སྡོང་འཛུགས་ནགས་སྐྲུན།

དུས་རབས་ཉེར་གཅིག་གི་དུས་མགོ་ནི་ཀྲུང་གོའི་སྤྱི་ཚོགས་ལ་མཚོན་ན།ཇི་འདྲའི་བློ་ཡུལ་ལས་འདས་པ་ཞིག་རེད་ཨང་།འཕེལ་རྒྱས་ཀྱི་རྦ་རླབས་དྲག་པོའི་ཁྲོད་ན།མི་རྣམས་ནི་བཀྲེས་ལྟོགས་ཀྱིས་མནར་བའི་སྤྱང་ཀི་ཞིག་དང་འདྲ་བར། ཡར་ཉུལ་མར་ཉུལ་གྱི་ལས་ལ་བྲེལ་བཞིན་གདའ། ལྷག་པར་དུ་ནུབ་བརྒྱུད་གསར་སྤེལ་ཆེན་མོའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་།བདེ་སྐྱིད་ཀྱི་ཉི་ཟེར་དྲོད་མོ་དེ་ཡུན་རིང་ལ་མུན་ནག་དང་རྗེས་ལུས།དཀའ་སྡུག་གིས་མནར་བའི་ནུབ་བྱང་ས་ཁུལ་གྱི་ཕྱོགས་གང་སར་ཁྱབ།ལུང་མགོ་སྡེ་བའང་དེ་ལས་མ་འདས་པར་རྨོ་བསྐྱུར་རྩ་འདེབས་ཞེས་པའི་ལས་གཞི་ཞིག་ལག་བསྟར་བྱས་ནས་སྐབས་དེའི་ཀྲུང་གོའི་སྤྱི་ཚོགས་ཀྱི་གནས་བབ་དང་བསྡོངས་ནས་ཚ་ཚ་འུར་འུར་དུ་སོང་།

                                ༢

ང་རང་གཉིད་མ་སད་ཀྱི་སྐབས་དེར། ཨ་ཕས་བསང་འཕུད་ནས་ལྷ་གསོལ་བྱེད་ཀྱིན་འདུག དེ་ནས་ང་རང་མལ་ས་ནས་ཕར་འགུལ་ཚུར་འཁོར་བྱས་ནས་ཅུང་ཙམ་ཉལ་ནས་བསྡད་པ་ན། ཨ་མས“ད་ལངས་རན་དང་ཟིག དུང་བརྡ་སྔ་མོ་ནས་བརྒྱབ་དང་གི འགྲོ་རན་འདུག”ཅེས་ཕྱི་ནས་ང་བོས་བྱུང་། ངས་ཀྱང“ཡ”ཞེས་པ་དང་མཉམ་དུ་འགྲེ་ལྡོག་ཅིག་བྱས་ཏེ་མྱུར་དུ་སྒོར་བུད། མཐོ་སྒང་གི་དཔྱིད་ཀའི་ཞོགས་པ་ནི་ཉི་འོད་ས་གཞི་ལ་འཕྲོས་ཡོད་ཀྱང་། ད་རུང་ཅུང་གྲང་བའི་ཚོར་བ་ཞིག་སྟེར། གནམ་ངོ་དེ་ཡང་སྐབས་དེའི་ཡུལ་མི་ཚོའི་སེམས་ཁམས་དང་འདྲ་བར་ནག་ནོག་གི་དྲི་མ་དང་བྲལ་ཅིང་། ང་རང་འདར་སིག་རྒྱག་ཞོར་ནང་དུ་ཡོང་ནས།“དེ་རིང་ཇི་འདྲའི་གྲང་བ”ཞེས་བཤད་པ་ན། ཨ་མས་“གནམ་ཐང་ཡོད་པས་སྟབས་རེད་”ཟེར།

བྲེལ་བྲེལ་འཚུབ་འཚུབ་ཀྱིས་ནངས་ཇ་འཐུང་རྗེས།ཨ་མས“འགྲོ་རན་དང་ཟིག རྗེས་མ་ཆོད་ན་སྡིགས་ནི་རེད”ཅེས་བཤད་ཞོར། རྙིང་ཧྲུལ་དུ་གྱུར་བའི་བྲོ་ཁུག་ལག་ཏུ་བཟུང་བྱུང་ལ། ངས་ཀྱང་ཨ་མ་དང་ངེད་གཉིས་ཀྱི་ལྕགས་ཁེམ་ལག་ཏུ་བཟུང་སྟེ་སྡེ་དཀྱིལ་ཏུ་ཡོད་པའི་མ་ཎི་ཁང་གི་ཕྱོགས་སུ་མྱུར་མོར་སོང་།

