གང་ལྟར་ཉི་མས་ང་ཚོ་འཚིག་ཉེན་ཆེ།

དུག་ཞགས།༼ རྨ་ཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-13

            མེ་ཏོག་གི་འདབ་མ་ལས་བཙིར་བའི་ཁུ་བ
               ཁྲག་དང་རྣག་གིས་བརླན་པའི་ལག་ཟུང
               རྒྱ་མཚོའི་གཏིང་ནས་རྙེད་པའི་མེ་ལོང་དེའི་མིང་ལ་འཆི་བའམ
               ངའི་མིང་གིས་ཡང་ཡང་འབོད་མཁས་པའི་རླུང་བུ་དེ་ནི
               འཇིག་རྟེན་གྱི་བདེ་སྡུག་མཚོན་པའི་ལན་ཕྲན་གྱ་གྱུ

                                       ——ཐོག་མའི་གཏམ་བཤད།

              ༡
  ཉི་མ་ནུབ་ལ་ཉེ་བའི་སྐབས་འདིར་ཟོམ་ཐར་འབུམ་ཟི་ལིང་ནས་གཙོས་ལ་འགྲོ་བའི་མོ་ཊ་ལས་གཞི་ནས་སད་བྱུང་། སྐབས་འདིར་ཁོའི་གམ་གྱི་རྒྱ་མི་དེས་རང་གི་གློ་ཁུག་ལས་ཁ་པར་བླངས་ནས་མཛུ་གུས་ཆུང་མ་ཟེར་བའི་ཡིག་འབྲུ་གཉིས་ཀྱིས་མནན་པ་ན་ཕར་ཕྱོགས་ནས་སྒྲ་ཅི་ཡང་མ་བྱུང་བས་ཁོས་སླར་ཡང་ཁ་པར་རང་གི་རྐང་སྣམ་གློག་ཁུག་ནང་ལ་བཅུག་པ་ན། ཚ་བ་ཆེ་བའམ་མི་མང་བས་དབུགས་ཀྱང་གཏོང་ལེན་དཀའ་བའི་མོ་ཊ་འདིའི་ནང་གི་མི་རྣམས་ཀྱིས་རང་རང་གི་ཐད་ནས་དེ་ལ་གཡོལ་གང་ཐུབ་བྱས་ཀྱང་རྔུལ་ཆུའི་ཐིགས་པ་རེ་ཚོད་ཚོད་ལ་ཤོག་བུ་འཇམ་པོ་རེ་ཡི་ངོས་སུ་འཐིམ་འགྲོ། དེ་རིང་གི་ཚ་བ་ཁ་སང་ལས་ཀྱང་ཇེ་ཆེར་བུད་སོང་བས་ཆུ་འཁྱག་དམ་བུ་གང་འདིས་ཅི་ཞིག་ནུས་སམ། སྐབས་དེར་ཁ་ལོ་བས་གློ་བུར་དུ་དུང་སྒྲ་ཞིག་བརྒྱབ་པས་གྲོག་མ་ཞིག་སྟབས་མ་ལེགས་པར་བར་དོར་འཁྱམ་སོང་།
  