར་དུ་འཁྱག་སིབ་སིབ་བྱས། རང་གིས་རང་ལ་བདག་གི་སྐད་ཆ་བྱེད་ཕྱོགས་མི་འགྲིག་པ་ཡིན་ནམ།ཡང་ན་ཅུང་ཙམ་ཐལ་དྲགས་པ་ཡིན་ནམ། ཡང་ན་ཁོ་མོས་ང་ལ་བདེ་མོ་བཞག་པ་ཡིན་ནམ། ཡང་ན་ཁོ་མོ་དངོས་ནས་ཁོམ་པ་མེད་པ་ཡིན་ནམ། དེ་དགོང་ང་སེམས་ཚེགས་ལ་བཟོས། མི་སུ་ཞིག་ལ་ཁ་ཡ་བྱེད་མི་འདོད། སྔ་མོ་ནས་གཉིད་རྒྱུ་ཡིན། བར་ཆད་མ་བྱེད། མཚན་བདེ་མོ།

                 གཟའ་ཕུར་བུ།

  དེ་རིང་གི་དབྱིན་ཡིག་སློབ་ཁྲིད་ལ། ང་དང་བུད་མེད་སློབ་གྲོགས་ཞིག་མཉམ་དུ་བསྡད། རྒྱུན་ཏུ་ཡིན་ན་ངེད་གཉིས་ཀྱི་བར་ལ་སྐད་ཆ་ཧ་ཅང་ཉུང་།ཅུང་ཟད་རྗེས་སུ་ལུས་པའི་རྐྱེན་གྱིས་འདུག་སྟེགས་ཆེས་མཇུག་ཏུ་ཡོད།དགེ་རྒན་གྱི་སྐད་མགོ་དམའ་བ་དང་ལྷག་པར་དུ་དབྱིན་ཡིག་སློབ་ཁྲིད་ལ་སྤྲོ་སྣང་མི་ཆེ་བའི་ང་དང་འདྲ་བའི་སློབ་གྲོགས་དག་ནི་མིང་ཐོ་ཙམ་འགོད་པའི་ཆེད་དུ་སློབ་ཁྲིད་ལ་འོང་བ་ཡིན།དེ་བས་གོ་སྐབས་ཡག་པོ་འདི་འདྲ་ལ་བརྟེན་ནས་སློབ་གྲོགས་བར་གྱི་མཛའ་བརྩེ་དང་འབྲེལ་བ་ཇེ་ཟབ་ལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ།
  སློབ་ཁྲིད་གང་བོར་སྐད་ཆ་ཡར་མར་གཉིས་ཀ་གླེང་།མཚམས་མཚམས་སུ་ཕོ་མོའི་བར་གྱི་བརྩེ་བ་ཡང་གླེང་།"རང་ཉིད་ལ་དགའ་བའི་མི་ཡོད་ན།ངོ་སོ་དང་དོན་དག་ཆུང་ངུ་ཙམ་ལ་བློ་མ་འཁོར།" "རང་གི་ལམ་ཕྱོགས་ནས་ལངས་ཏེ།རང་ཉིད་དགའ་བའི་མི་ལ་རང་གི་ལྟ་ཚུལ་ཏག་ཏག་མ་བཤད།" "དྲང་བདེན་གཙོར་དམིགས་ནས་ཞོར་དུ་སྐད་ཆ་སྙན་མོ་བཤད་ཤེས་དགོས"
