གོམ་སྒྲ།

བོན་སྐོར་དོན་གྲུབ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-21

  མུན་རུབ་ལ་ཉེ།      
  ཁེར་རྐྱང་གིས་འགྱིང་བའི་རི་རྒྱུད་ཅིག་གི་ཕ་རོལ་ཏུ་འཐེན་འདུག་པའི་ནག་རོག་རོག་གི་གཞུང་ལམ་སྟེང་དུ།སྲོད་ཀྱི་ཉི་ཟེར་ཕྲ་མོ་ཞིག་འགུལ་བ་མེད་པར་འཕྲོས་འདུག་ཅིང་།    ལམ་འགྲམ་གྱི་རྩྭ་སྐྱའི་གསེབ་དུ་རླུང་བུ་གྲང་མོ་རེ་ཤུགས་ཀྱིས་ལྡང་བས།གཞུང་ལམ་སྟེང་གི་ཉི་ཟེར་དང་མཁའ་དབུགས་ཀྱི་ཁྲོད་དུ་འཇགས་པའི་དུས་ཚོད་ཀྱང་མགྱོགས་མྱུར་གྱིས་མུན་པའི་ཕྱོགས་སུ་རྒྱུགས།
  ཏག་ཏག་རི་རྒྱུད་འགབ་ཀྱི་གཞུང་ལམ་སྟེང་གི་མི་དེའི་དྲད་མ་དྲུད་ཀྱི་གོམ་སྒྲས་ས་མཐོའི་རི་གྲོང་འདི་རུ་ས་སྲོད་ཀྱི་མུན་པ་བསུས་བྱུང་།དེ་དང་བསྟུན་ནས་འཇིག་རྟེན་ཡང་མུན་པ་དང་ཁུ་སིམ་གྱི་གས་སྲུབས་སུ་ཉུལ་སོང་།
  ཡིན་ནའང་།གཞུང་ལམ་གྱི་སྟེང་ནས་གོམ་སྒྲ་དེ་མཚམས་མི་ཆད་པར་མཆེད་འོང་།མུན་པའི་འཐབ་ར་བརྒལ་ནས་རིའི་ཕ་རོལ་ཏུ་འགྲོ་བའི་ལམ་འགྲོ་བ་འདི་སུ་ཡིན་ནམ།ལམ་འགྲོ་བ་འདིའི་ལྗིད་ཏིག་ཏིག་གི་གོམ་སྒྲས་ཁུ་སིམ་གྱི་རི་གྲོང་འདི་ལ་གཏམ་རྒྱུད་ཅི་ཞིག་བརྩམ་ངེས་སམ།ཕམ་ཁ་དང་རེ་ཆད་ཀྱིས་བསྒྲགས་པའི་གོམ་སྒྲ་འདི་སུ་ཞིག་གི་ན་ཟུག་ཡིན་ནམ།
  “ཡིད་རྟོན་མི་འདུག་་་་་་ དོ་ནུབ་དངོས་གནས་ཁག་པོ་འདུག”རྒྱུན་མི་ཆད་པར་མཆེད་འོང་བའི་གོམ་སྒྲས་ཁེར་ལབ་དེར་རམ་འདེགས་གནང་གིན་འདུག   དེ་དང་བསྟུན་ནས་སྐྱ་ཧྲུལ་དུ་གྱུར་པའི་གདོང་དུ་རྔུལ་ནག་འཛར་ཞིང་། ལུས་བོངས་ཆེ་ལ་ལྟོ་བ་ཤིན་ཏུ་འབུར་བ།ངུར་སྨུག་གི་ལྭ་བའི་འདབ་ཁ་རུ་ལམ་འགྲམ་གྱི་རླུང་བུ་དེ་ཁྱི་ལྡོམ་བཞིན་ཉུལ་བས་ལྭ་འདབ་རླུང་གིས་འཕྱོ་ཙམ་འཕྱོ་ཙམ་བྱེད་པའི ་གཟུགས་རིས་ཤིག་ས་མཐོའི་རི་གྲོང་གི་མུན་པའི་ཁོང་ནས་དལ་བུར་འགུལ་ཞིང་།ཉམ་ཆུང་གི་གོམ་སྒྲས་མུན་པའི་གསེང་དུ་ནག་རོག་གེར་འདུག་པའི་གཞུང་ལམ་ཧྲིལ་བོར་གྲག་འགུལ་ཆུང་ངུ་རེ་བཟོས་བྱུང་།