དུས་ཚོད་ཕྱེད་ཀའི་རྗེས་ནས་མོ་ཊ་གཞི་ནས་གཙོས་གྲོང་ཁྱེར་ལ་ཐོན་པ་ན་ཟོམ་ཐར་འབུམ་གྱི་གདོང་གི་རྨ་ཤུལ་དེ་ཁོའི་སྐྲ་ལོའི་འོག་ནས་མི་མཐོང་རུང་ཁོ་ལ་དམིགས་ཡུལ་གང་མེད་པར་སྲལ་ལམ་ཉུལ་བ་ན་ཚ་བས་ངར་ཡོད་པའི་རྡོ་བ་དག་ཀྱང་ཐང་ཆད་ཡོད་པའི་སྣང་བ་སྟེར་བ་མ་ཟད། ཁོས་འགྱིག་གིས་བཟོས་པའི་སྡོང་བོ་ཞིག་ལ་བལྟས་ནས“སྔོན་ཆད་ས་འདི་རུ་བརྒལ་དཀའ་བའི་ན་ཆུ་ཞིག་ཡོད་པ་ངས་ད་ལྟ་ད་དུང་བརྗེད་མེད་ཀྱང་དེ་ནི་སྟོང་བསམ་རེད་ཟེར”དུས་ས་ཡོངས་སུ་རུབ་ནས་མཚན་མོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་གཡོལ་ཟིན།
ད་ལྟ་ནམ་མཁས་ཀྱང་ཚ་བ་མ་བཟོད་པ་ཡིན་ནམ་རང་གི་གྱོན་ཆས་ཕུད་ནས་གཅེར་གཟུགས་སུ་བུད་པ་དང་འདྲ་བར་ནམ་མཁའ་སྔོ་ལ་ཧ་ཅང་དྭངས། ཁོས་མགོ་སྒུར་ནས་ཁེར་རྐྱང་ངང་རང་གི་ལུས་ཀྱི་རྔུལ་ཆུར་སུན་སྣང་སྐྱེས་བཞིན་ཐོག་ཁང་དེར་མི་འགྲོ་ག་མེད་དུ་གྱུར།
             
              ༢
  ཟོན་ཐར་འབུམ་གྱིས་སློབ་དཔོན་ཐོན་མིའི་ལོ་རྒྱུས་ལ་བལྟས་ནས་མནའ་བོའི་སྐབས་སུ་ཚ་བ་ཆེ་བའི་རྒྱ་གར་ནས་འདུག་མ་བཟོད་པའི་བོད་མི་འགའ་དྲན་ཞོར་མི་རབས་གསར་བ་ཟེར་བའི་སྣ་གླུ་ཐན་ཐུན་ཞིག་ལེན་པའི་སྐབས་སུ་ཁོའི་ཁ་པར་གྱིས་ཁོ་ལ་ཡང་ཡང་བོས་བས་དེའི་སྒོ་ཕྱེས་པ་ན་ཕར་ཕྱོགས་ནས“ཁྱོད་མྱུར་དུ་རང་གི་གཞུང་ལས་ཁང་གི་ནང་དུ་ཤོག་མ་གཏོགས་ང་ཚོས་མགོ་བས་ཁྱོད་བཙལ་གྱིན་འདུག”ཞེས་ལབ་བྱུང་། སྐར་མ་བཅུའི་རྗེས་ནས་རང་ཉིད་ཀྱི་གཞུང་ལས་ཁང་གི་ནང་དུ་ཐོན་པ་ན་མགོ་བས་དུ་བ་རྐང་གཅིག་རྔུབ་ཀྱིན་ཁོ་ལ་སྒུག་འདུག དོན་དག་གཞན་ཅི་ཡང་ཡོད་པ་མ་ཡིན་པར་ང་ཁྱོད་ལ་དཔེ་ཆ་འགའ་གཡར་དུ་ཡོང་བ་ཡིན། ད་ལྟའི་སྐབས་འདི་ལ་མགོ་བ་དག་ཀྱང་ཁོམ་འདུག་པས་ངས་ཀྱང་དཔེ་ཀློག་བྱེད་རྒྱུ་ཡིན་ཟེར་དུས་ཟོམ་ཐར་འབུམ་ཡུན་རིང་ཙམ་ལ་མགོ་བར་ཧད་ནས་སྡོད་སྐབས་ཅི་རེད་ཁྱོད་ང་ལ་ཡིད་མི་ཆེས་པ་ཨེ་རེད། དེ་ན་ངས་ཁྱོད་ལ་གཡར་ཡིག་ཅིག་འབྲི་ཆོག “དེ་མིན། མགོ་བ་ལགས། དེ་ན་ཁྱོད་ལ་དཔེ་ཆ་གང་གི་རིགས་དགོས་པ་རེད།”“ཁྱོད་ཀྱིས་བལྟས་ན་ང་ལ་དཔེ་ཆ་གང་གི་རིགས་འཚམ་པོ་འདུག”སྐབས་དེར་ཟོན་ཐར་འབུམ་གྱིས་ལྕེ་ནར་ཅིག་བྱེད་ཞོར་རང་གི་གཞུང་ལས་ཁང་གི་གྲུ་ཟུར་ན་ཡོད་པའི་དཔེ་སྒྲོམ་གྱི་གམ་ལ་སོང་བ་ན་མིག་ལམ་དུ་མངོན་བྱུང་བ་ནི་ཆོས་དཔེ་འགའ་ཡིན་ཡང་དེ་ལས་གང་ཞིག་ང་ཚོའི་མགོ་བ་དང་འཚམ་པར་བསམ་བློ་གཏོང་དུས། མགོ་བ་ཁོའི་གམ་ལ་ཡོང་ནས་ཀུན་བཟང་བླ་མའི་ཞལ་ལུང་བླངས་ནས་འདི་ལ་བལྟ་རྒྱུ་བྱས་ན་ག་འདྲ་རེད་ཟེར་ཞོར་རང་གི་འདོད་པ་བཞིན་དཔེ་ཆ་འགའ་ཁྱེར་ནས་ཕྱི་རོལ་དུ་བུད་སོང་། སྐབས་དེར་ཁོས་སླར་ཡང་རང་གི་མདུན་ཅོག་སྟེང་དུ་འཕྲོ་བའི་ཉི་ཟེར་ཧ་ཅང་ཚ་བོ་ཡིན་པ་ཚོར་བྱུང་ལ་དེ་དང་མཉམ་དུ་སྐྲ་གསེང་ནས་རྔུལ་ཆུའི་ཟེགས་མ་ཞིག་མར་ལྷུང་དུས་གློ་ཁུག་ནང་ནས་ཤོག་བུ་འཇམ་པོ་ཞིག་བླངས་ནས་གཙང་མར་ཕྱིས་ཀྱང་ཅུང་ཙམ་ནས་ཡང་བསྐྱར་རྔུལ་ཆུའི་ཐིགས་པ་རེ་བཞུར་བྱུང་།
  ཉིན་གུང་ངལ་གསོ་བྱས་རྗེས་ཁོས་ཁ་པར་ལས་དུས་ཆད་བྱས་པའི་ཟ་ཁང་དེ་རུ་འགྲོ་སྐབས་ལམ་བར་ནས་མོ་ཊའི་དོན་རྐྱེན་ཞིག་དང་འཕྲད་བྱུང་བ་མ་ཟད་དེ་ལས་མི་གཉིས་རྐྱེན་ལམ་དུ་སོང་འདུག་ལ་མི་མང་པོས་དེར་ལྟད་མོ་ལྟ་ཞོར་ཁ་པར་སོགས་ཀྱི་ནང་དུ་བརྙན་དང་པར་སོགས་བརྒྱབ་ནས་ཁོམ་གྱིན་མི་འདུག འོན་ཀྱང་ཟོན་ཐར་འབུམ་གྱིས་དེ་ལ་ཁ་ཡ་མི་བྱེད་པར་རང་གི་ཚ་བ་མ་བཟོད་པས་མདུན་དུ་གང་མྱུར་གྱིས་གོམ་པ་སྤོས་པ་ན་རྒྱབ་ཕྱོགས་ནས་ཁོའི་མིང་གིས་འབོད་ཀྱིན་འདུག དེ་ནི་གཞན་མ་ཡིན་པར་ཁོས་དུས་ཆད་བྱས་པའི་བུ་མོ་དེ་ཡིན་ལ་ཁོ་གཉིས་མཉམ་དུ་གཞུང་ལམ་འགྲམ་གྱི་རྐང་ཐང་ལམ་བརྒྱུད་ནས་གངས་མིའི་ཕོ་བྲང་གི་ཕྱོགས་སུ་བུད་སོང་། དེ་རུ་ཁོ་གཉིས་དང་འདྲ་བར་ཁ་ཧྥེ་འཐུང་ཞོར་གླེང་མོལ་བྱས་ནས་སྡོད་མཁན་ཧ་ཅང་ཉུང་ལ་སྦྱིན་བདག་ཀྱང་དེ་འདྲའི་དགའ་བོ་མེད་པའི་ཚོར་སྣང་འདུག