འཇམ་དབྱངས་དགེ་ལེགས།

  “འཇིག་རྟེན་འདི་ངོ་མ་འདྲ་མཉམ་མ་རེད་ལ་ཚེ་ཕྱི་མ་ནི་མེད་ཁོ་ཐག་རེད། ད་རུང་ས་སྟེང་འདིའི་མིང་ཡག་པོ་བཏགས་ཡོད་པ་ཚང་མ་སྡུག་གྱོང་མྱོང་མཁན་རྐྱང་རྐྱང་རེད་།”ཚེ་རིང་དོན་འགྲུབ་ཀྱིས་འདི་ལྟར་ཆིག་ལབ་ཞིག་བྱས་ཏེ་ཡང་བསྐྱར་ལག་འཁྱེར་ཁ་པར་ལ་མཐེབ་མནོན་ཙམ་བྱས། མ་གཞི་ཁོས་རེ་སྒུག་བྱེད་པ་དེ་ཏག་ཏག་སྒྲོན་ཡག་ལ་བསྐུར་བའི་འཕྲིན་པ་རེད།
  “དགོངས་པ་མ་ཚོམས། ང་ལ་དགའ་རོགས་ཡོད་པར་མ་ཟད་བཟའ་ཟླའི་དཔང་ཡིག་ཡང་ལེན་རབས་ཡོད། ཐེངས་སྔོན་མར་ཁྱོད་ཀྱིས་ཁ་པར་བཏང་བ་དེར་ངའི་དགའ་རོགས་ཐུགས་ཁྲོས་ནས་ངེད་གཉིས་དབར་རྩོད་གླེང་ཆུང་ཆུང་ཞིག་བྱུང་། གཞུག་ཕྱོགས་ཁྱོད་ཀྱིས་དོན་ཆེན་རེ་མེད་ན་ཁ་པར་མ་གཏོང་རོགས”ཞེས་བྲིས་ཚར་མ་ཐག་པའི་མཇུག་ཏུ་བདེ་མོ་འཇོག་པའི་རྣམ་འགྱུར་ཞིག་གིས་མཚམས་མི་ཆད་པར་ལག་བརྡ་གཏོང་གིན་འདུག  
  ཚེ་རིང་དོན་འགྲུབ་ཀྱིས་མལ་ཁང་གི་གྱང་ངོས་ན་བཀལ་ཡོད་པའི་མེ་ལོང་དེ་བླངས་པ་དང་སྐབས་རེར་གནག་ལ་ལན་རེར་བགད་ཁུལ་གྱིས་བལྟས་ཀྱང་རང་བློར་འབབ་པ་དེ་མཐོ་འབྲིང་སྐབས་སུ་བླངས་བའི་པར་དེ་རེད། རིང་ལ་གནག་སྣུམ་གྱི་སྐྲ་ལོ། ནག་ལ་དམར་ཤ་ལྡན་པའི་ངོ་གདོང་།  རྒྱགས་ལ་ཚོ་བའི་གཟུགས་གཞི་ཕུང་བོ་མཐོང་འཕྲད་ལག་པས་སྐྲ་ཁ་གཞུག་ལ་ཤད་ཡང་སྐྲ་ཉག་མ་གཅིག་རེ་གཅིག་རེ་བྱས་ནས་ཕྱིར་སྣར་ཏེ་མིག་ཅུང་ཟད་བཀབ། 
  ཁོས་དབུགས་རིང་ཞིག་འཐེན་ཞོར་ཁྱིམ་ཚང་འདིའི་མི་རྒྱུད་ཡོད་དོ་ཅོག་ལ་ཕྱིར་འདང་ཞིག་བརྒྱབ་པ་དང་རང་གི་ཨ་ཕར་ལེ་བདའ་བྱེད་རྒྱུ་ཞིག་སྐྱེས།