  བུད་མེད་ཀྱི་སེམས་པ་བུད་མེད་ཚོས་ཤེས་ཟེར་བ་ཅིའི་མ་བདེན།བརྩེ་དུང་ནང་གི་མི་ཡི་བློ་གྲོས་ཐིག་ལེ་ཡིན་ཟེར་བའང་དོན་དང་གནས།ནམ་རྒྱུན་བརྩེ་དུང་བརྩེ་དུང་གླེང་ཡང་དོན་ལ་བབས་དུས་བ྄རྩེ་དུང་ཀྱི་ཐ་སྙད་གཅིག་ཀྱང་མེད།མ་གཞི་ནས་སློབ་གྲྭ་ཆེ་མ་ཆུང་གསུམ་ནས་བརྩེ་དུང་གི་རླབས་ཆེན་རང་བཞིན་དགེ་རྒན་དང་སློབ་མ་སུ་ཡིན་རུང་དང་དོད་མི་བྱེད་ལ།ཐ་ན་དེ་ལས་ལྡོག་ཏེ་མ་རུངས་ཐ་ཤལ་གྱི་སྤྱོད་ངན་དུ་བརྩི་བ་ནི་ང་ཚོའི་ཕམ་ཁ་ཡིན་ལ།མི་ལ་བརྩེ་དུང་མེད་དུས་ཆེས་འཇིགས་སུ་རུང་བ་ཡིན་ལ། དེ་དུས་ང་ཚོ་ཕམ་ཁ་ནང་གི་ཕམ་ཁ་བྱུང་བ་རེད།
  དགོང་ཚོགས་གྲོལ་ནས་མལ་ཁང་ཏུ་ལོག་དུས།ཁ་པར་གྱི་འཆར་ངོས་སུ་ཁོ་མོའི་བརྡ་འཕྲིན་ཅིག་འབྱོར་ཡོང་།ནང་དོན་ནི།ཡི་གེ་ཅི་ཡང་བྲིས་མེད། ཚེག་ཤད་འགའ་བསྐུར་ནས་འོང་། ང་རང་དགའ་བའི་ཁེངས་ཏེ་དེ་མ་ཐག་ཏུ་ཡིག་ལན་བྱིན། "ཁྱོད་ཀྱིས་ཙི་ཡང་བཤད་མེད་མོད། སྐྱོན་མེད།ཁོ་བོའི་ཁྱོད་ཀྱི་སེམས་པ་རྟོགས་ཡོང་།" "ཧུ་ཧུ།་་དེ་འདྲ་ཡིན་ན་ཇི་འདྲའི་དགའ་བ་ལ། སེམས་འགུལ་ཐེབས་ཡོད"ཡང་མཇུག་མཐུད་ནས་ཅི་ཞིག་བཤད་དགོ་བ་མ་ཤེས། ཡུན་ཙམ་ལ་ཁ་པར་ངོ་ལ་ཅེར་ནས་བསྡད་།གམ་གྱི་གྲོགས་པོ་ལ་དྲིས།ཁོ་ནི་བརྩེ་དགའ་ཅན་ཞིག་ཡིན་པས། "བརྩེ་དུང་བར་ལ་མྱི་མི་ཆུད། རང་གིས་འདང་རྒྱོབས།" ཟེར། གལ་སྲིད་ཁྱོད་རང་བདག་གི་གམ་ན་ཡོད་ན་དངོས་ནས་སྙིང་རྗེ་བོ་ཞིག་ཡིན།
  ཡིག་ལན་མ་བྱིན་པས་དུས་ཚོད་འགོར་སོང་བས། ཁོ་མོའི་ཡང་བསྐྱར་ང་ལ" ཕལ་ཆེར་ཁྱོད་ཁོམ་པ་མེད་པ་འདྲ། བར་ཆད་མི་བཟོ། གཉིད་བདེ" ང་ཡང་འུ་ཐུག་ནས་"ཡ་ཡ གཟིམས་བདེ"
  སྐབས་སྐབས་འདིར།བརྩེ་དུང་གི་ཐ་སྙད་བོར་བའི་མི་བུ་ཞིག་གི་སེམས་ཁམས་སུས་རྟོགས། རང་ཉིད་ཁོ་ན་ཡིན། དེ་རིང་ཡང་ཅི་ཡང་བཤད་མ་ཐུབ། འདི་ལྟར་ཁ་པར་ངོས་ལ་ཅེར།