ཟོམ་ཐར་འབུམ་གྱིས་དེ་ལ་ཁ་ཡ་མི་བྱེད་པར་གམ་གྱི་བུ་མོ་དེ་ལ་དེ་རིང་སྔར་བཞིན་ཚ་བ་ཆེ་སོང་བས་རང་ཉིད་མགོ་བོ་རྨོངས་ནས་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས་པས་ཁྱོད་ཀྱིས་ཉིན་འདི་དག་གི་གནམ་གཤིས་དང་འགྲོགས་ནས་གཏམ་གླེང་རེ་བྱས་ན་ཆོག་གམ། མོའི་འབུར་ཚུགས་སུ་དོད་པའི་ནུ་ཟུང་གིས་ཟོམ་ཐར་འབུམ་ལ་ཆགས་པ་སློང་བ་དང་འདྲ་བར་སང་ཉིན་ཡང་གནམ་གཤིས་ཧ་ཅང་དྭངས་ལ་དྲོད་ཚད་ཀྱང་མཐོན་པོ་ཆགས་སྲིད། ངས་ཤིན་ཏུ་སྲབ་པའི་ལྭ་བ་ཞིག་གྱོན་ནས་ཁྱོད་དང་མཉམ་དུ་འཆམ་འཆམ་ལ་སོང་ན་ཆོག་ཞེས་བརྗོད་པ་ན། ཟོམ་ཐར་འབུམ་གྱིས་དེ་ནི་ང་དང་འབྲེལ་བ་ཡོད་དམ། ཡར་ལངས་ཞོར་ང་ཚོ་འདི་ལས་བསིལ་བའི་གནས་ཤིག་འཚོལ་ཏུ་འགྲོ། ད་དུང་གནམ་ནས་ཆར་ཐིགས་གཅིག་ཀྱང་མི་ལྷུང་བ་འདི་ནི་ལྟས་ངན་ཞིག་གམ་འབྱུང་བའི་ཚོགས་ཀྱང་འཁྲུགས་ནས་ཁྲོ་བའི་རྣམ་པ་མངོན་པ་ཡིན་ནམ་ཅི། གང་ལྟར་ཁོས་ཁ་ཧྥེ་དམ་བུ་གཉིས་ལ་རྩིས་སྤྲོད་བྱས་ནས་དམིགས་ཡུལ་མེད་པར་སྲང་ལམ་ཉུལ་དུས་རྔུལ་ཆུས་ཁོའི་ལུས་ཡོངས་སུ་བརླན་འདུག

             ༣
  ཕྱི་དྲོ་ཁོའི་ཁ་པར་ཅོག་ངོས་སུ་ཤར་བའི་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ་བཞི་བཅུ་ཡིན་པས་གསར་འགྱུར་ལས་བཤད་པའི་ས་ཆ་མང་ཆེ་བར་བྱུང་བའི་ཐན་པ་སོགས་རིག་དུས་ཟོམ་ཐར་འབུམ་གྱིས་ཚོད་ཚོད་ལ་མིག་ཟུང་བཙུམ་ནས་རང་གི་སེམས་ཀྱི་ཆར་ཞོད་ཆེ་བའི་དབྱར་གཞུང་ཅིག་བཞེངས་སྐྲུན་བྱས་ནས་སྡོད་སྐབས་སྣ་ལམ་དུ་རྔུལ་ཆུའི་དྲི་མ་ཞིག་གམ་མིག་ལམ་དུ་རྔུལ་ཆུའི་རླངས་པ་ཞིག་མངོན་པ་འདྲ། ཁོས་ད་ལྟའི་གསར་བུ་ཚོས་ཁ་ཐུམ་གྱོན་པར་ཁག་མི་འདུག་ཟེར་བའི་ཁེར་བཤད་ཅིག་བརྒྱབ་བྱུང་། དེ་ལྟར་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཡོལ་རུང་ད་ལྟ་ཁོ་ལ་འདོད་པ་སྤྱོད་པའི་ཡི་ག་ཡང་མེད་པར་རང་གི་མལ་ཁྲིའི་སྒང་ནས་ཅི་འདི་མེད་པར་སྡོད་སྐབས། སྒོ་རྡུང་བའི་སྒྲ་ཡིས་ཁོའི་གམ་གྱི་སྦི་རག་ཀྱང་ཆང་ཕོར་ལས་འཕྱུར་བྱུང་བའི་སྣང་བ་བྱུང་ལ་འདི་ནི་རང་ཉིད་ཀྱི་ཁང་བ་མིན་པའི་ཚོར་བ་ཞིག་ཀྱང་དབང་མེད་དུ་སྐྱེས། ཅུང་ཙམ་འགོར་རྗེས་ཁོ་སྒོ་ཕྱེ་བར་སོང་བ་ན་སྒོ་འགྲམ་ན་ཡོད་པའི་མིའམ་སྒོ་རྡུང་མཁན་ནི་ཁོས་དེ་སྔོན་དུས་ཆད་བྱས་པའི་བུ་མོ་དེ་ཡིན་ལ། མོས་དབུགས་ཧལ་ཧལ་ངང་རྐུན་མ་དེས་་་་་་་་རྐུན་མ་དེས་་་་་་་། རྐུན་མ་དེས་ངའི་སྒོར་ཁུག་དང་ཁ་པར་སོགས་བཙན་འཕྲོག་བྱས་སོང་། མོའི་རྐང་མགོའི་ལྷམ་ཡ་གཅིག་ཀྱང་མེད་པར་ངའི་སྒོ་འགྲམ་ལ་ཐོན་འདུག “ཤོག ནང་དུ་ཤོག ཁྱོད་ཀྱིས་ངའི་ཁང་བ་འདི་ཡིན་པ་ཇི་ལྟར་ཤེས་པ་ཡིན།” “ང་ལ་ཐབས་ཟད་སོང་བས་གཞིས་ཁུལ་གྱི་སྒོ་སྲུང་ལ་ཁྱོད་ཀྱི་ཁང་བའི་སྒོ་བྱང་སོགས་དྲིས་པ་ཡིན།” “འཕྲོག་བཅོམ་བྱེད་མཁན་མི་གཅིག་རེད་དམ་ཡང་ན། ”“མི་གཉིས་ཡོད་ཀི ད་དུང་མཐའ་འཁོར་ན་མི་རེ་འགའ་ཡོད་རུང་དེ་དག་ཀྱང་ཁོ་ཚོ་དང་ཕྱོགས་ཁག་གཅིག་གི་ཡིན་པ་འདྲ། ངའི་ཚི་ལེན་གྱང་གཤེགས་སོང་བས་ད་ཅི་བྱ། ”མོ་ངོ་ཚ་ནས་མགོ་བོ་ཡང་མར་སྒུར་ནས་སྡོད་པ་ལས་ཁོ་བོའི་གདོང་ལ་ལྟ་བའི་སྤོད་པ་རྩ་བ་ནས་མེད་མ་ཟད་མོའི་ངོ་མདོག་དམར་པོར་གྱུར་ནས་མིག་ཆུ་རེ་ལྷུང་གིན་འདུག དེ་ལྟར་ཡུན་རིང་ཙམ་འགོར་རྗེས་ཟོམ་ཐར་འབུམ་གྱིས་བུ་མོ་དེ་རང་གི་མལ་སའི་གཡོན་ཕྱོགས་ཀྱི་ཁང་བ་དེར་ཁྲིད་ནས་ཁྱོད་རང་མལ་ཁྲི་འདི་རུ་ཉོལ་དང་མལ་གོས་ཚང་མ་གཙང་མ་ཡིན།