  “ཡིད་རྟོན་མི་འདུག་་་་་་ དོ་ནུབ་དངོས་གནས་ཁག་པོ་འདུག  ལན་ཆགས་འདི་་་་”གཞུང་ལམ་འགྲམ་རྒྱུད་ཀྱི་རྩྭ་སྐྱའི་གསེབ་དུ་རླུང་བུ་གྲང་མོ་ཞིག་ལྡང་བྱུང་།གཞུང་ལམ་སྟེང་ནས་མུ་མཐུད་དུ་ཧྲག་སྒྲ་མཆེད་འོང་། སྐར་འོད་མག་མོག་ཅིག་འཕྲོས་པའི་ནམ་མཁའ་ནི་ཡུགས་ས་མ་ཞིག་གི་གདོང་ལྟར་མཐིང་རོག་གེར་འདུག“ཤུ། ལན་ཆགས་འདི།སྐྱེ་བ་སྔ་རོལ་གྱི་བུ་ལོན་ཞིག་ཨེ་ཡིན་ནམ། ་་་་་་་་་་་་་་་ ད་ལྟ་སུ་ལའང་ཡིད་རྟོན་མི་འདུག་་་་་་”ལག་པར་ཐོགས་པའི་ཕྱག་ཕྲེང་དེ་ཤེད་ཀྱིས་དེད་ཅིང་།གཅིག་རྒྱུན་གཅིག་གིས་འདེད་པའི་ཕྲེང་རྡོག་རེ་རེ་ནི་འཁོར་བའི་སྐྱིད་སྡུག་གི་ས་ཚིགས་རེ་རེ་མིན་ནམ་སྙམ་ནས་དངན་པ་ཞིག་འཐེན།
སྨག་ནག་གི་སྲུབས་སུ་འཚང་བའི་སྟོང་འཇགས་ཀྱིས་མི་སེམས་ཀྱི་རྨ་ཁ་སྒུལ་ཡོང་།
  “བློ་བཟང་དབང་མོ། གྲོང་ཁྱེར་ནས་སེམས་ཆུང་བྱོས།”རྒས་གཉེར་བབས་པའི་མཆུ་སྒྲོས་དེ་ལས་དེ་ལྟར་མཆེད་པའི་སྐད་ཆ་ཞིག་ལམ་འགྲོ་བའི་ཕྱིར་དྲན་གྱི་བྲག་ཅར་འཁོར་བྱུང་།ཧྲག་ཧྲག་གི་གོམ་སྒྲས་ནག་རོག་རོག་གི་གཞུང་ལམ་སྒང་དུ་སྐྱོ་གདུང་གི་དབྱངས་རྟ་ཞིག་དཀྲོལ་ནའང་།མཚན་ཁྲོད་ཀྱི་ཡོད་ཚད་གཉིད་དུ་ཡུར་བ་དང་མཚུངས།ཡོད་ཚད་གཉིད་དུ་ཡུར་བའི་མཚན་མོར།ད་གཟོད་འཇིག་རྟེན་ཀྱང་དགའ་སྐྱོ་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་ཞུགས་ཡོད་པ་མིན་ནམ།མཚན་སྨག་གི་ཁྲོད་དུ།གོམ་སྒྲར་ངོ་སོ་བསྟོད་མཁན་མ་བྱུང་ལ་འཕྱ་དམོད་གནང་མཁན་ཡང་ཐོབ་མ་སོང་བས་ཡིན་པ་འདྲ།གོམ་སྒྲ་དེ་སྔར་བཞིན་ས་མཐོའི་རི་གྲོང་གི་གཞུང་ལམ་ལས་མཆེད་དེ་སྨག་ནག་གི་རུམ་ཁོང་ཞིག་ལ་ཟུག་སོང་།
  “ཁྱོད་འཇིག་རྟེན་འདིར་མ་འབྱོན་ན་རེད།ཁྱོད་འཇིག་རྟེན་འདིར་འབྱོན་དགོས་སོང་བ་ནི་བཙན་དབང་གི་གདམ་ཀ་ཞིག་རེད། ལན་ཆགས་ཀྱི་འཁོར་དུ་སྐྱེས་དགོས་པའང་ཁྱོད་ཉིད་རེད།ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཅིག་གི་ལས་དབང་ལ་སུ་ཡིས་སྙིང་རྗེ་སྒོམ་ཨང་།”གོམ་སྒྲས་དཀྲོགས་པའི་ལྷིང་འཇགས་ཀྱི་ཁྲོད་ནས་དེ་འདྲའི་ཁེར་ལབ་ཅིག་སླར་ཡང་མཆེད་འོང་།
