འདས་པའི་ལོ་ཟླ།

རྔ་རྟ་བྷོ།༼ མཚོ་ལྷོ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-11-03

              གཅིག

  དེ་རིང་ནི་གཟའ་ཉི་མ་རེད།གཟའ་ཉི་མའི་མལ་ཁང་ནི་བྱ་རྒོད་ཚོ་འཕུར་ཤུལ་གྱི་དུར་ཁྲོད་ཞིག་དང་འདྲ་བར་ཧ་ཅང་ལྷིང་འཇགས་སེ་འདུག་ལ།མལ་ཁང་ནང་དུ་འཛུལ་མ་ཐག་གཡས་ཕྱོགས་སུ་ཡོད་པའི་མལ་ཁྲི་དེ་ནི་བཀྲ་ཐོའི་མལ་ཁྲི་རེད།དེ་རིང་བཀྲ་ཐོ་ད་དུང་ཡང་རྨི་ལམ་གྱི་ཞིང་ཁམས་སུ་ཡུར་འདུག ང་ཚོས་རྒྱུན་དུ་གཉིད་ནས་བཟི་ལོག་སོང་ཟིག་ཞེས་པ་དེ་ཡང་དེ་རིང་གི་བཀྲ་ཐོའི་གཉིད་སྟངས་འདི་ལྟ་བུ་ཞིག་ལ་བཤད་པར་སྙམ།
                       