  “ཨ་ཕ་ཡ་ཨ་ཕ།ཁྱོད་འདི་ངོ་མ་་་་་་་” དུས་སྐབས་འདིར་ཁོའི་ཀླད་པའི་ནང་དུ་འཆར་བ་ནི་བོད་པའི་གར་སྟེགས་ཆེ་མ་ཆུང་གསུམ་འགྲིམ་པའི་གླུ་བ་གྲགས་ཅན་གཉན་པོ་གཡུ་རྩེའི་བུ་རྒྱུད་ཤེར་བསྟན་དང་། ནུབ་ཕྱོགས་ཡུལ་གྱི་གླུ་བ་ཨ་ཁུན། ད་རུང་རྒྱའི་གླུ་བ་གྲགས་ཅན་ཝང་ལུ་ཧུང་།ད་དུང་རང་སློབ་གྲྭའི་ནང་བུ་མོ་མང་པོའི་སྐོམ་པ་ཆུ་འདོད་ལྟར་རུམ་ཉལ་བྱ་འདོད་པའི་ཕོ་སྒོ་ཅན་རེ་རེའི་ཚུགས་ཀ་གསལ་ལེར་མངོན་པས་དབང་མེད་དུ་རེ་ལེན་རེ་ཆད་ཀྱི་སྣ་གླུ་ཐན་ཐུན་བླངས་སོང་།
  འདི་ཐེངས་བདུན་པ་རེད།བུ་མོ་འདི་ཚོའི་ཨོང་ཤའི་གཞུག་ནས་སྐྱིད་ཅིག་རྒྱག་རྒྱུ་འདི་འདྲ་དཀའ་ལས་ཡོད་པ་སུའི་ངག་ལས་ཡང་མ་གོ། དཀོན་མཆོག་གསུམ། ང་འདི་ཆུང་དུས་ཨ་མའི་ཁར་མཉན་ནས་བན་ཕྲུག་བྱས་ཡོད་རྒྱུ་ན་ཚད་འདི་འདྲ་ཞིག་ལ་ལྷུང་ནས་སྡུག་འདི་འདྲ་མྱངས་དགོས་ནི་མ་རེད།
  ཚེ་རིང་དོན་འགྲུབ་སློབ་ཁྲིད་གྲོལ་སོང་ངམ། ད་སོ་མ་ཚེ་རིང་དོན་འགྲུབ་ཀྱིས་མེ་ལོང་གཟུང་དེ་ཕྱིར་མིག་གི་ཀློང་ན་ར་བཟི་ཡོད་དུས་སྙིང་བྱམས་ཆང་འཐུང་སྨྱོན་པ་དང་འདྲ་བར་མལ་ཁང་སྒོ་ཁྲོག་སེར་ཕྱེ་ཡོང་།  
  སློབ་ཁྲིད་ལ་མ་སོང་ངམ།སྙིང་བྱམས་གྱིས་ཡང་བསྐྱར་དྲིས།
  དགེ་རྒན་ཀློ་རྒན་དེས་མི་གྲངས་ཞིབ་བཤེར་བྱེད་པའི་དཔེ་འཇིག་རྟེན་ན་མེད། ཡང་གཅིག་བཤད་ན་ཉིན་འདིར་ཚོར་སྒོར་མོ་བཀོལ་ཚར་སོང་ལ་སློབ་ཁྲིད་དེར་ཡང་དེ་འདྲའི་སྤྲོ་བ་མེད་གི ཧེ་ཧེ། ཁྱོད་འདི་ད། སྙིང་བྱམས་ཕ་ཡུལ་རྨ་ལྷོ་ནས་ཐེངས་གཉིས་ཀྱི་མཐོ་རྒྱུགས་ཚ་རླབས་གསེབ་ནས་མེ་དཔུང་དམར་ལྡང་ལྟར་འོངས་ལ་ནམ་རྒྱུན་འཛུམ་གྱིས་ཁེངས་ཞིང་ཁ་མཚར་བྱེད་ལ་ཐོགས་པ་མེད། གཞན་ཡང་བློ་རིག་གི་རྣོ་གྲིར་སྲེག་ཟས་ལྷོད་མ་མྱོང་པར་བརྟེན་འཛིན་གྲྭའི་ནང་ཁ་མར་འཁོར་ཏེ་སྣེ་ཁྲིད་མཁན་དེའི་རིགས་ཡིན་པ་མ་ཟད་རྩོམ་འབྲིར་མོས་པའི་སློབ་རའི་རྩོམ་པ་པོ་ལེགས་གྲས་ཀྱང་ཡིན།