  “བློ་བཟང་དབང་མོ།གྲོང་ཁྱེར་ནས་སེམས་ཆུང་བྱོས།”དོ་ནུབ་གོམ་སྒྲ་སྒྲོག་མཁན་གྱི་ལམ་འགྲོ་བའི་ཡིད་དུ་སྐད་ཆ་དེ་སླར་ཡང་དྲན་བྱུང་།“ངོ་མ་སེམས་ཆུང་བྱས་ཡོད་ཚེ་འཕྱི་མེད།གལ་ཏེ་ཁོ་ལ་ཡིད་ཆེས་བྱས་མེད་པ་ཡིན་ན། ལན་ཆགས་འདི་ང་ལ་་་་་་་ངོ་མ་ཉེས་པ་རེད།ཉེས་པ་རེད།”ལམ་འགྲོ་བས་གདོང་དུ་འགྱོད་གདུང་གི་ཉམས་ཤིག་དབང་མེད་དུ་ལྡང་ནས་དེ་ལྟར་ཁེར་ལབ་བྱས་བྱུང་།
  མུན་རུབ་ནས་ཅུང་ཙམ་ཕྱིན་སོང་།ལམ་འགྲམ་གྱི་རྩྭ་སྐྱའི་གསེབ་ཏུ་བསྐུངས་པའི་གྲང་རླུང་དང་མུན་པ་མཉམ་དུ་ལྡང་བས།རི་གྲོང་གིས་འཚོས་པའི་འབྲོག་ཐང་ལའང་གྲང་འདར་འབྱུང་གིན་འདུག སློག་པ་གྱོན་ཏེ་ལུག་ཁྱུ་སྲུང་ལ།སྐྲ་ལོར་ཚི་དྲེག་གི་འཇིལ་ལི་ཆགས་ཀྱང་དོ་སྣང་མི་བྱེད་པའི་འབྲོག་པའི་ཕོ་གསར་དེ་མུན་པའི་ཁྲོད་དུ་འབྲོག་མོ་གཞན་ཞིག་ཆུང་མར་འཚོལ་དུ་ཕྱིན་པས། ཕོ་གསར་དེ་སོང་ཤུལ་གྱི་འབྲོག་མོ་དེའི་རུམ་ལའང་གྲང་ངར་ལྡང་གིན་འདུག ཡིན་ཀྱང་མོས་ཀུ་ཤུ་ལྟར་དམར་པོའི་མཁུར་ཚོས་སུ་མིག་ཆུ་དྭངས་མོ་རེ་དྲུད་ནས་སང་ཉིན་གྱི་ལ་གཞས་ཤིག་ལ།མདང་ནུབ་ཀྱི་རྨི་ལམ་བསྐུར་ནས་འཚོ་བ་རོལ་དགོས་བསམ་པ་ལས།གསེར་ཏོག་གི་བཀྲག་མདངས་འཚེར་བའི་བཙུན་པའི་དགོན་དུ་འབྲོ་རྒྱུ་ཡིད་ལ་དྲན་གྱི་མི་འདུག དེ་ནི་མ་མཐའ་ཡང་གཞུང་ལམ་སྟེང་གི་ལམ་འགྲོ་བ་འདིའི་ལས་དབང་དང་ལྡོག་འདུག་ནའང་ཐང་།
  གཞུང་ལམ་གྱི་ཁུག་སོ་ཞིག་ནས་གོམ་སྒྲ་དེ་སླར་ཡང་ཇེ་གསལ་ཏུ་འགྱུར་ཡོང་།གོམ་སྒྲའི་ཁྲོད་དུ་ཡིད་ཆད་ཀྱི་ཧྲག་སྒྲ་ཞིག་འདྲེས་ནས་ས་མཐོའི་རི་གྲོང་དུ་མཆེད་བྱུང་།ས་མཐོའི་རི་གྲོང་ནི་སྨག་ནག་གིས་གཡོགས་པའི་ཕ་བོང་ཞིག་དང་འདྲ་ལ། འགུལ་བ་མེད་ཅིང་འགྱུར་བ་མེད་པའི་བརྟག་བརྟན་གྱི་རི་གྲོང་གི་ཡོད་ཚད་ཕ་བོང་ཞིག་དང་འདྲ་བྱུང་།
  “ཉེས་པའི་དྲེག་པ་ལན་ཆགས་ཀྱི་སླ་ངར་གྲུབ།དགེ་བའི་འོ་སྤྲི་ཁྲག་ནག་གི་གཏིང་དུ་ནུབ།ད་ལྟ་རྒྱུ་འབྲས་ཀྱི་རྒྱ་མ་ཡོ་འདུག  དངོས་གནས་སུ་ལའང་ཡིད་རྟོན་མི་འདུག ”ལམ་འགྲོ་བས་ཕྱག་ཕྲེང་ཤེད་ཀྱིས་འདེད་ཅིང་།ཁེར་ལབ་ཀྱིས་མུན་པའི་ཁུད་དུ་ཕམ་ཁ་བསྐྱིལ་སོང་།