               གཉིས།

  བཀྲ་ཐོ་དང་ངེད་གཉིས་ཕལ་ཆེར་ལོ་ངོ་དྲུག་རིང་གི་སློབ་གྲོགས་ཡིན། ངེད་གཉིས་ཐོག་མར་ངོ་འཕྲད་དུས་དམའ་གཅིག་གི་སྐབས་རེད། དེ་དུས་ཁོ་རང་ང་ཚོ་དང་བསྡུར་ན་གཟུགས་པོ་རིང་ཞིང་ལུས་སྟོབས་ཅུང་ཆེ་བའི་གསར་བུ་ཞིག་རེད།ད་དུང་སྐབས་དེར་ཁོའི་སྐྲ་ལོ་ཡང་ཧ་ཅང་རིང་།ཡིན་ན་ཡང་།ཁོའི་སྐྲ་ལོ་དེ་གཟའ་འཁོར་གཅིག་མ་འགོར་གོང་འཛིན་བདག་གིས་དཔེ་མིག་ཞིག་ཁྱེར་ཡོང་ནས་འཇིགས་སྐུལ་འགའ་བྱས་རྗེས།ཁོ་ཡང་འུ་ཐུག་ནས་མི་བཞར་ཀ་མེད་བྱུང།དེ་དུས་ང་ལ་ཆེས་བག་ཆགས་ཟབ་པ་ནི་ང་ཚོས་འཛིན་བདག་གིས་ཁོ་རང་གི་མིང་དངོས་ནས་མི་འབོད་པར་འབྲོག་སྟུག་ཞེས་འབོད་པ་དེ་རེད།
  ཉིན་ཞིག ང་དང་ངའི་སློབ་གྲོགས་གསུམ་སློབ་ཁང་གི་ལས་རེས་ཡིན།སྐབས་དེར་ངས་འཛིན་དཔོན་ལ་ཚང་མ་སྒོར་འགྲོ་དགོས་པས་རེ་བ་བཏོན་དུས།འཛིན་དཔོན་གྱིས་ཀྱང་ངའི་རེ་བ་ལྟར་ཚང་མ་སྒོར་བདའ།སྐབས་དེར་བཀྲ་ཐོས་ཀྱང་ཆེས་མཐའ་མཇུག་གི་ཅོག་ཙེ་དེའི་འགྲམ་ན་ལས་བྱ་འབྲི་བཞིན་ཡོད། འཛིན་དཔོན་གྱིས་བཀྲ་ཐོ་ལ་གྱེར་ནས་འབྲོག་སྟུག་ཁྱོད་ཀྱང་སྒོར་སོང་ཟེར།
   འོན་ཀྱང་བཀྲ་ཐོས་མ་གོ་ཁལ་༼ཕལ་ཆེར༽བྱས་ནས་སྔར་བཞིན་མགོ་སྒུར་ནས་ལས་བྱ་བྲིས།དེ་ནས་འཛིན་དཔོན་བཀྲ་ཐོས་མདུན་ལ་སོང་ནས་ཡང་བསྐྱར་འབྲོག་སྟུག་ཁྱོད་ཀྱང་སྒོར་སོང་ཟེར།བཀྲ་ཐོ་ཡར་ལངས་ནས་ཅི་ཞིག་བཤད་རྩིས་ཡོད་དུས་འཛིན་བདག་ནང་ལ་སླེབས་བྱུང་།འཛིན་བདག་གིས་ཀྱང་འབྲོག་རྟུག་ཅི་བྱེད་གོ་ཟེར་བཞིན་བཀྲ་ཐོ་སློབ་ཁང་གི་སྒོར་ཕུད་སོང་།དེ་ནས་བཟུང་སློབ་གྲོགས་ཚང་མས་ཀྱང་ལྐོག་ཏུ་བཀྲ་ཐོའི་མིང་དངོས་ནས་མི་འབོད་པར་འབྲོག་སྟུག་ཞེས་འབོད་བཞིན་ཡོད།འོན་ཀྱང་བཀྲ་ཐོའི་ངོར་བལྟས་ནས་དེ་ལྟར་འབོད་ཐུབ་མཁན་གཅིག་ཀྱང་མ་བྱུང་།དེ་ནི་བཀྲ་ཐོ་དངོས་གནས་འབྲོག་སྟུག་ཞིག་ཡིན་པས་རེད།
དྲང་མོར་བཤད་ན་བཀྲ་ཐོ་ལ་འབྲོག་སྟུག་ཞེས་འབོད་པར་ང་གཏན་ནས་འཐད་མ་བྱུང་།རྒྱུན་དུ་སློབ་གྲོགས་ཚོས་ལྐོག་ཏུ་བཀྲ་ཐོ་ལ་འབྲོག་རྟུག་ཞེས་འབོད་དུས། ངའི་སྙིང་ལ་ཙག་ཤེད་ཅིག་རྒྱུགས་ཡོང་།ཐ་ན་འཛིན་བདག་གིས་སློབ་ཁྲིད་སྐབས་སུ་བཀྲ་ཐོ་ལ་འབྲོག་སྟུག་ཞེས་འབོད་དུས་ཀྱང་དེ་ལྟར་རེད།འོན་ཀྱང་བཀྲ་ཐོ་ལ་སྣང་དོགས་ཅི་ཡང་མེད་པ་འདྲ།
མ་གཞི་ནས་འུ་ཚོ་བོད་འདི་འབྲོག་པ་དང་རོང་བ་ཞེས་བཀར་བར་དགའ་ཞིང་།འབྲོག་པས་རོང་བ་ལ་རོང་རྒན་ཁ་སེར་དང་རོང་བས་འབྲོག་པ་ལ་འབྲོག་རྒན་ནག་རྟུག་ཞེས་ཕན་ཚུན་ལ་འཚང་མིང་རི་འདྲ་བ་ཞིག་བཏགས་ནས་ཅི་ཞིག་གི་ཡིད་འཚུམ་སོང་བ་བཞིན་འདུག་པ་ནི་ཇི་འདྲའི་ཀླེན་རྟགས་ཡ་མཚར་བ་ཞིག་རེད།
  གང་ལྟར་བཀྲ་ཐོ་ཞེས་པའི་སློབ་བུ་དེ་དེ་ནས་བཟུང་ངའི་སློབ་གྲོགས་སུ་གྱུར་སོང་།
                        
