འབྲོང་མོ་ལ།

ཐང་ལ།༼་མཚོ་ལྷོ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-05-13

 ཟླ་ལྔ་བའི་སྒོ་དམར་ཐང་ནི་ཕྱིང་དཀར་ཐང་ལ་བཏིང་བ་དང་འདྲ།བ་ལི་དཀར་བོ་དང་མཛོ་མོ་བལ་ཁུར་སོགས་རྩ་རྩི་ཏོག་རྣམ་པར་བཀྲ་བའི་གསེབ་ཏུ་ལུག་ཁྱུ་ཚོམ་དང་ཚོམ་བུར།རྒྱང་ནས་བལྟས་ཚེ་ཕྱིང་བའི་ངོས་སུ་བརྡལ་བའི་ཕྱུར་བ་བཞིན་གཞི་གཅིག་ཏུ་འདྲེས་ནས་ཡོད།

     འབྲོང་མོ་ལ་རྐེད་དུ་བསྡད་ནས་བལྟས་ན།སྒོ་དམར་ཐང་ནི་སོག་པ་ཞིག་གི་དབྱིབས་སུ་ཡོད།སྟག་ལོས་ལུག་ཁྱུ་ཐང་དུ་བཀྲམས་ཡོད་པ་མཐོང་བ་དང་གོམ་ཁ་དལ་མོས་ངང་ནུབ་ཀྱི་ལ་གཟེས་ནས་བསྐྱོད།བཏུལ་ཐང་ཡངས་མོའི་ངོས་སུ་སྒོ་དམར་ཐང་དང་འདྲ་བའི་ཐང་གཤོང་ནི་བགྲང་གིས་མི་ལང་བ་ཞིག་ཡོད།དེ་བས་ཕྱོགས་གང་དུ་བལྟས་ཀྱང་རྒྱང་རིང་གི་གནམ་ས་འདྲེས་མཚམས་སུ་ལྕགས་རིའི་མུ་ཁྱུད་ཀྱི་རི་ཚོགས་ལས་མཐོང་ལམ་སྒྲིབ་མཁན་ཞིག་མེད།

     སྟག་ལོ་གཅིག་པུ་འབྲོང་མོ་ལ་ཁ་རུ་བུད་དེ་ཉིན་གསར་བ་ཞིག་གདོང་གིས་བསུ་མགོ་བརྩམས།དོན་གྱིས་ཁོ་ལ་ལུག་ཁྱུར་མིག་གིས་འཚོ་བ་ལས་སྒྲུབ་ཆོག་པའི་དོན་གཞན་གང་ཡང་མེད།ཨ་མས་བཤད་ན་ད་ལོའི་ལོ་སར་ན་ཁོ་རང་ཕོ་ལོ་བཅོ་བརྒྱད་ལ་བུད་པ་རེད་ཟེར།ཁོས་ད་བར་དུ་དེ་དག་ལ་དོ་སྣང་ཆེར་བྱེད་མ་མྱོང་།ཁོ་ལ་མཚོན་ན་ཀྱལ་ཙེ་གོམ་ཙེ་ཤེས་ཙ་ནས་སྒོ་ཟོག་གི་རྗེས་སུ་འདུར་ཞིང་།ད་ལྟའང་ལུག་ཁྱུའི་རྗེས་སུ་ཉུལ་བ་ནས་མུན་རུབ་པར་སྒུག་པ་དང་།མུན་རུབ་དུས་ཡང་ནམ་གསལ་བར་སྒུག་པ་དེ་རེད།