  “ཁ་བ་དཀར་པོའི་ཡུལ་ལ།།ཆུང་འདྲིས་ནོར་བུ་སླེབས་བྱུང་།།སླེབས་བྱུང་།ཆུང་འདྲིས་ནོར་བུ་སླེབས་བྱུང་།།”མགྲིན་བཟང་རིག་ལྡན་ཐོན་ཐལ།ངོ་མ་སུན་རྒྱུ་ཞིག་མེད་གི།རེད་ཡ།རིག་ལྡན་ནི་སློབ་སྦྱོང་ལ་དེ་འདྲ་བཟང་རྒྱུ་མེད་པའི་ཁར་དུས་རྒྱུན་དྲ་ལམ་ན་དཔའ་བོ་མཉམ་འབྲེལ(英雄联盟)ལ་ཁྲག་ཟུག་ཟུག་དང་གནག་ཟུག་ཟུག་བྱས་བསྡད་ཡོད་པའི་གསར་བུ་ཡག་ཤོས་ཅན་དེའི་རིགས་ཡིན་པར་མ་ཟད། མེ་ཏོག་སྐྱིད་དགའ་མར་བསྒྲིགས་པའི་ལོ་ཟླ་མགོ་མ་དེ་ནས་བཟུང་གཟའ་གཅིག་ལ་ཐེངས་གཉིས་དང་ཟླ་གཅིག་ལ་ཉིན་བཅོ་ལྔར་སློབ་གྲྭའི་ཉེ་འདབས་ཀྱི་མགྲོན་ཁང་གང་བཟང་ན་བཟའ་འདུག་བཟའ་ཉལ་བྱས་ནས་བསྡད་ཡོད།
  རིམ་བཞིན་རྒྱ་ལོ།ཚེ་ལོ་སོགས་སྔ་གཞུག་བརྩད་དེ་ཉལ་ཁང་ནང་ཐོན་བྱུང་། དེ་རིང་ང་ཚོའི་དགེ་རྒན་ཕག་རྡོས་བཤད་པ་དེར་གནས་ལུགས་མེད་པ་གཡུག་ཞོགས། ད་དུང་ཡང་ས་རུས་ཡུལ་ཕྱོགས་གོང་འོག་བགར་རྗེས་བལ་གསེལ་གསེལ་བྱེད་པ་ནི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གི་རང་སྟེང་གི་འདོར་བྱ་ཡིན་པ་འཁྲུལ་མེད་རེད། ཡང་ཡང་ལྕགས་ཁར་རྣོ་འདོགས་པ་དེ་སྙིང་ལངས་སྤྱད་ཅིག་རེད། སྐད་ཆ་འདི་འདྲ་གོ་རྒྱུ་མང་དྲག་ན་ཁོའི་མི་གཞི་དང་རང་གཤིས་ལ་དོགས་པ་མི་སློང་རང་སློང་ཡིན་པས་མི་ཚད། སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་ནམ་རྒྱུན་ཕྱོགས་རིས་ཀྱི་ཆེད་དུ་ཕྱོགས་རིས་གྱིས་གཞུང་ལུགས་འཆད་པ་དེ་ཡང་མི་རུང་བར་སེམས། སློབ་གྲྭ་ཆེན་མོའི་སློབ་མ་ནི་ཁ་ཕོ་དང་བླ་བཙག་གི་བར་ན་ལོ་རིམ་ཇེ་མཐོར་འགྲོ་ཞིང་སྐྱག་རྫུན་གྱིས་འཁོར་ལོ་བར་མེད་བསྐོར་ཏེ་ཕ་མའི་དངུལ་འདོན་ཐབས་ལ་འབད་པ་ལྷུར་ལེན་བྱེད་པ་རྣ་སྒོ་ཟད་ཙམ་ནང་བཀུག་བྱས་ཚེ་ཤེས་ཐུབ། མ་ཟད་སྙན་ངག་ཏུ་བརྩི་པའི་རང་གི་ཉག་ཉོག་དེ་ཚོ་སྒེར་འཚོའི་དྲ་ལམ་དུ་བཏང་རྗེས་རྩོམ་པ་པོར་རློམ་པའམ་ལབ་རྒྱག་སྤྱད་བྱེད་པ། སེམས་བདེ་མགྲོན་ཁང་ལས་ཀྱང་བདེ་བའི་མལ་ཁྲི་དེའི་ཐོག་ཁ་བདེ་མོ་སྟོད་ལ་གདངས་ཏེ་ལྕེ་མཉེན་མོ་ཚུར་ལ་བསྲིངས་ཁུལ་གྱིས་རྩོམ་རིག་དང་མི་རིགས་གནད་དོན་ཨེན་ཙམ་གླེང་ཁུལ་བྱེད་པ་མཐོང་ཚོས་ནར་སོན་མེད་འདྲའི་སྣང་བ་ཅིག་ཅེར་བསྟེར་བ་གདོན་མི་ཟ། 