  “ཤུ། དོ་ནུབ་གཞུང་ལམ་འདིའི་སྟེང་དུ་ལམ་འགྲོ་བ་གཞན་མེད་པ་ནི་དངོས་གནས་སྟབས་ལེགས་པ་ལ་ཨང་།”ད་ནི་ངུར་སྨུག་གི་ལྭ་བ་རླུང་གིས་བསྐྱོད་པའི་ལམ་འགྲོ་བའི་གོམ་སྒྲ་རི་རྐེད་ཀྱི་གྱ་གྱུའི་གཞུང་ལམ་ལས་མཆེད་འོང་།ནག་ཏིག་ཏིག་གི་སྨག་ཆེན་ཀློང་དུ།གོམ་སྒྲ་དང་ཁེར་ལབ་རེས་སུ་མཆེད།ས་རུབ་ནས་ཡུན་རིང་ཕྱིན་ནའང་།གཞུང་ལམ་ལས་སྔར་བཞིན་གོམ་སྒྲ་དེ་མ་གཏོགས་ཅི་ཡང་གྲག་རྒྱུ་མ་བྱུང་།དེ་ནི་ས་མཐོའི་རི་གྲོང་ལ་སུ་ཡང་དུངས་པ་མེད་པས་ཡིན་ནམ།
  “གཏེར་རྡོ་འདྲུད་མཁན་གྱི་རླངས་འཁོར་ཞིག་ཀྱང་མི་འགྲོ་བ་ནི་དངོས་གནས་དོ་ནུབ་ང་ལ་གཞི་བདག་གིས་མགོན་སྐྱབས་གནང་གིན་འདུག་པ་མིན་ནམ།”ལམ་འགྲོ་བས་སྒྲོལ་མ་བཏོན་བྱུང་།དེ་ནི་ནམ་རྒྱུན་ལྟར་བག་ཕེབས་པ་ཞིག་མ་རེད།ཧྲག་ཧྲག་གི་གོམ་སྒྲའི་གསེང་ལ་བྲེལ་འཚུབ་ཅིག་ལངས་འདུག་པས།འདོན་པའང་བྲེལ་འཚུབ་ཀྱིས་བཏོན་བྱུང་།བར་ཆད་ཅི་ཞིག་བཟློག་པར་རེ་བའི་བསམ་པས་ས་མཐོའི་རི་གྲོང་གི་ལྷིང་འཇགས་དཀྲོལ་སོང་།  
    “ཨ་ནེ༼བཙུན་མར་འབོད་སྟངས་ཤིག   ལོ་ན་བགྲེས་གཞོན་ལ་ཁྱད་པར་མི་འབྱེད༽་ཇོ་མོ།ང་ནི་མཁར་གྲོང་འདི་རུ་བསྡད་ཡོད་པའི་བོད་པ་ཞིག་ཡིན།ངེད་ཚང་དུ་ཕེབས་རོགས་ཞུ།” རིང་ཐུང་དོ་མི་མཉམ་པའི་ཀོ་ལྭ་ནག་པོ་ཞིག་གྱོན་ཅིང་།མགུལ་དུ་གཟི་དང་མཆོང་གི་རྒྱན་ཆ་ཁུར་བའི་མི་དེས་མོ་ལ་དེ་ལྟར་བཤད་ཅིང་།གྲ་ཆག་གྲུ་ཉམས་སུ་མ་གྱུར་པའི་མིག་ཟུང་ལས་འོད་མོག་ཅིག་སྤྲོས་བྱུང་།མི་ལོ་བཅོ་ལྔའི་རིང་ལ་ཕྱི་རོལ་གྱི་མཁར་གྲོང་རིག་མ་མྱོང་བའི་ཨ་ནེ་ཇོ་མོས་ཞལ་འཛུམ་འཛུམ་གྱིས་འཇིག་རྟེན་ནི་དགེ་བར་འབད་འབུངས་བྱེད་འོས་པའི་བསྟི་གནས་ཤིག་ཡིན་པས།གང་དུ་མཆིས་པར་དཀའ་བའི་བླ་ན་མཐོ་བའི་འཛུམ་པའི་སྦྱིན་པ་གཏོང་མཁན་འདི་ཡི་རེ་བ་བསྐང་ནུས་ན་བཙུན་མ་བདག་གི་བསོད་ནམས་ཅིས་མ་ཡིན་སྙམ་ནས་བབས་ཆགས་ཀྱི་ཉམས་ཤིག་དང་བཅས་“ལེགས་སོ།”ཞུས།
  ལམ་འགྲོ་བའི་དྲན་པའི་གཏིང་དུ་སྐད་ཆ་དེ་དག་འཁོར་བྱུང་། གཞུང་ལམ་སྟེང་གི་གོམ་སྒྲ་དེ་ཇེ་མགྱོགས་སུ་གྱུར་ཅིང་།གང་གིས་བསྐྱེད་པ་མི་ཤེས་པའི་ཞེ་སྡང་གི་རྩལ་ཤུགས་ཤིག་ཀྱང་རྫོགས་འདུག “ཡིད་རྟོན་མི་འདུག ཉེས་པ་རེད།ཕྱི་མར་དམྱལ་བར་ལྷུང་སའང་འོས་འཚམ་ཞིག་ཡོད་མི་སྲིད།”རི་རྐེད་དུ་གྱ་གྱུར་འཁྱུག་པའི་གཞུང་ལམ་ལས་མུན་ནག་གིས་ལམ་འགྲོ་བའི་ཁེར་ལབ་ཁུར་ཡོང་།