ཁོ་གཅིག་པུ་ས་ཆེན་གྱི་ཕང་བར་གན་རྐྱལ་དུ་ལོག་ནས་ཅི་ཙམ་འགོར་ནའང་།ནམ་མཁའ་སྔོ་བསངས་མ་འདིའི་མཐོངས་སུ་མཚམས་རེར་སྤྲིན་དཀར་ཕུང་བོ་རེ་ལྷོ་བྱང་གང་རུང་དུ་རྒྱུ་བའམ།ཡང་མཚམས་རེར་མཆིལ་བ་རེ་འགའ་ཁྲ་ཡིས་བདའ་བ་ལས་ཁོས་རང་ཉིད་ཀྱི་འཇིག་རྟེན་འདིའི་འཁོར་བསྐྱོད་འཇགས་པར་དོགས་ནས་སྣ་གླུ་ཐན་ཐུན་རེ་ཡང་མི་ལེན་ག་མེད་བྱུང་འགྲོ།ཟླ་ལྔ་བའི་སྒོ་དམར་ཐང་ནི་གཞན་སུ་ཞིག་གིས་བལྟས་ཀྱང་ཡིད་ཀྱི་དང་བ་ཅིག་ཅར་འདྲེན་པར་སྲིད་མོད་ཀྱང་།ཁོ་ལ་མཚོན་ན་ཐང་ཀོར་མོ་འདི་ནི་ལག་མཐིལ་དུ་བླངས་ནས་བལྟས་བལྟས་པས་ཁྱད་མཚར་བོའི་རྣམ་པ་གང་ཡང་མེད་པ་འདྲ།མཚམས་མཚམས་སུ་ཁ་བུབ་ཏུ་བསྡད་ནས་རང་གི་ལུག་ཁྱུ་གར་ཡོད་ལ་བལྟ་བ་ལས་ས་འདིིའི་ཡུལ་གྱི་བཀོད་པ་སོགས་ལ་གཡེང་འདོད་ཡེ་ནས་མི་འདུག

སྟག་ལོ།ད་ཁྱོད་ཡང་ཆུང་རྒྱུ་མེད་ཀི ལོ་སར་ན་བཅོ་བརྒྱད་རེད།གཉེན་རྟགས་ཤིག་རྒྱག་རན་རེད་ཡཱ།དེ་ནི་ཁོའི་ཨ་ཁུའི་སྐད་རེད།ཁྱིམ་འདིར་ཁོ་མ་བུ་གཉི་གས་གོམ་གང་སོང་ཡང་ཨ་ཁུའི་ཁར་ཉན་དགོས།

ཨ་མས་ཀྱང་ཨ་ཁུས་སྐད་ཆ་དེ་བཤད་ཉིན་ནས་བཟུང་།ཁོ་ལ་རྒྱུན་པར་འདི་ལྟར་ཟེར་གྱིན་འདུགཞི་ལུ།འུ་མ་བུ་གཉི་གས་ཅི་བྱས་ན་ཡང་ཨ་ཁུས་ཁ་ལ་བལྟ་དགོས་ནི་རེད།ཡིན་ནའང་།ཁོ་ཁྱོའི་ཨ་ཕ་དྲིན་ཆེན་བོ་དང་འདྲ་ཐབས་ཡོད་ནི་མ་རེད།ད་ཁྱོད་ལ་མནའ་མ་ཞིག་ལེན་ཐུབ་སོང་ན།མགོ་སྦྲ་གསར་བ་ཞིག་དབུག་ཨེ་ཐུབ་བལྟ།

སྟག་ལོ་ལོ་ན་དྲུག་ལ་བུད་པའི་སྟོན་ཁ་དེར།ཨ་ཕས་གྲི་རིང་ཐོགས་ཤིང་ཚོ་བའི་མི་ཚོགས་དང་མཉམ་དུ་རྨ་ལུང་ཚོ་བར་ས་རྩོད་དུ་སོང་ནས་ཕྱིར་ཡོང་མེད་སོང་།ཚོ་བའི་མི་དག་གིས་བཤད་ན།ཁོའི་ཨ་ཕ་རྨ་ལུང་ཚོ་བས་གྲི་ཁར་ཤི་སོང་སྐད།ཡང་ལ་ལས་དེའི་ཞོར་ལ་བཤད་ཡན་རྣར་འགྲོ་དཀའ་བ་ཞིག་ལབ་པ་ནི།དེ་ཁོའི་ཨ་ཕ་མ་རེད་ཟེར།ཁོའི་ཨ་ཕ་ཡིན་དངོས་མ་ནི་རང་ཚོ་བའི་དགྲ་འདུལ་རྐེ་རིང་ཡིན་ཟེར།