              གསུམ།

  ལོ་ཟླ་ནི་རྟ་ཕོ་མཐུར་མེད་ཅིག་གི་གོང་ཁ་ན་རྒྱུ་བའི་རྒན་པོ་སྨྲ་ར་ཅན་དེ་ཡིན་ལ།ཁྱོད་ཀྱིས་རྒན་པོ་དེའི་གདོང་གི་གཉེར་མའི་ཟབ་ཚད་དང་གོམས་པའི་འདེགས་འཇོག་ལས་ད་གཟོད་ལོ་ཟླ་ཡི་མགྱོགས་ཚད་རྟོགས་ངེས།
བཀྲ་ཐོ་དང་ངེད་གཉིས་ཀྱང་ལོ་ཟླའི་འཁོར་བསྐྱོད་ཀྱི་ཀློང་ན་རྒྱུ་བའི་རླུང་རྟ་ཞིག་དང་འདྲ་བར་མཚམས་རེར་མཁའ་དབྱིངས་ན་ཁ་གཡང་དང་ལྷན་དུ་འཕུར་ཞིང་མཚམས་རེར་ས་རྡུལ་དང་ལྷན་དུ་ས་རུ་ལྷུང་ནས་དད་ལྡན་དག་གི་རྐང་འོག་ན་ཟད་ནས་ཡོད། ངས་དེ་ལྟར་བཤད་པར་རྒྱུ་མཚན་ཤིག་ཡོད་དེ། དེ་ནི་བཀྲ་ཐོ་དང་ངེད་གཉིས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་དེ་རེད། དང་ཐོག་ངའི་བསམ་ཚུལ་ཅིག་ལ་བཀྲ་ཐོ་ཡང་འབྲོག་ཕྲུག་གཞན་དག་དང་འདྲ་བར་སྐྲ་ལོ་རིང་པོ་འཇོག་པ་དང་མནའ་བསྐྱལ་བ།རྡུང་རེས་རྒྱག་རྒྱུར་དགའ་བ། དེ་ལས་གཞན་ད་དུང་རྒྱ་ཡིག་ཟེར་ན་མགོ་གཡུགས་པ་དང་བོད་ཡིག་སློབ་ཁྲིད་ལ་རྣམ་རིག་རྒྱས་པའི་འབྲོག་ཕྲུག་གཞན་དག་དང་ཁྱད་པར་ཆེན་པོ་མེད་བསམ་ཡོད། ལྷག་པར་ཉིན་དེར་སློབ་ཁང་དུ་བཀྲ་ཐོས་འཛིན་གཙོ་རྣམ་འགྱུར་དེ་ལྟ་བུ་ཞིག་བསྟན་པ་དེས་ངའི་སྔར་གྱི་རིགས་འདེད་དེ་དག་ལ་ར་སྤྲོད་ཡག་པོ་ཞིག་བྱས་ཡོད་པ་འདྲ། ཡིན་ན་ཡང་། རྗེས་ནས་ངས་རང་གི་རིགས་འདེད་དེ་དག་ནོར་འཁྲུལ་ཡིན་པ་ཤེས་པ་མ་ཟད། བཀྲ་ཐོས་ང་ལ་ཆེས་ཐོག་མའི་བབ་ཆགས་བཞག་པ་དེས་མི་ཞིག་ལ་གདེངས་འཇོག་བྱེད་པ་ཡང་ནོར་འཁྲུལ་ཡིན་པ་ཤེས་སུ་བཅུག          
  བཀྲ་ཐོ་འབྲོག་ཕྲུག་གཞན་དག་དང་མི་འདྲ་ས་ཞིག་ཡོད་པ་ནི་བཀྲ་ཐོས་ནམ་ཡང་རང་གི་དགའ་ཕྱོགས་དང་གཞན་གྱི་དགའ་ཕྱོགས་ལ་བརྩི་འཇོག་བྱེད་པ་དེ་རེད། དེས་རྐྱེན་གྱིས་ང་དང་བཀྲ་ཐོ་ཡང་ཆེས་ཐོག་མའི་བབ་ཆགས་སྐམ་པོ་དེར་བརྒལ་ནས་ཉིན་རྒྱུན་མཉམ་འགྲོ་མཉམ་འདུག་གི་གྲོགས་པོ་རུ་གྱུར་སོང་། དྲང་མོར་བཤད་ན་ངེད་གཉིས་གྲོགས་པོ་རུ་གྱུར་བའི་རྒྱུ་མཚན་དེ་ཁོ་ན་བཞག་ན་མི་འགྲིག  དེའི་གཞན་ད་དུང་ངེད་གཉིས་ལ་ཐུན་མོང་གི་དགའ་ཕྱོགས་ཞིག་ཡོད་པ་དེ་ལ་ཡང་འབྲེལ་བ་ཡོད་ཁོ་ཐག་ཡིན།