  ཕྱིར་ཉིན་ནམ་ལངས་པ་ན་ཟོམ་ཐར་འབུམ་གྱིས་བུ་མོ་དེའི་གམ་ལ་སོང་ནས་བཀའ་དྲིན་ཞུ་བཞིན་འདུག མདང་ང་ལ་གཉིད་སྐྱིད་པོ་ཞིག་ཡོང་བ་མ་ཟད་རྨི་ལམ་ལས་ཁྱོད་ཀྱིས་བདག་ལ་ཆར་ཆུས་དངོས་གྲུབ་བསྩལ་བྱུང་བ་མ་ཟད་ད་ནངས་ཡར་ལངས་དུས་ངའི་མལ་ཁྲིའི་ལོགས་སུ་རླུང་བུ་བསིལ་མོ་ཞིག་ཀྱང་ལྡང་གིན་འདུག འདི་དག་འཁྲུལ་སྣང་ཡིན་ཡང་སྲིད་ལ་རང་ཉིད་ལ་འདི་འདྲའི་བདེ་བའི་ཚོར་བ་ཞིག་མེད་པར་ཟླ་བ་ཁ་ཤས་འགོར་ཡོད་པས་བུ་མོ་ཁྱོད་ལ་སྙིང་ནས་གུས་འདུད་ཞུ་ཞུ། བུ་མོས་ཅི་ཡང་མི་སྨྲ་བར་ངའི་གོན་པ་གྱོན་མེད་པས་ཁྱོད་རང་སྒོར་བུད་ན་ཆོག་གམ། དེ་དུས་ཁོས་ཀྱང་རང་གི་ལུས་སུ་རེག་གིན་དགོངས་དག་ཞུ་ཟེར་ཞོར་སྒོར་བུད་བྱུང་། དེ་རིང་ཁོའི་གདོང་ལ་སྔར་བྱུང་མ་མྱོང་བའི་འཛུམ་མདངས་ཤིག་རྒྱས་ཡོད་པ་རང་གིས་ཀྱང་ཚོར་ནས་ཐད་ཀར་མེ་ལོང་གི་གམ་དུ་སོང་ནས་སྣ་གླུ་ཐན་ཐུན་རེ་ཡང་ལེན་གྱིན་འདུག

              ༤
  བུ་མོ་དེས་མདང་དགོང་བྱུང་བའི་དོན་དག་ཡོད་ཚད་དོན་དངོས་མིན་པའི་གསོལ་འདེབས་རེ་བྱས་ཀྱང་དེ་ནི་ལྡོག་ཐབས་བྲལ་བའི་བར་ཆད་ཅིག་དང་འདྲ། མཚམས་དེར་མོས་རང་ཉིད་ལ་ལྷམ་ཡང་མེད་པ་དྲན་ནས་དངངས་འཚབ་ཅིག་ཀྱང་དབང་མེད་དུ་སྐྱེས་བྱུང་། ཏག་ཏག་དེ་རིང་གི་ཉི་མ་ཡང་སྔར་བཞིན་ཚ་བ་མ་ཟད་ཁང་བའི་སྒེའུ་ཁུང་ལས་བརྒྱབ་པའི་ཉི་ཟེར་གྱིས་དེ་རུ་ཡོད་པའི་ཅ་ལག་དེ་དག་དང་མོའི་ལུས་པོ་ཡང་བསྲེག་ཉེན་ཆེ།“ཟོམ་ཐར་འབུམ། ཁྱོད་ཀྱི་ཁ་པར་ང་ལ་གཡར་ན་ཆོག་གམ། ད་ལྟ་ང་ལ་ལྷམ་ཡང་མེད་པས་ངས་ཨ་ཅེར་ཁ་པར་ཞིག་གཏོང་འདོད། ”ཁོ་མོས་མགོ་བོ་སྒུར་ནས་དེ་ལྟར་བཤད་པ་དང་མཉམ་དུ་ཟོམ་ཐར་འབུམ་ལ་ཚ་བའི་ཁྲོད་དུ་ཀླད་ཤུགས་ཉམས་སོང་བའི་སྣང་བ་ཞིག་སྐྱེ་བཞིན། ཁྱོད་ཀྱིས་ངའི་ཁ་པར་གང་འདོད་དུ་སྤྱོད་རོགས། དེ་མིན་ན་ཁྱོད་ཀྱིས་ངའི་ལྷམ་དང་ཚི་ལེན་སོགས་ཚོད་ལྟ་ཞིག་བྱས་ན། ཁོས་ཐོག་ཁང་དེའི་སྒེའུ་ལས་མར་བལྟས་པ་ན་ཕྱི་རོལ་གྱི་མིས་བཟོས་ལྡུམ་ར་དེ་དང་དེའི་ནང་གི་མ་ཏོག