གཏམ་འདི་ཁོས་ཨ་མར་བཤད་དུས།ཨ་མས་ཁོ་ལ་འགྲམ་ལྕག་ཚ་བེར་བ་ཞིག་བྲབས་པ་ལས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སོང་།དོན་དུ་ཁོས་ཤེས་སོང་སྟེ།ཕྱི་དྲོ་དེར།ཨ་མ་ངུས་སོང་།ཨ་མ་མོ་ཁྱིམ་གྱི་ཟུར་དུ་བསྡད་ནས་མགོ་དཀྲིས་གློ་ཁ་དེས་མིག་ཆུ་ཡང་ཡང་འབྱིད་བཞིན་ཡོད།

ཕྱིས་སུ་ཁོས་གཏམ་དེ་ངག་ནས་གླེང་ཙམ་ཡང་བྱས་མ་མྱོང་།ཡིན་ཡང་།ཁོ་དགྲ་འདུལ་རྐེ་རིང་གི་བུ་ཡིན་མིན་དེ་ལ་ག་དུས་ཀྱང་དོགས་པ་ཟ་བཞིན་ཡོད།

ཨ་མ།ངའི་གཉེན་དོན་འདི་ཕལ་ཆེར་བསམ་ཐོག་ལ་འགྲོ་རྒྱུ་མ་རེད

ཅི་བྱུང་སོང་།དོན་མེད་དུ་ཁ་ཉེས་མ་འབོད

མོས་བཤད་ན་མོ་ཚང་དང་འུ་ཚང་གཉིས་ཁྱིམ་མགོ་མཐུན་ཐབས་ཡོད་ནི་མ་རེད་ཟེར

མོ་སུ་རེད།ཁྱོས་ཤོད་དངཨ་མས་ཇ་འཐུང་མཚམས་བཞག་སྟེ་འཚེར་སྣང་གིས་དྲིས།

འདི་ནི་ཕལ་ཆེར་ཁོ་ལ་མཚོན་ན་དཀའ་ཁག་ཆེས་ཆེར་ལྡན་ཡང་མི་བཤད་ཐུ་མེད་ཀྱི་དྲེི་བ་ཞིག་རེད།ཁོའི་སྣང་བ་ཞིག་ལ་རང་ཉིད་ཀྱི་སྙིང་ཀ་ནས་མེ་སྟག་ཅིག་མཆེད་དེ་ལུས་ཧྲིལ་བོར་ཁྱབ།མེ་སྟག་དེས་ཁོ་ཡང་ཚ་བ་མ་ཡིན་པའི་གཞན་ཞིག་གིས་གདུང་སྟེ་ངག་མི་འཁྲོལ་བ་བཟོས།ཁོས་ཅི་ལྟར་ཨ་མར་གདོད་གཏད་ནས་སྐད་ཆ་འདི་ལབ་དགོས་སམ།

དེ་མིན་ན།སོང་ནས་ཨ་ཁུར་ཤོད།

མིན།ཁོས་ཨ་ཁུར་སྐད་ཆ་འདི་ཤོད་ཐབས་མེད།ཅི་བྱས་ཀྱང་ཨ་མར་བཤད་པ་ལས་འོས་མེད།

མོ་་་་་་

ཀི སྟག་ལོ། ས་རུབ་ཐལ།ཀི་རིང་དེས་ཁོ་རང་གཉིད་ལས་བསླངས་བྱུང་།ཡང་ན།ཁོ་ལ་མཆི་མ་བླགས་པར་སྐུལ་བའི་ཕྱིར་དྲན་གྱི་རྒྱ་ལས་ཕྱིར་འཐེན་བྱུང་།

ཡིན་པ་ནི་རུ་སྐོར་གྱི་ཨ་ཁུ་ཆོས་བྷས་ཁོ་རང་འབོད་ཀྱིན་འདུག ཕྱི་དྲོའི་དུས་ཚོད་ཡོལ་ནས་ཉི་མ་ནུབ་ལ་ཉེ།ལུག་ཁྱུ་དལ་མོས་ངང་ལྷས་སུ་ཕྱོགས་ཀྱིན་འདུག འདི་ཡང་ཁོས་རེ་སྙེག་བྱེད་ཀྱིན་པ་ཞིག་ལོས་ཡིན།ད་ལྟ་ཁོ་རང་འབྲོང་མོ་ལ་ཁར་ཁ་བུབ་ཏུ་བསྡད་ཅིང་།དགོང་ཁའི་མཚམས་སྤྲིན་ཀློང་ནས་བག་ཕེབས་པའི་སྒོ་དམར་ཐང་འདིར་བལྟ་དུས།ཁོས་ཚོད་ཚོད་ལ་རང་ཉིད་ཆུང་ནས་འདྲིས་པའི་དུང་མཚོ་དྲན་བྱུང་།དུང་མཚོ་ད་ལྟ་གང་དུ་ཡོད་དམ།ཁོས་དུང་མཚོར་འོས་མེད་བྱས་སོང་།ཁོ་ལ་གཡང་གི་ལུག་ཁྱུ་འདི་དག་ལྟ་བུའི་རང་དབང་ཞིག་ཀྱང་མི་འདུག 