མ་གཞི་ནས་མི་གཉིས་གྲོགས་པོར་འགྱུར་བའི་ཆེས་ཐོག་མའི་ཆ་རྐྱེན་ནི་བློ་ཁ་མཐུན་ཕྱོགས་དང་དགའ་ཁ་ཁྱེར་ཕྱོགས། བྱ་བ་བསྒྲུབ་སྟངས་དང་བསམ་བློ་གཏོང་སྟངས་སོགས་ཀྱི་ཆ་ནས་ད་གཟོད་གྲོགས་སུ་འགྱུར་ངེས་རེད་ཟེར་ན་མི་ཆོག་པ་མེད་སྙམ་ལ། བཀྲ་ཐོ་དང་ངེད་གཉིས་ཀྱང་དེ་ལྟར་རེད།
    དེ་ནི་དམའ་གཉིས་ཀྱི་སློབ་སྐབས་དང་པོ་རེད།ཉིན་ཞིག་བོད་ཡིག་དགེ་རྒན་གྱིས་སློབ་ཁྲིད་མ་བྱས་པའི་ཡ་སྔོན་དུ་ང་ཚོ་ནན་གྱིས་བཤད་རྒྱུར། གཟའ་རྗེས་མའི་གཟའ་པ་སངས་ཉིན་ང་ཚོ་བོད་ཡིག་ཁྲིད་དཔྱོད་སྡེ་ཁག་དང་སློམ་མའི་ཚོགས་པ་གཉིས་ཀྱིས་མཉམ་བསྒྲུབ་བྱས་ཏེ་རྩོམ་ཡིག་འགྲན་སྡུར་ཅིག་སྤེལ་རྒྱུ་ཡིན་ལ། འཛིན་གྲྭ་རེ་རེའི་སློབ་བུ་གསུམ་རེ་ཞུགས་དགོས་པ་མ་ཟད། འཛིན་གྲྭ་རེའི་སློབ་གྲོགས་སྐྱེས་མ་ཞིག་ངེར་པར་ཏུ་ཞུགས་དགོས་ཞེས་བཤད། ད་དུང་ཁོང་གིས་ད་ཐེང་གི་རྩོམ་ཡིག་འགྲན་སྡུར་འདི་སྤྱིར་བཏང་གི་རྩོམ་ཡིག་འགྲན་སྡུར་དང་མི་འདྲ་བར་ལོ་གསུམ་གྱི་རིང་ལ་ཐེངས་གཅིག་རེ་མ་གཏོགས་མི་སྤེལ་བ་དང། དཔྱད་འདེམས་པ་ཡང་དགེ་རྒན་རྒན་པའི་གྲས་ཀྱི་ཡིན་ལ། འགྲན་སྡུར་བྱས་རྗེས་འགྲན་ཞུགས་སློབ་མའི་ཁྲོད་ནས་སློབ་རའི་རྩོམ་པ་ོཆུང་ཆུང་གཅིག་དང་ཨང་དང་པོ་གཉིས་ཞེས་རིམ་པ་ལྟར་་གསལ་བཤད་ཡག་པོ་ཞིག་བྱས་པ་དང་། སློབ་རའི་རྩོམ་པ་པོ་ཆུང་ཆུང་གི་རྩོམ་ཡིག་དེ་རང་རེའི་སློབ་རའི་དུས་དེབ་༼ཁ་བའི་རྨི་ལམ༽གྱི་སྟེང་དུ་རང་ཉིད་ངོ་སྤྲོད་དང་བཅས་བགོད་རྒྱུ་ལས་གཞན་༼གངས་རྒྱན་་ན་ཆུང་ཚགས་པར་༽སྟེང་ཡང་བཀོད་རྩིས་ཡོད།ཁོང་གིས་དེ་ལྟར་སྐར་མ་བཅུ་ལྷག་གི་རིང་ལ་གསལ་ཐག་ཆོད་པ་ཞིག་བཤད་རྗེས་སློབ་ཁྲིད་ཀྱི་མགོ་བརྩམས་པ་རེད། 