་གི་ཚོགས་ནི་རང་ཉིད་དང་འདྲ་བར་མགོ་བོ་དུད་ནས་ཡོད་ལ་དེ་ལ་བདག་སྐྱོང་བྱེད་པའི་གླ་བ་དེ་ཚོ་ཡང་ད་ལྟ་མཐོང་ལམ་ན་མེད་པས། ད་ནི་སྦུ་གུ་རུ་དྲངས་པའི་ཆུ་འདི་ཡང་ཚར་སོང་བ་ཡིན་ནམ། ཡང་ན་སྦུ་གུ་གཞན་ཞིག་གི་ནང་དུ་དྲངས་སོང་བའི་ངའི་གཅིན་དང་བཤང་བ་སོགས་གད་སྙིགས་དེ་དག་གིས་སའི་གོ་ལར་ནད་དུག་ཅིག་ཕོག་པ་ཡིན།
  ཉིན་གུང་ཁོས་བུ་མོ་དེ་ཁྲིད་ནས་སླར་ཡང་གངས་མིའི་ཕོ་བྲང་གི་ནང་དུ་སོང་ནས་ཅི་འདི་མེད་པར་ཁ་ཧྥེ་ཞིག་འཐུང་ཞོར་རང་གི་སྐྲ་གསེང་ནས་མར་བཞུར་ཡོང་བའི་རྔུལ་ཆུའི་ཐིགས་པ་དག་ཤོག་བུ་འཇམ་པོ་ཞིག་གིས་ཡང་ཡང་ཕྱེས། སྐབས་དེར་གངས་མིའི་ཕོ་བྲང་ལས་རོལ་དབྱངས་འཇམ་པོ་ཞིག་གྲགས་བྱུང་བ་ནི་བོད་ཡིག་འདོན་ཀློག་ཙམ་ཤེས་པའི་བོད་ཀྱི་གླུ་བ་ཆེ་གེ་མོས་བླངས་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཡིན་ལ། བུ་མོ་དེས་འདི་ནི་ང་རང་ཆེས་དགའ་སའི་གླུ་དབྱངས་ཡིན་པ་མ་ཟད་བོད་ཡིག་འདི་བསླབ་ན་མི་འདོད་པའི་ཡིག་རིགས་ཞིག་ཀྱང་རེད་ཟེར། ཟོམ་ཐར་འབུམ་ཡར་ལངས་ཞོར་མདང་དགོང་ཁྱོད་ཀྱིས་ང་ལ་རྨི་ལམ་སྐྱིད་པོ་ཞིག་གི་དངོས་གྲུབ་བསྩལ་བས་ཁྱོད་རང་ད་ཐེངས་ངས་ཀུ་ཡངས་ལ་བཏང་ཆོག རྗེས་ནས་ངའི་གམ་ནས་སྐད་ཆ་དེ་འདྲ་མི་གསུངས་རོགས། ཁོང་གཉིས་མཉམ་དུ་གངས་མིའི་ཕོ་བྲང་གི་སྒོར་བུད་ནས་ཚ་བ་དང་མི་ཚོགས། སྨུག་པ། འུར་ཟིང་སོགས་ཀྱིས་བཀང་བའི་སྲང་ལམ་དུ་དམིགས་ཡུལ་གང་ཡང་མེད་པར་གཅིག་འཕྲོར་གཅིག་མཐུད་ནས་ནུབ་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་འདུག

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གང་ལྟར་ཉི་མས་ང་ཚོ་འཚིག་ཉེན་ཆེ།

2015-12-13 དུག་ཞགས།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།