བུ་སྡུག་འདི།ཁྱོས་ཆུང་མ་དཔེ་མེད་ཅིག་རྙེད་འདུག་ཨང་།

ངེད་གཉིས་ཆུང་འདྲིས་ནས་ད་བར་དུ་འགྲོགས་ཡོང་བ་ཡིིན།

གཉེན་དོན་འདི་གཏན་ནས་འགྲིག་ཐབས་མེད།དེ་བ་ཚང་མི་ཐོག་གསུམ་ལ་ཡུགས་ས་ཡིན་པ་ཁྱོས་མི་ཤེས་སམ།

དེ་ཡིན་ནའང་ཅི་རེད།ངས་གནའ་ནས་མོ་ལ་དམ་བཅོས་ཡོད།

ཕ་རྒོད་པོར་བུ་ཁྭ་ཏ་སྐྱག་ཟན་ཟེར་བ་ད་འདི་མིན་ནམ།ཨ་ཁུ་ཁྲོས་ནས་རྐང་གི་ཨ་ཀྲད་སྐམ་པོ་ཕུད་ནས་ཁོ་ལ་རྡེག་པོར་རྩོམ། 

དེ་ལྟར་ཨ་ཁུ་བཟའ་མི་གང་བོས་ཁོ་ལ་ཐེངས་གཅིག་མིན་པར་གཤེ་བར་གྱུར།ད་ཁོས་དངོས་ནས་མོས་བཤད་པའི་སྐད་ཆ་དེའི་མཐིལ་རྟོགས་སོང་།མོ་ནམ་ཡང་ཁོས་ཚེ་གཅིག་གི་སྐྱ་ཡར་འགྱུར་ཐབས་མེད་པ་འདྲ།འདི་ནི་ཚོ་བའི་རྒན་པ་ཚོས་ལབ་པའི་ཁྲེགས་ཟེར་བ་དེ་མིན་ནམ།དེ་ནི་ཁྲེགས་ཡིན་པས་མོ་རྩིས་ལུང་བསྟན་ཞུ་སྲོལ་མེད་ལ།བཅའ་བ་རིམ་གྲོས་བཅོས་ཐབས་མེད།འདི་ལ་ཁོ་གཅིག་པུའི་ཨུ་ཚུགས་ཀྱིས་ཅི་བྱེད་དམ།སྐབས་འདིེར་ཁོ་ནི་བྱེའུ་ཆུང་གཟེབ་ལ་ཚུད་པ་དང་འདྲ་ཨང་།

ཁོའི་གནམ་ས་གཉིས་ལ་ཁ་ལོ་བརྗེས་པ་དང་འདྲ།ཁོ་རང་ས་གཞི་སྐྱ་ཐེར་བའི་ཕང་བར་འཐོར་རླུང་དང་བུ་ཡུག་གིས་གང་སར་བརྡས་ནས་ཡབ་ཡབ་དུ་ཁུར།དེ་རིང་ལས་དབང་གིས་ཁོ་ལ་ཀུ་རེ་མིན་པའི་རྩེད་མཚར་ཞིག་བྱས་སོང་།ཁོ་རང་ནར་མ་སོན་ན་མི་ཆོག་གམ།