  ཉིན་དེ་ནི་སློབ་གྲོགས་གཞན་དག་ལ་མཚོན་ན་ཉིན་རྒྱུན་དང་འདྲ་བར་ཆེས་སྤྱིར་བཏང་གི་ཉིན་མོ་ཞིག་ཡིན་ངེས་ལ། རྩོམ་ཡིག་འགྲན་སྡུར་གྱི་བརྡ་ཐོ་དེ་ཡང་སློབ་གྲྭས་ཉིན་རྒྱུན་མར་དགེ་སློབ་ཀུན་ལ་བཀྲམ་གྱིན་པའི་ཏང་གི་ཡིག་ཆ་དང་སློབ་གྲོགས་ག་གེ་མོ་སློབ་གྲྭའི་སྒྲིག་ལམ་དང་འགལ་ནས་སློབ་གྲྭས་ཇི་ལྟར་ཐག་གིས་བཅད་ཚུལ་སོགས་ཀྱི་ཡིག་ཆ་དང་ཁྱད་པར་ཆེན་པོ་མི་འདུག ཡིན་ན་ང་དང་བཀྲ་ཐོ་གཉིས་ལ་མཚོན་ན་རྩོམ་ཡིག་འགྲན་སྡུར་གྱི་བརྡ་ཐོ་དེ་ནི་དེ་ལས་ལྡོག་སྟེ་ནམ་རྒྱུན་རྨི་ལམ་དུ་ཡང་རྨིས་མ་མྱོང་བའི་གནས་ཚུལ་ཤིག་ཡིན་ངེས། སྔོན་ཆད་སློབ་གྲོགས་འགའ་རེའི་ཁ་ནས་དེ་འདྲའི་རྩོམ་ཡིག་འགྲན་སྡུར་ཅིག་ཡོད་ཅེས་གོ་ཐོས་ཡོད་པ་ལས་བདེན་རྫུན་གྱི་གནས་ལ་འཇུག་ཐུབ་བྱུང་མེད། 
  དེ་ལྟར་འཕྲུལ་སྣང་དང་བསམ་གཞིག རེ་སྒུག་དང་བྲེལ་སྣང་ཁོ་ནས་ཉིན་དེའི་སློབ་ཁྲིད་རེ་རེ་ཡང་དེ་ལྟར་གྲོལ་སོང་། སློབ་ཐུན་གྲོལ་ནས་ཅུང་མ་འགོར་བར་སློབ་གྲོགས་རེས་འགས་ང་དང་བཀྲ་ཐོའི་མདུན་སར་ཡོང་ནས། ད་ཐེངས་རྩོམ་ཡིག་འགྲན་སྡུར་ཁྲོད་ཁྱེད་གཉིས་ཀྱིས་ཨང་དང་པོ་རྩོད་དགོས་ཚུལ་དང་ཨང་དང་པོ་སུ་ཡིན་ན་ང་ཚོ་ལ་མགྲོན་བྱེད་དགོས་ཚུལ་སོགས་ཀུ་རེ་ཡི་ཚུལ་གྱིས་མང་པོ་ལབ་བྱུང་། ངེད་གཉིས་ཅེས་ཀྱང་དེ་ལྟར་ཡིན་མི་སྲིད་པའི་ལན་གཅིག་ཀྱང་མ་བཏབ་པར་རང་རང་སར་བུད་སོང་། 
  རྟ་བདུན་དབང་བོ་ནུབ་ཕྱོགས་ཀྱི་གནམ་སའི་མཚམས་ན་ནུབ་ལ་ཉེ་དུས་སློབ་གྲོགས་རེ་འགས་ཀྱང་ཕ་གིའི་སློབ་རའི་གྱང་ཕུག་རེ་རེ་དང་ཐོག་ཁང་གི་བར་ཁྱིམ་རེ་རེ་ན་བློར་འཛིན་དང་བསྐྱར་སྦྱངས་ལ་འབད་ཀྱིན་ཡོད། སྐབས་དེར་དགོངས་ཚོགས་ཀྱི་ཅོང་བརྡ་ཡང་སློབ་གྲོགས་ཚོའི་ཀློག་འདོན་གྱི་དབྱངས་རྟ་དེ་དང་འདྲ་བར་སློབ་རའི་གྲུ་སྣེ་རེ་རེ་ནས་མཆེད་དེ་འོང་ཞིང་། སློབ་གྲོགས་ཚོ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་རང་རང་གི་སློབ་ཁང་ཕྱོགས་སུ་བསྐྱོད།