  “བློ་བཟང་དབང་མོ། མཁར་གྲོང་ནས་སེམས་ཆུང་བྱོས།ཚུལ་འཆོས་ཀྱི་སྤོས་ངད་ལྡང་བའི་མཁར་གྲོང་དུ་རྒྱུས་མེད་ལ་ཡིད་རྟོན་མི་རུང་།”གསེར་ཏོག་གི་བཀྲག་མདངས་འཚེར་བའི་དགོན་ཆུང་དེ་ནས་ཨ་ནེ་ཐུབ་བསྟན་དབང་མོས་མོ་འགྲོ་ཁར་དེ་ལྟར་བསྙད་མྱོང་།ཁོང་མོའི་རྒས་གཉེར་བབས་པའི་མཆུ་སྒྲོས་ལས་མཆེད་པའི་སྐད་ཆ་དེ་དག་དོ་ནུབ་གཞུང་ལམ་འདིའི་སྟེང་གི་ལམ་འགྲོ་བའི་ཡིད་དུ་དྲན་ཚེ་དཔྲལ་བ་རུ་རྔུལ་ནག་འཛག་གིན་འདུག
  ལོ་བཅོ་ལྔའི་ཡར་སྔོན་ཞིག་ལ།ཚེ་སྐྱིད་ཟེར་བའི་འབྲོག་མོ་ཞིག་གིས་དོ་ནུབ་ཀྱི་གཞུང་ལམ་འདི་དེད་ནས་བྲོས་མོར་བྲོས་ཏེ་རབ་ཏུ་བྱུང་།དུས་དེ་ནས་བཟུང་།ཚེ་སྐྱིད་ཕྱིར་གཞུང་ལམ་འདིའི་ཉེ་སར་མ་ལོག་པར་ཡུན་རིང་ཕྱིན་ཡོད།
  སྐར་འོད་མག་མོག་འོག་གི་རི་རྒྱུད་ནི་སྨྲེང་བ་སྒོམ་པའི་མི་ཞིག་གི་ངོ་གདོང་ལྟར་ནག་རོག་གེར་འདུག།ནག་རོག་རོག་གི་རི་རྒྱུད་ངོས་ཀྱི་མུན་པ་ནི་གཞུང་ལམ་སྟེང་གི་ལམ་འགྲོ་བ་འདིའི་གོམ་པ་སྒུལ་བྱེད་ཀྱི་དབྱུག་པ་ཞིག་དང་འདྲ་བར་སྲ་ཞིང་མཁྲེགས།ཧྲག་ཧྲག་གི་གོམ་སྒྲ་དེ་སྲོད་ཀྱི་ཉི་ཐིག་དང་བསྡོངས་ནས་མཚན་གྱི་མུན་པར་འདྲེས་ཤིང་།མུན་པའི་བྲག་ཅ་རུ་སྤྲུལ་ནས་ས་མཐོའི་རི་གྲོང་བརྡུང་བྱུང་།“ཨ་ནེ་ཇོ་མོ། ངེད་ཚང་ནི་མཁར་གྲོང་འདིར་གནས་སྤར་མ་ཐག་པའི་ཁྱིམ་གསར་ཞིག་ཡིན་པས།དོ་ནུབ་ངེད་ཚང་ལ་འདོན་པ་རེ་གསུངས་ཏེ་ཞག་བཞུགས་གནང་བར་ཞུ།”དོ་ནུབ་གཞུང་ལམ་སྟེང་དུ་ཧྲག་ཧྲག་གི་གོམ་སྒྲ་སྒྲོག་པའི་ལམ་འགྲོ་བས་དོན་དེ་ལ་མུ་མཐུད་ནས་ཕྱིར་དྲན་བྱེད་དགོས་བྱུང་།ལམ་འགྲམ་གྱི་རྩྭ་སྐྱ་དང་ས་སྐྱའི་གསེང་ནས་གྲང་རླུང་ལྡང་འོང་།
  “ཨོཾ་རྗེ་བཙུན་མ་་་་་་་་་”“ཨ་ནེ་དབང་མོ། ཁྱེད་ཀ་ངོ་མ་ནམ་མཁའི་ལྷ་མོ་ཞིག་དང་འདྲ།ཚོགས་བསགས་སྒྲུབ་སྦྱངས་མཛད་པའི་མི་ལ་དངོས་གནས་སངས་རྒྱས་ཀྱིས་བདུད་རྩི་བསིལ་མས་ཁྲུས་གསོལ་མཛད་ཡོད་པ་འདྲ།སྐུ་མདངས་དཀར་ལ་འཇམ་མཉེན་རྫོགས་འདུག”དོ་ནུབ་ཀྱི་ལམ་འགྲོ་བས་ཡིད་དུ་སྐད་ཆ་དེ་དག་དྲན་ཚེ་ལམ་འགྲོ་བའི་གོམ་སྒྲར་རྨས་ཕོག་འདུག་པ་འདྲ།          ཡིན་ཀྱང་།  གཞུང་ལམ་སྟེང་གི་དོ་ནུབ་ཀྱི་གོམ་སྒྲས་མཚན་མོ་རྡུང་ཞིང་།མཚན་མོའི་ཨག་སྐད་གཞུང་ལམ་ལས་མཆེད་དེ་མུན་པའི་གསེང་ལ་ཟུག་སོང་།