 “ད་ཆོག་གི་གཟས་ན།”ཚེ་རིང་དོན་འགྲུབ་ཁ་གྲགས་བྱུང་པ་དང་མཉམ་དུ་ཁོ་ཚོའི་དཀྱིལ་དབུས་ལ་ཐོན་བྱུང་། དགེ་རྒན་ཕག་རྡོས་ཅི་ཤེས། དེ་སྐྱག་པ་ལ་ཅིག སྲོལ་རྒྱུན་རྙིང་བའི་ཐུ་འོག་ན་ཨག་རིང་འདོན་པ་དང་གཅིག་འདྲ་རེད།དུས་རབས་བྲོས་ནས་ཚད་འདི་འདྲ་ཞིག་ལ་ཐོན་རུང་ད་དུང་བསང་ཕུད་ཚུལ་རྐྱང་རྐྱང་གི་ཉིན་གླ་ལེན་ལ་འབད་པ་གཅིག་པུ་རེད། གླེན་རྒན་འདིའི་རིགས་ཀྱི་འཆལ་གཏམ་ལ་མཉན་པ་ལས་དེང་རབས་རྒྱའི་རྩོམ་པ་པོ་ཡུའེ་ཅེ།ཝང་ལི་ཞུང་།ཕྱི་གླིང་གི་རྩོམ་རིག་གཞུང་ལུགས་དེའི་རིགས་ལ་ལྟོས་དང་བློ་སྐྱེད་ཟླ་འགྱུར་གྱི་སྟེར་བ་ངས་ཁག་ཐེག་བྱེད། 
  བཤད་ཚར་རྗེས་དེ་མུར་ན་ནིང་འབྲི་འཕྲོར་ལུས་ཡོད་པའི་འབྲི་དེབ་དེ་ལས་ཤོག་བུ་གཉིས་ཧྲག་སེ་གཤགས་ཏེ་ཆབ་ཁང་ནང་བུད་སོང་།
  དེ་རིང་ཉིན་གང་བོར་ཟ་མ་ཐུན་གཅིག་མ་ཟོས་ལན་ཆགས་འདི་གང་ནས་འོངས། ཁོས་འདི་ལྟར་ཆིག་ལབ་ཞིག་བྱེད་ཞོར་དཀར་ལ་གྲ་དག་པའི་ཆབ་ཁང་ནང་བརྟན་པོ་ཞིག་བཙོགས་ཏེ་ན་ཟུག་དང་དཀའ་ལས་ཏིལ་འབྲུ་ཙམ་མྱོང་མ་དགོས་པར་ལྷོད་ཀྱིས་བཏང་ཚར། ཕྱིར་མལ་ཁང་ནང་ལོག་དུས་མལ་གྲོགས་ཚོས་ད་རུང་ཡང་ད་ནངས་དགེ་རྒན་ཕག་རྡོས་སློབ་ཁྲིད་ཐད་ལྟ་བ་གང་ཡོད་བཏོན་དེ་ཁ་རྩོད་རྒྱག་གི་ཡོད་པས་སུན་སྣང་ཞིག་གི་ཁོ་རང་སྒོ་ཁར་དེད།
  སོལ་རླངས་ཀྱི་དྲི་མ་ཞིག་ཕྱི་རོལ་རླུང་གིས་དེད་དེ་དྲ་ཁར་སླེབས་པ་དང་མཉམ་དུ་ཚེ་རིང་དོན་འགྲུབ་ད་སོ་མར་གཉིད་ལས་སད་པ་ལྟར་སློབ་ཆེན་ནས་རང་ཉིད་ལོ་ངོ་གསུམ་ཏག་ཏག་འགོར་ཡོད་པ་ཚོར། མི་འགྱངས་པར་སྤྱི་ཚོགས་ཟེར་བའི་འགྲན་རྩོད་ཁྲོམ་ར་ཞིག་ལ་འགྲོ་དགོས་སྟབས་གང་ཡིན་མ་ཤེས་པའི་ཚོར་བ་ཞིག་གིས་ཁོ་རང་འདར་འདར་བྱས། ཚེ་རིང་དོན་འགྲུབ་ཀྱི་ཁ་པར་གྲགས་ཀྱིན་འདུག