  ཉིན་དེའི་དགོང་ཚོགས་འཚོགས་ནས་ཅུང་མ་འགོར་བར་བོད་ཡིག་དགེ་རྒན་གྱིས་ང་དང་བཀྲ་ཐོ་གཉིས་གཞུང་སྒྲུང་ཁང་དུ་འབོད་ཀྱིན་འདུག་ཟེར།ངེད་གཉིས་མཉམ་དུ་རྒན་ལགས་ཀྱི་མདུན་སར་སོང་དུས། གཞུང་སྒྲུབ་ཁང་དུ་རྒན་གཅིག་པུ་མ་གཏོགས་མི་འདུག་ལ། ཁོང་གིས་ལས་བྱ་འབྲི་དེབ་འགའ་མདུན་ཅོག་སྟེང་ཕར་སློག་ཚུར་སློག་བྱེད་བཞིན་བདའ། ངེད་གཉིས་གཞུང་སྒྲུབ་ཁང་གི་སྒོར་འབྱོར་ནས་མཉམ་དུ་ཡར་ཞུ་ཟེར་དུས་ཁོང་གིས་ངེད་གཉིས་ལ་མིག་གིས་ཀྱང་མི་བལྟ་བར་ནང་དུ་ཤོག་ཟེར། ངེད་གཉིས་མཉམ་དུ་ཁོང་གི་མདུན་དུ་ཐོན་མ་ཐག་ཁོང་གིས་ངེད་གཉིས་ལ་སྔར་གྱི་ལོབ་ཕྱོགས་ལྟར་འཛིན་གྲྭའི་གནས་ཚུལ་དང་ལས་བྱའི་ཐད་ཀྱི་གནད་དོན་སོགས་དྲིས་བྱུང་། ཡིན་ན་ཡང་། ངེད་གཉིས་ཀྱིས་རྒན་ལགས་ཀྱིས་ངེད་གཉིས་འབོད་དོན་དེའི་ཆེད་དུ་མིན་པ་སྔ་མོ་ནས་ཤེས་པ་བཞིན། དེ་དག་རེ་རེ་ལ་ལན་སྟབས་བདེ་རེ་བཏབ་དེ་དེར་འཕྲོར་དགེ་རྒན་གྱིས་ཅི་བཤད་ལ་སྡུག་ནས་བསྡད།ང་ཚོའི་བོད་ཡིག་དགེ་རྒན་ནི་ཧ་ཅང་གཟབ་ནན་གྱི་མི་ཞིག་ཡིན་པས་རྒྱུན་དུ་སློབ་གྲོགས་སུ་ཡིན་ན་ཡང་ཁོང་གི་གདོང་གི་རྣམ་འགྱུར་ཙམ་དང་སྐད་ཆ་བཤད་སྟངས་ཀྱིས་སྐྲག་ནས་འབྲོ་ལ་ཁལ་བྱེད། ཡིན་ན་ཡང་། བཀྲ་ཐོ་དང་ངེད་གཉིས་ནི་སློབ་གྲོགས་གཞན་དག་དང་བསྡུར་ན་དཔའ་བོའི་རིགས་སུ་དོགས་པ་ཡིན།
  དེ་རིང་ཡང་སྔར་བཞིན་ཁོང་གིས་ཧ་ཅང་གཟབ་ནན་གྱིས་ངང་ནས་འབྲི་དེབ་འགའ་ཕར་བཞག་རྗེས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱེད་བཞིན་ངེད་གཉིས་ལ་བལྟས་དེ་ཅི་ཞིག་ལ་འདང་མ་ཕོག་པ་བཞིན་ཅེར་ནས་ཡུད་ཙམ་ལ་བསྡད། གལ་ཏེ་ངེད་གཉིས་སློབ་གྲོགས་གཞན་ཞིག་ཡིན་པའི་དབང་དུ་བཏང་ན་སྐབས་འདིར་སློབ་གྲོགས་དེའི་ལུས་སེམས་གཉིས་ཀ་ལྷེབ་ལྷེབ་འདར་གྱིན་མེད་ནའང་ངོ་གདོང་དམར་པོ་གྱུར་ཡོད་པ་ངས་ཁག་ཐག་བྱེད་ཐུབ། 
  དེ་ནས་ཁོང་གིས་ངེད་གཉིས་ལ་ང་ཚོའི་འཛིན་གྲྭའི་ནང་གི་སྐྱེས་མ་སུ་ཞིག་ད་ཐེང་གི་རྩོམ་ཡིག་འགྲན་སྡུར་འདིར་ཞུགས་པའི་སྐོར་ནས་གྲོས་ཁ་བསྡུར་མགོ་བརྩམས། མཇུག་མཐར་ཁོང་གི་རེ་བ་ལྟར་སློབ་གྲོགས་སྐྱེས་མ་གཡང་སྒྲོན་འདམས་པ་ཡིན།
                       