               གཟའ་པ་སངས།

  དྲང་མོར་བཤད་ན་དེ་རིང་དགེ་རྒན་གྱི་སློབ་ཁྲིད་ཅི་ཞིག་བྱས་པ་གསལ་བོ་བཤད་རྒྱུ་ མེད།ཕལ་ཆེར་གཟའ་འཇུག་ཐོན་ལ་ཉེ་བས་སྐྱོན་ནམ།ཡང་ན་དེ་རིང་ཁོ་མོ་ལ་ཡི་གེ་ཅི་ཞིག་བསྐུར་རྒྱུ་ཡིན་པ་བསམ་ནས་རང་ཉིད་སྡུག་ལ་སྦྱར་བ་ཡིན།རང་གི་ཅི་ཞིག་བསམ་བཞིན་ཡོད་པའང་རང་ཉིད་ནས་ཀྱང་རྒྱུ་མཚན་གསལ་བོ་འདྲེན་རྒྱུ་མེད།གང་ལྟར་བསམ་གཞིགས་ཁྲི་ཕྲག་གི་སྒོ་གླེགས་ཕྱེ་འོང་།
  དེ་རིང་ཕྱི་དྲོ་ནས་བཟུང་།་སློབ་ཁྲིད་མེད།དེ་བས་གཟའ་འཇུག་གི་གནང་བ་བྱིན་པ་དང་མཚུངས།བུད་མེད་མེད།སྒོར་མོ་མེད།ཕ་ཡུལ་དང་ཐག་རིང་བའི་བདག་ལ་མཚོན་ན་གཟའ་འཇུག་གི་འཚོ་བ་ནི་དངོས་ནས་འཁྱོལ་ཐབས་དཀའ།ཉིན་གང་བོར་མལ་ཁང་ཏུ་དཔེ་ཆ་ཕར་སློག་ཚུར་སློག་བྱས།ཡར་འགྲོ་མར་འགྲོ་བྱས།སུན་སྣང་གིས་བསྐུལ་བ་དང་བརྩེ་དུང་གི་སྟོབས་ཀྱིས་དེ་རིང་ངའི་སྤོབས་པ་ཆེར་བསྐྱེད་ཀྱིས་མོ་ལ་ཁ་པར་བཏང།མཇུག་འབྲས་བློ་ཡུལ་ལས་འདས་བ་ཡིན།མཉམ་དུ་ཟ་མ་ཟ་རུ་འགྲོ་རྩིས་བྱས།ད་དུང་ཟ་མ་ཟོས་རྗེས་སྐོར་བྲོ་འཁྲབ་སར་ཡང་འགྲོ་རྩིས་བྱས། ལན་རེར་ཆེས་གདོང་གཏུགས་དཀའ་བའི་དོན་དག་ནི་ཏག་ཏག་ཆེས་སླ་མོ་ཡིན།
  ཚུགས་ཀ་མེད་རུང་རྡོག་པ་བྱས་པ་ལྟར།སྐྲ་ལོ་གཙང་མར་བཀྲུས།ཆོས་སྐྱོང་གིས་སོ་མ་ཉོས་པའི་ལྭ་བ་གྱོན་ནས་མོ་དང་ཆེས་ཐོག་མའི་དུས་བཅད་བྱས།འཚུབ་ཆ་ཅུང་ཟད་ཡོད་མོད་ཁོ་མོའི་ལོབས་སླ་བའི་གཤིས་ཀ་ཡིས། གཞི་ནས་སེམས་ལྷོད་པར་བྱས།
  མལ་ཁང་སྒོ་རྒྱག་ལ་ཉེ་དུས།ད་གཟོད་རང་རང་སར་ལོག་པ་ཡིན།མ་བསམ་ས་ནས་ཁོ་མོས་ང་ལ་འཐམ་འཁྱུད་ཅིག་བྱས། རྗེས་ནས་ཅི་ཡང་མ་བཤད་པར་བུད་སོང་།
  མལ་ཁང་ཏུ་ལོག་མ་ཐག་ངས་ཁོ་མོ་ལ་བརྡ་འཕྲིན་བསྐུར།
  "བཀའ་དྲིན་ཆེ།ཁྱེད་ཀྱི་འཐམ་འཁྱུད་ལ།ངའི་ཅི་ཞིག་བཤད་དགོས་བ་མི་ཤེས། ........."
  "ང་ཁྱོད་ལ་ཡིད་ཆེས་ཡོད། སྐད་ཆ་མང་པོ་མེད་རུང་། ཁྱོད་ནི..........." "ཁྱོད་ནི་བདག་གི་སེམས་པ་རྐུ་མཁན་ཡིན།བདག་གི་འཚོ་བའི་ལྷ་མོ་ཡིན།"
  "ཧུ་ཧུ། དེ་འདྲ་ཡིན་ན་ངོ་མའི་བཟང་གི བརྩེ་དུང་ཟེར་བ་ཡིད་ཆེས་མེད་མོད། ང་ཁྱོད་ལ་ཡིད་ཆེས་ཆེན་པོ་ཡོད། ཁྱེད་ཀྱིས་ཧ་གོ་སོང་ངམ། "
  "ངའི་ཁྱོད་ལ་ནམ་ཡང་ཡིད་ཆེས་སྟེར། "
  "ཡ་ཡ སྔ་རྒྱུ་མེད། གཟིམས་བདེ"
  སྙན་མོ་ཚིག་གི་རྒྱན་ཆ་མེད།ཆ་མེད་ཟེར་ནས་ཁག་འགེལ་མེད།ཆ་རྒྱུས་ཡོད་དགོས་ཟེར་ནས་ངོ་སོ་གཡར་རྒྱུ་མེད།བརྩེ་བ་ལྷད་མེད་་ཞིག་གི་སྨྱུ་གུ་དཔྱིད་དཔལ་སྒེག་མོའི་གོམ་འགྲོས་དང་བསྟུན་ནས། སྐྱེས་ཤིང་ནར་སོན་བཞིན་ཡོད།
  ངས་ད་དུང་ཁོ་མོའི་འདྲ་པར་ལ་བལྟ་བཞིན། གཉིད་ལོག་མ་ཐུབ།