  “ང་བཙུན་མ་ཞིག་ཡིན་པས།ཁྱོད་ཀྱིས་འདི་བྱེད་སྲོལ་གང་ན་ཡོད།ཆོས་ཀྱི་སྡོམ་ཁྲིམས་བཙན་པོ་ངའི་ལུས་ལ་བགོས་ཡོད།ཁྱོད་ལ་རྒྱུ་འབྲས་མེད་ཅིང་ཡིད་རྟོན་མི་འདུག  ངོ་ཚ་མི་འདུག  སྙིང་རྗེ་མི་འདུག ”
  “ད་ནི་འབྲོག་དམངས་མཁར་གྲོང་དུ་སྤར་ཡོད་པས།འབྲོག་པས་ཀྱང་མཁར་གྲོང་གི་ལུགས་སྲོལ་འཛིན་དགོས།ཡིད་འཕྲོག་ལྷ་མོ།ཚུར་ཕེབས་ཤོག     ངོ་ཚ་དགོས་པ་མ་རེད།མཁར་གྲོང་གི་མི་ལ་ངོ་ཚ་ཡོད་ཚེ་རྗེས་ལུས་ཐེབས་ངེས་ཡིན། རྒྱུ་འབྲས་ཟེར་བ་ཅི་རེད། གོན་པའི་ཁ་དོག་ཙམ་མི་འདྲ་བ་མ་གཏོགས་ང་ཚོ་ཚང་མ་འདྲ་འདྲ་ཡིན་ནི་རེད། དགའ་སྐྱོ་ཆགས་སྡང་མེད་པའི་མི་ཞིག་གང་དུ་ཡོད་དམ།  ” ཁ་ཤའི་ཟུར་དུ་ཆགས་མདངས་ཤིག་རྒྱས་འདུག་པའི་མི་དེས་དེ་ལྟར་བཤད་པ་དོ་ནུབ་ཀྱི་ལམ་འགྲོ་བའི་ཡིད་དུ་དྲན་བྱུང་།   གློ་བུར་དུ་གཞུང་ལམ་སྒང་གི་གོམ་སྒྲ་མཆེད་མཚམས་བཞག་སོང་།གྲང་རླུང་འུར་འུར་དུ་ལྡང་བས་ལམ་འགྲོ་བར་གྲང་འདར་བྱུང་གི་ཡོད་པས་ཡིན་ནམ།གཞུང་ལམ་སྒང་གི་གོམ་སྒྲ་གྲག་མ་བྱུང་།
  “ཤུ། ངས་ལྕོག་རྒྱུ་མིན་པ་འདྲ།         ཁྱོད་ནམ་ཡང་འཇིག་རྟེན་དུ་འབྱོན་པར་མི་འོས།ཕ་མེད་མ་མེད་དུ་འགྱུར་དགོས་པ་རེད།”བློ་བཟང་དབང་མོས་འགྱོད་གདུང་དང་ཁྲོ་བས་དེད་པའི་རླངས་པ་དྲོན་མོ་ཞིག་ཕྱིར་བཏང་ཞིང་།ལག་པས་འབུར་ནས་འགད་ལ་ཁད་ཅིག་བྱས་འདུག་པའི་ཕོ་བར་རེག་ཙམ་བྱས་ནས་དེ་ལྟར་བཤད།   འགད་ལ་ཁད་དུ་གྱུར་བའི་ཕོ་བར་ཟུག་གཟེར་ཞིག་ལྡང་བྱུང་།གོམ་སྒྲ་མཆེད་མཚམས་བཞག་ཀྱང་ཁེར་ལབ་ད་དུང་ཡང་རླུང་གིས་ཁུར་ཡོང་།ལམ་འགྲམ་གྱི་ཕ་བོང་ཞིག་ལ་ཁེན་ནས་འཕག་འཚག་བྱེད་ཀྱིན་པའི་མི་དེས་ཁ་ནས་ཨག་སྐད་དགུང་ལ་མཆེད་སོང་།ཨག་སྐད་དེ་དང་བསྡོངས་ནས་ཚེ་སྲོག་གི་ངུ་འབོད་ཞིག་ཀྱང་ས་མཐོའི་རི་གྲོང་གི་སྙིང་ཁར་ཟུག་སོང་།