  ཝེ།ཨ་མ།ཨིན།ཨིན་ཨིན།ཡ་ཡ།ཡ།འོ་ན་ད་བདེ་མོ།ཚེ་རིང་དོན་འགྲུབ་ཀྱིས་འདི་ལྟར་སྐབས་རེར་མགོ་བོ་ནང་དུ་འགུག་ལ་སྐབས་རེར་རྐང་བ་གཡུག་གཡུག་བྱེད་ཞོར་བྱིས་པ་བསམ་མེད་ཞིག་གིས་རང་སྐྱོན་ངོས་ལེན་བྱེད་པ་དང་ཡང་འདྲ། ཁོས་མི་འདོད་བཙན་གྱིས་གོམ་ཁ་ཡང་བསྐྱར་མལ་ཁང་རུ་བསྒྱུར་ཏེ་དཔེ་ཆ་ཞིག་མཆན་འོག་ལ་བཙིར་ནས་སློབ་གྲྭའི་ཁོར་ཡུག་ལས་རང་ཉིད་ལ་དབང་བའི་ས་ལྷག་ཅིག་བཙལ་དུ་སོང་།  
  དགུན་གྱི་འཁྱགས་རླུང་འདི་ལྟར་ས་གཞིའི་ཁྱོན་ལ་གཡུགས་བྱུང་བས་སྨག་རུམ་ཁྲོད་ཀྱི་སྡོང་ལོའི་ཡིབ་ན་སྙིང་གཏམ་དང་འོ་མཆུ་ཟུང་སྦྱོར་བའི་དགའ་རོགས་དེ་ཚོ་ཆར་ཤུལ་གྱི་ས་རྡུལ་ནང་བཞིན་གང་ཞིག་ལ་བུད་སོང་། སང་ཉིན་གཟའ་ཉི་མ་ཡིན་པས་ངས་ཉི་མ་ལྷ་མོ་སུ་ཞིག་ཁྲིད་ནས་ཟིང་ཟིང་གྲོང་ཁྱེར་འདིའི་སྐྱིད་སྐྱིད་ལ་ཆགས་འགྲོ མ་ཎི་ཁང་སྒོ་འགྲམ་གྱི་ལོ་ལོན་དེ་ཚོས་ཕྲེང་བ་སྟོང་བ་འདྲེན་ཞོར་སུ་ཚང་གི་མནའ་མ་གཉེན་འཐོར་བརྒྱབ་པ་དང་སུ་ཚང་གི་བུས་ཕ་མ་ཁྲིད་དེ་ཉི་མ་ལྷ་སར་མཇལ་སྐོར་སོང་བའི་ཐེ་ཚོམ་གྱི་དྲི་གཞི་མང་པོ་ཞིག་གིས་ཁོ་རང་གར་འགྲོ་འདིར་འདུག་མེད་པར་སླར་ཡང་རླངས་འཁོར་གྱི་དུང་སྒྲའི་དབུས་ན་འབོར་གྱིན་པ་ཚོར་ལ་རྒས་ཀྱིན་པ་རྟོགས།
  འོ་རེད་ཡ།ངས་ཁྱེད་རྣམས་པར་ཚེ་རིང་དོན་འགྲུབ་མཚམས་སྦྱོར་བཤད་རྒྱུ་བརྗེད་འདུག