                བཞི།

  སྐབས་དེར་ངས་འགྲན་སྡུར་དེ་ལ་ཅི་ལྟར་གྲ་སྒྲིག་བྱས་པ་ད་ལྟ་གསལ་བོ་ཞིག་བཤད་རྒྱུ་མེད་མོད།ཡིན་ན་ཡང་།  གནོན་ཤུགས་དྲག་པོ་ཞིག་གིས་ངའི་ཉིན་མཚན་ཀུན་ཀྱི་འགྲོ་འདུག་ཆགས་གསུམ་ལའང་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་པ་ད་ལྟ་ཡང་ངའི་ཡ་ཆུང་སེམས་ནས་བརྗེད་མེད་རེད། རྗེས་ནས་ངས་བཀྲ་ཐོ་ལ་དེ་ལྟར་བཤད་དུས། ཁོའི་གདོང་ལ་ཡང་འཛུམ་མདངས་ཞིག་རྒྱས་ཏེ་བཤད་རྒྱུར། སྐབས་དེར་ངོ་མ་གཤོན་ཤུགས་དྲག་པོ་སྐྱེས་སོང་ཟེར།
  སྐབས་འདིར་ཐོན་དུས་ཀློག་པ་པོ་མང་པོ་ཞིག་གིས་ཆེས་ཤེས་ན་འདོད་པ་ནི་རྩོམ་ཡིག་འགྲན་སྡུར་གྱི་མཇུག་འབྲས་དེ་ཡིན་ངེས་ལ། དེ་ལས་ཀྱང་ཤེས་འདོད་པ་ནི་བཀྲ་ཐོ་དང་ངེད་གཉིས་ཀྱིས་ཨང་དུ་བ་བླངས་ཚད་དེ་ཡིན་ངེས། ཡིན་ན་ཡང་། ངས་ཁྱེད་ཚོ་ལ་ལབ་འདོད་པ་ནི་དག་དག་དེ་མ་ཡིན་པར་རྩོམ་ཡིག་ཟེར་ན་ནི་དགའ་ཕྱོགས་ཙམ་དང་དད་མོས་ཙམ་གྱིས་འགྲུབ་ཡོང་བ་ཞིག་མ་ཡིན་པར་མ་མཐའ་ཡང་འཚོ་བ་ཡི་སྙིང་བཅུད་གསོན་པོ་ཞིག་དང་བློ་སྦྱོང་གི་ནུས་པ་གཐོན་པོ་ཞིག ད་དུང་ཚོར་ཤེས་ཀྱི་རལ་གྲི་རྣོན་པོ་ཞིག་དང་རྒྱུན་འཁྱོངས་ཀྱི་མཐུ་རྩལ་ཡག་པོ་མེད་ན་རྩོམ་ཡིག་ཟེར་བའི་བུ་མོ་དེར་ལས་འབྲས་མེད་པ་རྟོགས་སོང་། 
གང་ལྟར་བཀྲ་སྐམ་དང་ངེད་གཉིས་དེ་ལྟར་ངོ་ཤེས་ཤིང་འདྲེས་སྟེ། སློབ་གྲོགས་གཞན་དག་དང་འདྲ་བར་དམའ་འབྲིང་དང་མཐོ་འབྲིང་གི་བསླབ་དེབ་རེ་རེ་བར་ནས་ཅི་ཞིག་གི་གསང་ཚིག་རྙེད་སོང་བ་བཞིན་དུས་དེ་རིང་ལ་ཐོན་དུས། ངས་ད་དུང་ཡང་བཀྲ་ཐོ་དང་ངེད་གཉིས་ཀྱི་ལས་དབང་གི་ལོ་ཟླ་རིང་མོ་ད་དུང་ཡང་མཇུག་རྫོགས་མེད་པ་རྟོགས་སོང་།
                            
              ལྔ།

  བཀྲ་ཐོ་ནི་མི་བརྩོན་པ་ཅན་ཞིག་ཡིན།མ་མཐའ་ཡང་སློབ་ཆེན་ཞེས་པའི་ཁོར་ཡུག་འདིར་མ་ཐོན་གོང་ཚང་མས་ཁོ་ནི་མི་བརྩོན་འགྲུས་ཅན་ཞིག་ཡིན་ཞེས་གླེང་གིན་ཡོད།ང་ཚོ་མཐོ་རྒྱུགས་མ་བླངས་པའི་སྔོན་དག་དག་ལ་ཡང་དགེ་རྒན་བང་ལགས་ཀྱིས་ང་ཚོ་ལ་བཀྲ་ཐོར་སློབ་སྦྱོང་བྱེད་དགོས་པའི་བསླབ་བྱ་མང་པོ་གནང་།
  ཡིན་ན་ཡང་། ལས་དབང་ཟེར་བ་ནི་སྐབས་རེར་ངོ་མ་ཡ་མཚན་ཞིག་རེད། ཁྱེད་ཀྱིས་རེ་བ་དང་དད་འདུན་གྱི་རྨི་ལམ་རུམ་གང་ཁྱེར་ཏེ་འཛུམ་དཀར་དྲོན་མོ་ཞིག་དང་ལྷན་དུ་ལམ་ལ་ཆས་དུས། ལས་དབང་ཟེར་བའི་རྒན་པོ་སྨྲ་ར་ཅན་དེས་ཁྱོད་ཀྱིས་ཡོད་ཚད་ལ་སྔོག་གཤེར་ཐེངས་གཅིག་བྱས་རྗེས། ཁྱོད་ཀྱིས་ཡོད་ཚད་ཀྱི་ཡོད་ཚད་ལ་ཡང་བསྐྱར་ཇུས་བཀོད་བྱེད་མི་དགོས་པའི་ངེས་པ་མེད་ལ། མགོ་ནས་མཇུག་བར་ཏུ་ཐེངས་གཅིག་ལ་བསྐྱར་ཟློས་བྱེད་མི་དགོས་པའི་ངེས་པ་ཡང་ག་ལ་ཡོད། དེ་བས་ངོ་མ་ང་རང་ཚོས་ནམ་ཡང་ལས་དབང་ཟེར་བ་འདི་ལ་ཁག་དཀྲིས་ནས་མི་འདུག་པར་མདུན་དུ་བསྐྱོད་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་བསམ་ཡོད།
སྤྱིར་ན་བཀྲ་ཐོ་ང་དང་མཉམ་དུ་སློབ་ཆེན་འདི་ལྟ་བུ་ཞིག་ལ་ཡོང་རྒྱུ་ནི་སུ་ཡིས་ཀྱང་ཤ་རུས་པའི་གཏིང་ལ་ཡང་ཤར་མ་མྱོང་། ཡིན་ན་ཡང་། དོན་དངོས་ནི་སྔར་བཞིན་དོན་དངོས་ཡིན་པས། སུ་ཡིས་ཀྱང་ལྡོག་ཐབས་ག་ལ་ཡོད།
                      