ང་རང་ནར་མ་སོན་ན་མི་ཆོག་གམ།ངས་དུང་མཚོར་གཡར་དམ་བཅོས་ཡོད།ངས་མོ་ལ་ཁྲེལ་མེད་བྱས་སོང་།དངོས་ནས་ཐང་སྐྱེས་ཤིག་གིས་ཁོ་ཚོའི་ཁ་གཏད་གཅོག་ཐབས་གང་ན་ཡོད།འདི་ནི་ཁོ་ཚོས་ཁ་ལས་དབང་ལ་གཡར་ནས་ང་ལ་ཀུ་རེ་དང་རྡོག་རོལ་བཏང་བ་མིན་ནམ།ང་རང་ད་ལྟ་ཉིད་ནས་མོའི་གམ་དུ་འགྲོ་དགོས།མོ་དང་མཉམ་དུ་ས་ཆ་མེད་ཅིག་ཏུ་ཞུར་དགོས།ཁོས་འདི་ལྟར་ཀུ་ཡང་མེད་པའི་ཨ་ཁུ་དང་ལས་དབང་ལ་རྒྱབ་འགལ་བྱས་སོང་།ཁོས་རྟ་ཕོ་དྲུག་ཞེང་ཅན་དེ་ཞོན་ནས་རང་གི་ཆུང་འདྲིས་འཚོལ་བར་རྒྱུག ཁ༌ཕྱིར༌མིག༌ཙམ༌ཡང༌མི༌བལྟ༌བར༌རི༌ལུང༌གི༌སུལ༌མ༌སྟེབ༌བཞིན༌རྒྱུག ཚོ༌བའི༌མི༌རྣམས༌སྦྲ༌སྒོ༌དང༌ཉག༌ཁར༌འདུས༌ནས༌ཁོ༌ལ༌བལྟ༌བཞིན༌ཡོད།ཁོ༌ཚོས༌སྟག༌ལོ༌སྨྱོས༌འདུག༌ཟེར།ཁོ༌ཚོ༌ཁོམ༌དྲགས༌ཏེ༌ཚོ༌བ༌ཕྱི༌ནང༌ནས༌དོན༌དག༌འདི༌ལྟ༌བུ༌རེ༌བྱུང༌ཚེ།བྱིས༌པ༌ཚོ༌ལོ༌ཉུལ༌ལ༌ཞོགས༌ལངས༌པ༌བཞིན༌སྡོད༌མི༌ཚུགས༌པར།སྐོར༌ཚོགས༌མང༌བོར༌བྱས༌ཏེ༌ཧབ༌ཆ༌དིར༌རེར༌ལྟད༌མོ༌བལྟ༌བར༌གོམས༌ཡོད།ཕལ༌ཆེར༌ཁོ༌ཚོས༌ཉིན༌རེ༌རེར།ཡར༌ནང༌ཚང༌གི༌ཞི༌ལུ༌རྟ༌ལས༌འགྱེལ༌སོང༌།”“རུ༌ཞོལ༌མའི༌རྟ༌གསུམ༌ཇག༌གིས༌དེད༌སོང༌།”“རྨ༌ལུང༌ནས༌རྩྭ༌ས༌མེར༌ཤོར༌སོང༌།ལྟ༌བུའི༌གཏམ༌རེ༌གཉིས༌ཨེ༌གོ༌ལ༌ཁ༌གདངས༌ཤིང༌མིག༌རིག༌རིག༌ཡོད།

དུང༌མཚོ།འུ༌གཉིས༌ས༌ཆ༌མེད༌ཅིག༌ཏུ༌འགྲོ།ཁོ༌ཚོ༌འུ༌གཉི༌གའི༌གཉེན༌དོན༌ལ༌འཐད༌པ༌མ༌བྱུང༌ཐལ།ངས༌ཁྱོད༌ལ༌འོས༌མེད༌བྱས༌སོང༌། ”

མིན།དེ༌ཁྱོད༌ལན༌པ༌མ༌རེད།ཁ༌ཡིག༌ནོར༌བ༌རེད།ཁ༌ཡིག༌སྐོར༌ལོག༌ཡིན༌པས༌རེད།འུ༌གཉིས༌མཐུན༌ཐབས༌ཡོད༌ནི༌མ༌རེད།ངེད༌ཚང༌མི༌རབས༌གསུམ༌ལ༌ཡུགས༌ཡིན༌པ༌སུས༌མི༌ཤེས།ངེད༌ཚང༌ལ༌མགྲོན༌པོ༌མེད༌ལ།ཕལ༌ཆེར༌མི༌རྣམས༌ཀྱིས༌ངེད༌མ༌བུ༌གཉིས༌འཇིག༌རྟེན༌དཀར༌ངོགས༌སུ༌གསོན༌མེད༌ཀྱང༌བརྗེད༌ཡོད༌ངེས།