ཁོ་ནི་མཚོ་སྔོན་བྲག་ནག་སྡེ་བ་ནས་ཡོངས་ལ་མཐོ་འབྲིང་ལོ་རིམ་གཉིས་པའི་སྐབས་སུ་ཕ་དྲིན་ཆེན་ནད་ལས་མ་ཐར་བར་ཚེ་ལས་འདས།ཡིན་ཡང་།ཨ་མ་མཚོ་སྐྱིད་ཀྱིས་དུས་རྒྱུན་གྱི་ཁ་ཏ་སློབ་གསོ་དང་ཚེ་རིང་དོན་འགྲུབ་རང་ཉིད་ཀྱི་ཧུར་བརྩོན་འོག་སློབ་ཆེན་འགྲིམས་པའི་སྐལ་བ་ལྡན་སོང་ལ་སྦྱང་འབྲས་ལེགས་པས་བྱ་དགའ་ཆེ་མ་ཆུང་གསུམ་རག་མྱོང་བ་མ་ཟད། ཐེངས་དགུ་བའི་སློབ་ཆེན་སློབ་མའི་རྩོམ་རིག་འགྲན་སྡུར་ཁྲོད་ཨང་དང་པོའི་རྟགས་མ་ཡང་བླངས་མྱོང་།འོན་ཀྱང་།གནའ་མིའི་བོད་ཀྱི་ཁ་དཔེར་“ཆུང་དུས་བོང་ཕྲུག་དྲེལ་ལ་འདྲ།།རྒས་གྱིན་རྒས་གྱིན་མ་ལ་འདྲ།།”ཚེ་རིང་དོན་འགྲུབ་སྒྲོན་ཡག་ལ་འགྲོགས་པ་ནས་བཟུང་ཟས་གང་བཟང།གོས་གང་ཡག་གོམ་རྒྱུར་དགའ་བ་ཞིག་ལ་གྱུར་ནས་ཟླ་ངོ་གཅིག་ལ་སློབ་ཁྲིད་ལ་མི་ཡོང་བའི་དུས་ཀྱང་ཡོད།  
  སྤྱིར་མིའི་ནང་སེམས་ཀྱི་འཚོ་བ་ལྷག་པར་རིན་ཐང་ལྟ་ཚུལ་སོགས་ནི་ཕྱིའི་ཤ་མིག་ལས་མི་མཐོང་བ་བདེན་ཡང་།འོན་ཏེ་ཡོད་ཚད་གདོང་གི་ཤ་པགས་གཅིག་པུའི་ཐག་གཅོད་རྒྱག་པའི་ཕོ་མོ་ཟུང་གི་བརྩེ་དུང་དེར་རྒྱ་མི་ཕོ་སྒོ་ཅན་ཞིག་གིས་དཔུང་འཇུག་བྱས་ནས་སྒྲོན་ཡག་བདུད་ཡུལ་ལ་ཁྱེར་པའི་ལོ་ཟླ་དེ་ནས་བཟུང་། ཚེ་རིང་དོན་འགྲུབ་ལན་མང་པོར་གེ་སར་རྒྱལ་བོ་ཇི་བཞིན་ཡར་རྒྱུགས་མར་རྒྱུགས་བྱས་ཀྱང་ཁོ་མོའི་སེམས་དེ་རྣོ་ལྕགས་ཀྱིས་གྲུབ་ཚར་བས་རང་སེམས་མི་ཤི་ཀ་མེད་གྱུར། བརྩེ་དུང་གི་དབུས་ལམ་ནས་མི་ཞིག་བརྗེད་དགོས་ན་མི་གཞན་ཞིག་གིས་ཚབ་བྱེད་དགོས་མོད།ཚེ་རིང་དོན་འགྲུབ་ཀྱིས་སྒྲོན་ཡག་གཞན་གྱི་སྙིང་སྡུག་ལ་གྱུར་བ་དང་རང་ཉིད་གཏིང་བརྗེད་དུ་གྱུར་ཚར་བ་རེ་རེར་འདང་ཞིབ་མོ་བརྒྱབ་རྗེས་ཐ་མག་རྐང་གཅིག་ལ་མེ་སྦར།
  དུས་ཚོད་ནི་དབྱར་ཟླ་དྲུག་པའི་མགོ་མ་ཡིན་ལ་ཚེ་རིང་དོན་འགྲུབ་དང་སྒྲོན་ཡག་གཉིས་གྲོང་ཁྱེར་འདི་གའི་རྒྱ་མི་དེ་ཚོ་དང་འདྲ་བར་སྐབས་རེར་དོག་ལ་སྐབས་རེར་ཡངས་པའི་རྒྱ་ལམ་འགྲམ་ན་ལག་པས་ལག་པར་འཇུས་ཏེ། སྒྲོན་ཡག་སྐབས་འགར་ཚེ་རིང་དོན་འགྲུབ་ཀྱིས་སྐེ་ལ་འཐམས་པ། སྐབས་རེར་རྐང་བ་གཡུགས་པ། སྐབས་རེར་གཅེས་ལངས་ལ་བཏང་བའི་བྱིས་པ་ཞིག་དང་འདྲ་བར་ཚོང་ཁང་ཆེན་ཆུན་ནང་བཤམས་པའི་ལྭ་བ་དེ་དག་མཛུབ་མོས་བསྟན་དེ་འདི་དགོས་དང་གན་མཁོ་ཞེས་ཚེ་རིང་དོན་འགྲུབ་ལ་བུ་མོ་གཞན་པ་དེ་ཚོ་ལས་མི་འདྲ་བའི་དགའ་སྣང་སྦྱིན་འོངས། ཉི་མ་ནི་ཤར་ནས་ཤར་ཏེ་ནུབ་ནས་ནུབ་འགྲོ་བ་ཆོས་ཉིད་ཡིན་ཡང་རང་ཉིད་ཆེས་དགའ་སའི་མི་དེར་འགྲོགས་པའི་ཉིན་གཅིག་ཡང་སྐད་ཅིག་མའི་དུས་བསྐལ་ཡིན་པས་ཚེ་གང་བོར་སྒྲོན་ཡག་དང་མཉམ་སྡུག་མཉམ་སྐྱིད་བྱེད་ཐུབ་སོང་ཚེ་དཀའ་ལས་འོ་བརྒྱལ་ཅི་འདྲར་ཐུགས་ཡང་མི་སྐྲག་ཞེས་ཁོས་དུས་རྒྱུན་སྒྲོན་ཡག་ལ་མལ་སའི་ནང་བཤད་མྱོང་། འོན་ཀྱང་“ལས་བསམ་སར་མི་འགྲོ་གསེག་སར་འགྲོ”་ཟེར་བ་ལྟར། སྤྱི་ཚོགས་ཀྱི་མཐོང་ཆུང་མིག་གིས་འགྲོ་མི་ཀུན་ལ་ཉམ་ཆུང་གི་བལྟ་ཞིང་ལན་རེར་མཆི་ཞགས་འཕེན།ལན་རེར་སྣ་མི་འདྲ་བའི་རྨ་འབྱིན་ཚད་མཐོ་བ་བྱས་ཙང་སློབ་ཆེན་སློབ་མས་ད་རུང་སློབ་གྲྭའི་གྲུ་ག་གང་ཡིན་ནས་མི་རིགས་སློབ་གསོ་དང་མི་གཞི་རྩིས་ཐང་གླེང་ཁུལ་གྱིས་རང་ཉིད་སྤྱི་ཚོགས་ནང་ཚབ་འཇུག་བྱས་ཡོད་སྙམ།
  འཇམ་དབྱངས་དགེ་ལེགས། འཇམ་དབྱངས་དགེ་ལེགས། ཝེ། ཝེ།   འོ།  ཅི་ཞིག་རེད།  མཛའ་སྒྲོན་གྱི་ཁོལ་ཁོལ་ལས་ཡི་གེ་ལུང་བ་གང་བསྐུར་ཐལ། ངས་ཚོད་དཔག་བྱས་པ་ལྟར་ན་གཏམ་བཟང་ཞིག་རེད།གསལ་བོར་མ་ཤེས་ཐལ་ཁྱོས་ང་ལ་ནང་དོན་བཤད་ན་ཨེ་ཆོག   ཐུབ་བསྟན་ཉི་མས་འཇམ་དབྱངས་དགེ་ལེགས་གཉིད་ལས་དཀྲོགས་ཡོངས་དུས་ཁོས་ད་གཟོད་འདི་ནི་ལོ་འགའི་སྔོན་གྱི་སློབ་ཆེན་གྱི་འཚོ་བ་མཐའ་དག་རྨི་ལམ་ལ་རྨིས་པ་རྟོགས་ལ། སློབ་གྲྭའི་ནང་བདེ་ལེགས་ངང་མཐར་ཕྱིན་མ་ཐུབ་པ་དེར་ཁ་གཡར་ནས་དགོན་པར་འཛུལ་ཡོད་ནའང་། ཤག་གྲོགས་ཐུབ་བསྟན་ཉི་མས་ཁོལ་ཁོལ་ལས་ལུའོ་ཏུའུ་རྫོང་གི་རྒྱ་མོ་ཞིག་ལ་ཁ་སློང་གི་ཡོད་པ་ཐམས་ཅད་ཡིད་ལ་དྲན་དེ་གཏིང་ནས་ཡི་ག་ལོག 