               དྲུག

  དོ་ནུབ། ང་ཚོ་ཆང་ཁང་ཞིག་གི་ནང་དུ་སོང་ནས་ཕྱིར་མལ་ཁང་དུ་ཐོན་དུས་ཧ་ལམ་མཚན་མོའི་དུས་ཚོད་གཉིས་ལྷག་རེད། སྐབས་དེར་བཀྲ་ཐོ་ཡང་བཟི་ནས་ཅི་བཤད་འདི་བཤད་མེད་པས། ད་ལྟ་ངའི་མདུན་ན་ཡོད་པ་ནི་དེ་སྔོན་མཐོ་འབྲིང་གི་སྐབས་ཀྱི་བཀྲ་ཐོ་རེད་ཟེར་ན་སུ་ཡིས་སྣར་འགྲོ་སྲིད་དམ།
  མཐོ་འབྲིང་སྐབས་སུ་བཀྲ་ཐོ་ཟེར་ན་སློབ་གྲྭའི་ནང་གི་དགེ་སློབ་ཚོའི་ཁྲོད་ན་མི་ཤེས་མཁན་གཅིག་ཀྱང་མེད་ལ། ཐ་ན་སློབ་གཙོས་ཀྱང་ཐེངས་འགར་ཚོགས་ཐོག་ནས་ཁོ་ལ་བསྟོད་པའི་མཐེ་བོང་ཡང་ཡང་འགྲེང་མྱོང་།
ཡིན་ན་ཡང་། དེ་ནི་ཁ་སང་རེད། མཚར་སྡུག་འོད་སྟོང་འབར་བའི་ཁ་སང་གིས་དེ་རིང་གི་ཚབ་བྱེད་མི་རུང་བ་བཞིན་བཀྲ་ཐོ་ཡང་ལས་དབང་གིས་བཀོད་པའི་དབྱིབས་རིས་གོར་གོར་དེ་ལས་བརྒལ་མ་ཐུབ།
དོ་ནུབ། བཀྲ་ཐོ་ཡང་ངུས་བྱུང་བ་འདྲ། མིག་ཤེལ་དཀར་པོ་དེའི་འོག་ན་ནམ་ཡང་རྣམ་རིག་གི་ཀློག་ཞགས་འཁྱུག་འདྲའི་མིག་ཟུང་གཉིས་པོ་མཆུ་མས་གཡོགས་སོང་བ་འདྲ། རེད། ངོ་མ་ངུས་བྱུང་། ངས་རང་གི་མིག་ཟུང་ལ་ཡིད་གཏིང་ནས་མ་ཆེས་པར་ཡང་ཡང་ཞིབ་ལྟ་འགའ་བྱས་དུས། མཐའ་མར་ངའི་རང་ཉིད་ཀྱི་མིག་ཟུང་གཉིས་ལ་བདེན་ཁ་མི་སྟེར་ག་མེད་བྱུང་།

                                        ༢༠༡༥-༥-༣༡འགྲུབ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདས་པའི་ལོ་ཟླ།

2015-11-03 རྔ་རྟ་བྷོ།༼ མཚོ་ལྷོ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།