              གཟའ་སྤེན་པ།

  ད་ནངས་སྔ་མོ་ནས་ཁོ་མོའི་བརྡ་འཕྲིན་ཐོན་ཞིང་། " ཕག་ལི སད་འུ་ཡོད།" དུས་ཚོད་གཅིག་ཙམ་གྱི་ཡར་སྔོན་དུ་བསྐུར་བ་རེད།
  དེ་རིང་ཉིན་གང་བོར་ཁོ་མོ་དང་མཉམ་དུ་བསྐྱལ་བ་ཡིན།སློབ་གྲྭའི་ར་སྐོར་ནས་མི་དམངས་སྤྱི་གླིང་བར།དེ་ནས་ཡང་བསྐྱར་སློབ་གྲྭའི་ར་སྐོར་བར།ཉི་མ་ཤར་རིའི་རྩེ་ནས་ནུབ་རིའི་ཕག་ལ་ཡལ་བར་དུ། སློབ་རྭའི་འཚོ་བ་གསར་བ་ཞིག་གི་ལས་ལ་སྟ་གོན་བགྱིས།
  འགྲོ་ཁ་མར་ཁོ་མོས་འགྲམ་པར་འོ་ཞིག་བྱས་པ།ཁོ་བོའི་ངོ་མདངས་ཡང་དམར་པོ་གྱུར་སོང་།

               གཟའ་ཉི་མ།

  དེ་རིང་ནི་གཟའ་ཉི་མ་ཡིན།ནམ་མཁའ་སྔོ་ཞིང་དྭངས།ཁོ་མོའི་ཕ་ཡུལ་ཕྱོགས་ཀྱི་གཉེན་ཉེ་ཞིག་ཟི་ལིང་དུ་ཡོང་བས། སྔ་མོ་ནས་རླངས་འཁོར་འབབ་ཚུགས་སུ་བུད་སོང་། གནས་ཚུལ་གར་ཡོད་དུས་ལྟར་དུ་བརྡ་འཕྲིན་བརྒྱུད་ནས་བསྐུར་འོང་།
  ཁོ་བོས་དེ་རིང་གི་ཉིན་ཐོ་འབྲི་བཞིན་ཡོད།ཉིན་ཐོ་ངེས་པར་དུ་འབྲི་དགོས ། བདག་གི་ལས་བྱ་ཡིན། མུ་མཐུད་དུ་བྲི་ངེས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་ཐོ།

2015-09-07 རི་སྔུན་དབང་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།