  དགོན་པའི་ཅོང་བརྡ་གྲགས་བྱུང་།ཐུབ་བསྟན་ཉི་མ་ལུག་ཁྱུ་ལ་རྒྱུགས་པའི་ཁྱི་སྡོམ་ཞིག་བདག་པོས་མེ་མདས་ཕོག་པ་ལྟར་ཕབ་གཞུང་ལས་འབྲུ་མི་གསལ་བའི་ཡིག་འབྲུ་ཁ་ཤས་སྡང་སྡིགས་མཛུབ་རྩེ་ནས་སྐྱུག་བྲོ་བ་ལྟར་གཏགས་རྗེས་ཏག་ཏག་མགོར་བསྐོན་ཡོད་པའི་ལུག་རྫིའི་ཞྭ་མོ་དང་སྟོད་ཀོར་རྣ་གཅུས་བྲེལ་འཚུབ་ངང་ཕུད། སྟོད་འགག་དམར་པོ་ཞིག་ཕྲག་ལ་འཕངས་ཏེ་གདང་མི་གསལ་བའི་སྐྱབས་འགྲོ་ཞིག་ཟློ་བཞིན་བུད་སོང་།ཤུལ་ཏུ་ལུས་པའི་འཇམ་དབྱངས་དགེ་ལེགས་ཆོས་ཚོགས་ལ་མ་སོང་བར་དགོན་པའི་རྒྱབ་རིའི་རྐང་ལམ་དེད་དེ་རྩེ་ལ་ཐོན། ཁ་མར་འཁོར་ཏེ་འབྲོང་རི་དགོན་ལ་ལྟ་དུས་མཚན་ཉིད་གྲྭ་ཚང་གི་ཐང་དཀྱིལ་ན་ངུར་སྨྲིག་མནབས་པའི་གྲྭ་མང་ཚོགས་ཀྱིས་ནམ་རྒྱུན་ལྟར་རྩོད་པ་འཕེན་པའི་སྐད་སྒྲ་དང་མཐེབ་སྒྲས་འགད་ལེབ་བྱེད་ལ། བན་ཕྲུག་པྲ་ཚགས་སྐོར་ཞིག་གིས་ཀྱང་རྐང་བ་ས་ལ་བརྡབས་ཞོར་ལག་པ་མཁའ་ལ་འཁྱེར་བ་མཐོང་ །གོད་ཆག་ཞིག་ལ་འཇམ་དབྱངས་དགེ་ལེགས་ཤི་སོང་ཚུལ་དང་འདྲེ་རུ་སྐྱེས་ཡོད་ཚུལ། ལ་ལས་མིང་མགོ་སྒྲོན་ཟེར་བའི་བུ་མོ་ཞིག་གི་ཆེད་དུ་ས་གང་ན་སྐོང་ཡོད་ཚུལ་བདེན་ཅོག་ཅོག་གིས་ལབ་གླེང་བྱེད་པ་ནི་ཉིན་གསུམ་རྗེས་ཀྱི་དོན་དག་རེད། འོན་ཏེ་འགྲེལ་བཤད་བྱེད་དཀའ་བ་ཞིག་ལ་སུའི་ཀྱང་བེམ་པོ་མཐོང་མ་སོང་བ་རེད་ལ་སྒྲོན་ཡག་གང་ན་ཡོད་པའང་མ་ཤེས་པ་དེ་རེད།
                                                                        
                                      2015/3/23 01:00:56

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇམ་དབྱངས་དགེ་ལེགས།

2015-10-10 གཙགས་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།