  གཏེར་རྡོ་འདྲུད་མཁན་གྱི་རླངས་འཁོར་ཞིག་རི་རྩེའི་ཉག་ག་ནས་མངོན་བྱུང་།གློག་འོད་ཀྱིས་གཞུང་ལམ་ཧྲིལ་བོ་གསལ་གྱི་ལེར་བཏང་སོང་།“ལས་བཙོག་ན་སྐབས་འདིར་ཡོང་མི་དགོས་པའི་རླངས་འཁོར་ཞིག་སླེབས་བྱུང་།”ལམ་འགྲོ་བ་བློ་བཟང་དབང་མོས་དེ་ལྟར་ཁེར་ལབ་བྱས་ཤིང་།ལག་ཏུ་འཆང་བའི་འགྱིག་དཀར་གྱི་སྣོད་ཆུང་དེའང་དལ་བུར་ས་རུ་ཟགས་སོང་།
  “གུ་རུ་སི་ངྷཱི”འི་ཡིག་འབྲུ་འགའ་མདུན་ཤེལ་གྱི་གོང་རོལ་ཏུ་སྦྱར་བའི་རླངས་འཁོར་དེའི་ཁ་ལོ་བས།ཀོ་ལྭ་སེར་པོ་དེའི་གོང་བར་འགྲམ་པ་གླན་ཙམ་བྱས་རྗེས།སྙིང་རྗེ་ཆེན་པོའི་ཉམས་ཤིག་བསྟན་ཏེ།  སྐྲ་ལོར་མཚལ་རྩི་བསྐུས་པའི་གམ་གྱི་རྒྱ་མོ་དེར།ལམ་འགྲམ་གྱི་ཕ་བོང་ལ་ཁེན་ནས་གཉིད་འདུག་པའི་གྲྭ་ལྭ་༼གཟན་ཤུམ༽མནབས་པའི་མི་དེ་བསྟན་ནས།“འདི་ནི་ང་ཚོ་བོད་རིགས་ཀྱི་རབ་བྱུང་བ་ཟེར་བ་དེ་རེད།ལོ་འདི་ཚོར་ཁོང་ཚོས་བླ་རི་འགངས་ཆེན་ལ་ཕྱག་སྐོར་འཕུད་ཀྱི་ཡོད་པས།ཁོ་ཚོ་མཚན་མོ་ཡང་འདི་ལྟར་ཆུ་ཁ་ལམ་ཁ་གང་རུང་དུ་ཞག་བཞུགས་གནང་གི་ཡོད།”ཟེར་བཞིན་རླངས་འཁོར་བསྐོར་ནས་ཤུར་སེར་བུད་སོང་།རྒྱ་མོ་དེས་རླངས་འཁོར་གྱི་དྲ་མ་ལས་ལམ་འགྲམ་གྱི་བཙུན་མ་བློ་བཟང་དབང་མོར་ལྟ་འདོད་ཤིན་ཏུ་ཆེ་ནའང་།དྲ་མའི་ཕྱི་རོལ་མུན་པ་ཡིན་པས་བལྟས་ཀྱང་མཐོང་ཐབས་བྲལ་སོང་།
  ད་ནི་གཞུང་ལམ་སྟེང་གི་གོམ་སྒྲ་དེ་མཆེད་རྒྱུ་མེད་པར་དལ་ཅག་གེར་བུད་སོང་།མཚན་མོའི་མཁའ་དབྱིངས་ནས་སྐར་མདའ་ཞིག་འོད་འཚུབ་སེར་ལྟུང་ཡོང་ལ།དེ་ནི་འཇིག་རྟེན་ལ་འབྲེལ་བ་ཅི་ཡང་མེད་པ་འདྲ།སྐར་མདའ་དེ་ཅི་འདྲའི་མཐོ་ས་ནས་མར་ལྟུང་རུང་།བརྗིད་ཆགས་ཀྱི་གོམ་སྒྲ་གང་ཡང་ བསྒྲགས་མ་སོང་།ད་ནི་ནག་རོག་གེར་འདུག་པའི་གཞུང་ལམ་གྱི་འགྲམ་ནས་གོམ་སྒྲ་དང་ཁེར་ལབ་གང་ཡང་མཆེད་མ་བྱུང་།བསྲོན་ཐབས་བྲལ་བའི་ངུ་ཟུག་ཞིག་གིས་ས་མཐོ་ཆུ་གཙང་གི་མུན་པའི་རི་གྲོང་སྒུལ་བར་བྱས་ཤིང་།ཚེ་སྲོག་གི་ཨག་སྐད་གསར་བ་ཞིག་ཀྱང་མུན་པའི་ཁོང་གསེང་ནས་མཆེད་དེ་མུན་པའི་ཁོང་གསེང་ཞིག་ལ་འདྲེས་སོང་།བྱིས་པ་རློན་ནུ་ཞིག་གི་ངུ་སྐད་ཀྱིས་མཚན་སྨག་གི་གཏིང་རིམ་ནས་མཆེད་འོང་བའི་གོམ་སྒྲ་དང་ཁེར་ལབ་དེ་རྨང་ནས་མེད་པར་བྱས་ཤིང་།སྐྱ་རེངས་ཀྱི་སྒོ་གླེགས་བརྡུང་བའི་ཚེ་སྲོག་གི་ཨག་སྐད་དེས།རེ་ཞིག་རི་གྲོང་དང་རི་གྲོང་གི་གཞུང་ལམ་ལ་འདུ་འཛི་བསྣན་སོང་།

  ནམ་གསལ་སོང་།ས་མཐོའི་རི་གྲོང་ལ་ནམ་གསལ་སོང་།
  “ཨ་རོགས་ཚོ།བཙུན་མ་མ་བུ་ཞིག་རི་རྐེད་ཀྱི་གཞུང་ལམ་ཁ་རུ་གཤེགས་འདུག”
  “ཅི་ཟེར།བཙུན་མ་མ་བུ་ཟེར་བ་ཅི་རེད།སྨྱོ་བཤད་མ་བྱེད།”    
  “ཨ་ཙི།འདི་ཚེ་སྐྱིད་མིན་ནམ།”
  “་་་་་་་་་་་་་་་་་་་་་་་་་་་་་་་་་”
  ལོ་བཅོ་ལྔའི་ཡར་སྔོན་གྱི་བློ་བཟང་དབང་མོའི་མིང་ལ་ཚེ་སྐྱིད་ཟེར།དེ་དུས་འབྲོག་པའི་ཕོ་གསར་གཉིས་ཀྱི་རྩོད་གཞི་རུ་གྱུར་བའི་མོ་རང་།ཕོ་སར་དེ་གཉིས་ཀྱི་དམར་འཛིང་གི་རྗེས་སུ།སྡུག་ཡུས་གང་ཞིག་གིས་དེད་པས་མཁའ་འགྲོ་ཆོས་འཁོར་གླིང་ནས་རབ་ཏུ་བྱུང་སོང་།
  “ཚེ་སྐྱིད།ཨ་ཧོ།ལས་དབང་ལ་འགྲེལ་དཀའ་ནའང་།ཁྱོད་ཀྱིས་དུག་འཐུང་ནས་སྲོག་ཀྱང་དོར་བ་ཅི་ཞིག་གི་ཆེད་ཡིན།ཁྱོད་ཀྱིས་བྱིས་པ་འདིའི་་་་་་་་་”གདོང་དུ་མིག་ཆུ་དྲུད་པའི་མི་དེ་དག་གིས་ངུ་ཤུམ་བྱས་སོང་།
སེར་ལམ་ལམ་གྱི་ཉི་འོད་ནི་བཙུན་མ་བློ་བཟང་དབང་མོ་དང་།མོའི་ཕྲུ་གུ་དམར་འབྱར་དེའི་འདས་མཆོད་ལ་ཕེབས་པའི་བླ་མ་ཞིག་སྟེ།སྟོང་ཉིད་རྟོགས་པའི་བཏང་སྙོམས་པ་ཞིག་དང་འདྲ་བར་དགའ་སྡུག་གི་རྣམ་འགྱུར་ཅི་ཡང་མེད་པར་དྭངས་གཙང་གིས་འཕྲོས་བྱུང་།
རིའི་ཕ་རོལ་གྱི་རུ་སྡེ་དེར་འུར་ཟིང་གི་རླུང་བུ་ལྡང་སོང་།
  “ཚེ་སྐྱིད་ལོ་འདི་དག་གི་རིང་ལ་མཁའ་འགྲོ་ཆོས་འཁོར་གླིང་དུ་ཞུགས་ནས་ཆོས་སྒྲུབ་ཀྱི་ཡོད་པ་མིན་ནམ།འདི་ཅི་ཡིན།ད་དུང་ཕྲུ་གུ་ཞིག་ཀྱང་བཙས་སོང་།”
  “མོ་ལ་བཙན་གཡེམ་བྱས་སོང་།”
  “ཨ་ཙི།བཙུན་མར་བཙན་པོ་བྱེད་མཁན་ཡང་ཡོད་དམ།”
  “འདྲེ་ཞིག་ཡིན་རྒྱུ་རེད།”
  “་་་་་་་་་་་་་་་་་་་་་་་”
  གསེར་མདོག་གི་ཉི་འོད་ཁ་སང་གི་གཞུང་ལམ་སྟེང་དུ་འཕྲོས་འདུག  གཏེར་རྡོ་དྲུད་པའི་རླངས་འཁོར་རེ་འགས་ངུ་ཤུམ་ལྟ་བུའི་དུང་བརྡ་རེ་བསྒྲགས་ནས་ས་མཐོའི་རི་གྲོང་ནས་བཞུད་སོང་།
  མཚན་གྱི་ལམ་འགྲོ་བ་དེའི་མིང་ལ་བློ་བཟང་དབང་མོ་ཟེར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོམ་སྒྲ།

2015-10-21 བོན་སྐོར་དོན་གྲུབ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།