དེ༌ལྟར༌མ༌བཤད།ངས༌དེ༌དག༌ལ༌ཁ༌ཡ༌མི༌བྱེད།ཁོས༌མོའི༌ལག༌ཟུང༌ལ༌དམ༌པོར༌བསྡམས།

ང་མྱིི་ཁར་སྐྲག་པ་གང་ནས་ཡིན།ངས་རང་གི་ཨ་མ་ཁེར་མོར་བསྐྱུར་ནས་འགྲོ་སྲོལ་མེད།ད་ལྟ་མོ་རང་ནད་ཀྱིས་མནར་ནས་མལ་སར་ལྷུང་ཡོད།

ང་མོའི་སར་བལྟ་རུ་སོང་ཆོག་གམ་་་་

འུ་གཉིས་འདྲ་ཐབས་ཡོད་ནི་མ་རེད།མྱི་ཁ་སངས་རྒྱས་ཀྱིས་མི་ཆོད།ངས་ཁྱོད་ངེད་མ་བུ་གཉིས་ཀྱི་དོན་དུ་མྱི་ཁར་ལྷུང་དུ་འཇུག་འདོད་མེད་པས་ཡིན།

མོ་དལ་གྱིས་ཉི་ནུབ་ལ་གདོང་ཕྱོགས་ཏེ་ཡར་འགྲེང་ཞིང་།སྲོད་ཁའི་ལྷགས་བསེར་གྱིས་མོའི་སྐྲ་ལོ་མཉེན་མོ་དག་ཤིག་ཤིག་བསྐྱོད་པར་བྱེད་ལ།སྐབས་འདིར།མོ་ལ་སྐད་ཆ་ལྷག་མ་གང་ཡང་མེད་པ་འདྲ།མོས་སྔམ་པ་མ་ཤོར་ལ་མིག་ཆུའང་མ་བཏང་།སྟག་ལོ་ཡང་མོའི་གམ་དུ་འགྲེང་ཞིང་།ཕལ་ཆེར་ཁོ་གཉིས་སུས་ཀྱང་འདི་འདྲའི་སྲོད་ཀའི་མཚམས་སྤྲིན་ཡག་པོ་ཞིག་མཐོང་མ་མྱོང་སྟེ།དེ་ནི་དེ་འདྲའི་དམར་ཞིང་བསྐྱུར་ཁ་ཚ་ལ།ནུབ་རིའི་ལ་སྟེང་དག་ཏུ་ཉལ་ལ་ནམ་མཁའ་སྔོ་ཡུག་མའི་ངོས་སུ་རྣ་ཚར་བཞིན་སྙིང་ཀར་རབ་ཏུ་སྡུག

ད་ནི།ཉིན་གང་བོར་རང་བསྡོད་མེད་པའི་ཨ་ཉོག་ཚོ་ཡང་སྤོ་བོ་ཨ་ཕྱིའི་པང་དུ་བསྡད་ཡོད་ཅིང་།བྱ་བྱེའུ་དག་ཀྱང་ཚང་དུ་ལོག་ནས་སྐབས་སྐབས་སུ་ཁྱི་སྐད་རེ་རྣ་བར་ཟུག་པ་ལས་འབྲོག་སྡེ་འདི་ཡང་དགུན་གྱི་མཚོ་མོ་བཞིན་འཇགས་སོང་བ་འདྲ།

གནསམ་ས་གཉིས་ཁ་སྤྲོད་དུ་གཉིད་ལ་ཡུར་སོང་།ཚོ་བའི་མི་རྣམས་སྔུར་བ་བྱེངས་བྱེངས་འདྲེན་བཞིན་གཉིད་དུ་ཡུར་སོང་།མཚན་མོ་འདིའི་ནམ་མཁའ་བླ་ལྷག་གིས་དྭངས་ཤིང་སྐར་ཚོགས་ཕྲ་ཆིལ་ལེར།མོ་རང་བྲང་ཁོག་བླ་མེད་མངའ་བའི་སྐྱེས་པ་འདིའི་བྲང་གཞུང་ལ་མགོ་བོ་བསྙེས་དུས།མོས་སྔར་ཚོར་མ་མྱོང་བའི་མཁའ་དབུགས་གསར་བ་ཞིག་གཏོང་ལེན་ཐུབ་པ་དང་འདྲ།བྲང་ཁོག་འདིས་དཀྱེལ་ཡངས་ཀྱིས་མོ་ལ་མོ་ལ་གཞལ་དུ་མེད་པའི་རང་དབང་གི་བར་སྟོང་ཞིག་བཏེགས་སོང་།

ཉིན་དེའི་སྐྱ་མདའ་མ་བཏང་གོང་།ཆར་བ་ཟམ་ཟིམ་ཞིག་བབས་རྗེས་ཀྱི་ཐོ་རེངས་དེར།དཔྱིད་རླུང་གི་བྱབས་བྱུག་ཁྲོད་སྐར་མདའ་ཞིག་བྱང་ལ་ཆད་སོང་།དེ་དུས་མི་རྣམས་ད་དུང་གཉིད་དུ་ཡུར་འདུག

མོས་སྔ་ནས་ཤེས་ཡོད་དེ།མོས་ངུ་སྐད་ཙམ་ཡང་མ་ཤོར།དེ་ནི་ཨ་མས་མོ་ལ་བསླབ་པ་ཡིན་སྲིད།དེ་ནི་མོ་རང་མྱི་ཁར་སྐྲག་པས་མིན་དེ།མོས་རང་གི་ཨ་མ་ཕྱི་མར་ཆས་པ་ནི་ཚོ་བ་འདི་ལ་མཚོན་ན་འབྲེལ་བ་ལར་ནས་མེད་པ་ཞིག་ཡིན་པ་ཤེས་ཡོད་པས་ཡིན།ཁོ་ཚོས་ཡུགས་མོ་དེ་ཤི་སོང་ཟེར་བཞིན་སྐད་ཆ་རླུང་ལ་བསྐུར་བ་ལས་མོ་ཚང་གིས་ཉེ་སར་ཡང་མི་བཏུད་པས་ཡིན།

ནངས་མོ་དེར་སྟག་ལོ་དང་མོ་གཉིས་ཀྱིས་འདས་པོའི་བེམ་པོ་རྟ་ལ་བཀལ་ནས་སྡེ་ཚོའི་མཐའ་ཡི་བྲག་ཐོད་དེར་བྱ་རུ་གཡེང་།

ད་ཡང་སྟོན་མགོ་ཁུགས་སོང་།སོག་པའི་ཁ་ཕྲུམ་ཞིག་དང་འདྲ་བའི་སྒོ་དམར་ཐང་ནི་ལོ་འབྲས་ཁུར་དུ་སྨིན་པའི་གྲོ་ཞིང་གི་རླབས་དང་མཚུངས་ཨང་།སྟོན་རླུང་ལྷོ་ནས་ལྡང་ན།གསེར་གྱི་རླབས་ཕྲེང་སྐྱོམ་པའི་གསེང་ནས་ལུག་ཁྱུ་ནི་ཉ་མོ་ཆུ་རུ་རྒྱུ་བ་བཞིན།ལན་རེར་ཁ་རུ་མངོན་ལ་ལན་རེར་གཏིང་དུ་ཡིབ།སྟག་ལོ་དེ་རིང་ཡང་འབྲོང་མོ་ལ་ཁར་བསྡད་ཅིང་།ད་ལྟ་ཁོས་ཅི་ཡང་དྲན་གྱིན་མེད་པ་འདྲ།ནངས་མོ་དེར།ཁོ་གཉིས་ཀྱིས་དུང་མཚོའི་ཨ་མའི་བེམ་རོ་བྱ་ལ་གཡང་བའི་ནངས་མོ་དེར།ཨ་ཁུས་ཚོ་བའི་གསར་བུ་སྐོར་ཞིག་ཁྲིད་ཡོང་སྟེ།ཁོ་དང་དུང་མཚོ་གཉིས་ཁ་ཁར་བཏང་ཞིང་ཁོ་རང་ཁྱིམ་དུ་བཀག་ཉར་བྱས།ཕྱི་ཉིན།ཚོ་བའི་མི་རྣམས་ཀྱིས་དུང་མཚོ་གར་སོང་མི་ཤེས་པའི་སྐད་ཆ་ཞིག་འཁྱག་རླུང་བཞིན་ཁོའི་རྣ་རྩར་བསྒྲགས་ཡོང་།འཁྱག་རླུང་འདི་ཁོའི་རྣ་སྒོ་ནས་ལུས་ཡོངས་སུ་ཁྱབ་ཅིང་།འཁྱག་རླུང་འདིས་ཁོ་རང་ལུས་སེམས་ཕྱི་ནང་མེད་པར་འཁྱག་ཤུར་རེར་བཏང་ལ།ཡ་ཆུང་སྟོད་རྒྱུད་བསྐྱུར་མེར་མེར་བྱེད།

ཁྱོད་ཡུགས་མོ་དེ་ཚང་གི་སར་ཐེངས་གཅིག་བཏུད་ཚེ།ཨ་མ་ད་ལྟ་ཉིད་ནས་འདི་རུ་ལྕེབས་རྒྱུ་ཡིན།ཨ་མ་ས་རུ་པུས་ཚུགས་སུ་བསྡད་ནས་ཁོ་ལ་ངུ་ངག་འདྲེས་མའི་ཞུ་བ་བྱས།སྡེ་ཚོའི་མི་རྣམས་ཁོ་ཚང་གི་ཉེ་སར་རུབ་ནས་ཁོ་མ་བུ་གཉིས་ཀྱི་ལྟད་མོར་བལྟས་ནས་འདུག ཁོས་ཅི་བྱེད་དམ།ཁོས་རང་ལ་སྙིང་ལྟར་གཅེས་མཁན་གྱི་ཨ་མར་རྒྱབ་འགལ་བྱེད་ཐབས་མེད།

ཕྱི་ཉིན།ཨ་ཁུས་ཁོ་རང་ཁྲིད་ནས་ཨ་ལགས་ཚང་གི་མདུན་སར་མོ་རྩིས་ལུང་བསྟན་ཞུས་ཤིང་།ཁྲུས་གསོལ་དང་སྔགས་རྒྱག་ཡང་ཡང་བྱས་པའི་མི་ཚད།ཁོ་ལ་སྲི་བརྟན་པའི་སྲུང་འཁོར་ཞིག་ཀྱང་བཏགས།དེ་ནས་བཟུང་ཡགས་མོ་དེ་མ་བུ་གཉིས་ཀྱིས་ཁོ་ལ་བགོས་པའི་གྲིབ་ཡང་སེལ་སོང་ཟེར།

ཁོ་ནི་ཅི་འདྲའི་ཉམས་ཆུང་བ་ཨང་།ཁོས་ཅི་ནས་ཀྱང་རང་གི་ལས་དབང་ལ་ཁོ་ལོ་བསྒྱུར་མི་ཐུབ་བམ།ཨ་ཁུ་དང་ཚོ་བའི་མི་རྣམས་ཀྱིས་བགྲོས་བགྲོས་མཐར།ཁོ་རང་སྒོ་དམར་ཐང་དུ་ལུག་རྫིར་བཅུག་སོང་།ད་ནི་ཁོ་རང་འཇིག་རྟེན་ཕྱི་རོལ་དང་རྒྱང་ཐག་ཁད་ཀྱིས་རིང་བའི་བས་མཐའ་ཞིག་ཏུ་སྤྱུགས་སོང་།

ཁོ་རང་འབྲོང་མོ་ལ་ཁར་བསྡད་ནས་མུན་རུབ་པར་སྒུག་ཅིང་།མུན་རུབ་དུས་ཡང་ནམ་གསལ་བར་སྒུག ཁོ་ནི་འདི་ལྟར་ནུབ་ཁའི་མཚམས་སྤྲིན་དང་ཞོགས་ཀའི་ཉི་འོད་ཁྲོད་ས་ཆེན་གྱི་སོག་རྒྱབ་ནས་ལུག་དང་དབྱེར་མེད་དུ་འདྲེས་སོང་།

                                                                                         རྩོམ་སྒྲིག་པ། དབང་མོ།

                                                                             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོང་མོ་ལ།

2016-05-13 ཐང་ལ།༼་མཚོ་ལྷོ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།