མ་ཎི་ཁང་གི་སྒོ་ཁར་ཐོན་དུས་སྡེ་མི་མང་ཤོས་སྔ་མོ་ནས་ཐོན་འདུག སྐྱེས་པ་ཚོ་གཅིག་ཏུ་འདུས་ནས་ལ་ལས་ལག་ཏུ་དུ་རྐང་རེ་བཟུང་ནས་ཁ་བརྡ་བཤད་ཞོར། མི་རྣམས་ཀྱི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག ངས་བལྟས་མ་ཐག་ཏུ་ཁོ་ཚོའི་ཁ་བརྡ་ཇི་འདྲའི་དགོད་བྲོ་བ་ཞིག་བཤད་བཞིན་པར་བསམ་ནས། མྱུར་དུ་ཁོ་ཚོའི་གམ་དུ་སོང་། སྐྱེས་མ་ཚོའང་སྒོ་ཁའི་གྱང་རྩར་འདུ་ནས་ཁ་བརྡ་བྱས་འདུག མཚམས་རེར་ཁོ་མོ་ཚོའི་དགོད་སྒྲ་དེ་ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མི་འདུག་པའི་ཁོར་ཡུག་དེར་ཁྱབ་འགྲོ ཕར་བལྟས་ཚོད་ཀྱིས། གོ་རྒྱུ་མི་འདུག་པའི་ཁ་བརྡ་དེ་ཇི་འདྲའི་གསང་བ་ལྐོག་གྱུར་ཅིག་ཡིན་པ་འདྲ་ལ། ཡང་ཅི་འདྲིའི་ཁ་བརྡ་བྲོ་བ་ཅན་ཞིག་བྱེད་བཞིན་པའི་ཚོར་བ་ཞིག་ཀྱང་སྟེར། མི་རེ་རེའི་བྱ་བྱེད་ལ་བལྟས་ན་རང་ཉིད་ཀྱི་སྣང་བརྙན་ཞེས་པ་དེ་སྔ་མོ་ནས་དོར་འདུག་པ་འདྲ།

ཉི་མ་ཤར་ཕྱོགས་རི་རྩེ་ནས་དལ་གྱིས་མཁའ་ལ་འཕགས་ནས་ཤེས་མེད་ཚོར་མེད་ཀྱི་ཅུང་མཐོ་སར་སླེབས་འདུག སྡེ་དཔོན་ཆེ་རིང་གི་ལག་ཏུ་འབྲི་དེབ་རྙིང་བ་དེ་བཟུང་ནས་ཉི་མ་ལ་བལྟ་ཙམ་བྱས་རྗེས་ཅུང་ཐབས་ཟད་ཀྱི་ཉམས་ཤིག་ཤར་ནས“ཡ་ཡ། ད་ཚང་མས་་ཅུང་སྒུག”ཅེས་བཤད་རྗེས་སླར་ཡང་གྱང་རྩར་སོང་ནས་ཉི་མར་ལྡེ།དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་མི་ཚང་མས་སྐད་མགོ་ཡང་ཇེ་དམའ་རུ་འགྲོ་བའི་ཚོར་བ་སྟེར། སྐབས་དེར་ངའི་གམ་ན་ཡོད་པའི་ཨ་ཕྱིས་བྱམས་པས་སྐད་གདངས་དམའ་མོས“ཨུན།   མགོ་ཁྲིད་འདི་ཚོ་ད  ། ” ཞེས་སྡིགས་དམས་བྱེད་ཤོར་སྡེ་དཔོན་ལ་ལྟ་ཙམ་བྱེད།ཨ་ཅེ་མཚོ་མོས་ཀྱང་གམ་ནས་རྒྱབ་སྐྱོར་གྱི་ཚུལ་ཏུ“ཨོད་ལེད།ངས་ད་རུང་ཕག་ལ་ལྟོའང་ལུད་མེད”ཅེས་བྲེལ་འཚུབ་ཀྱི་ཉམས་ཤིག་བསྟན།

སྡེ་དཔོན་གྱིས་ཀྱང་ཁོ་ཚོའི་ཉམས་འགྱུར་ཤེས་པའམ་ཡང་ན་ཁོ་རང་བྲེལ་འཚུབ་སྐྱེས་པ་གང་ཡིན་མི་ཤེས་མོད།ལག་པ་གཡོན་པའི་དུས་ཚོད་ལ་བལྟ་ཙམ་བྱས་རྗེས།མགོ་དགྱེ་ནས་ཉི་མ་ལའང་བལྟ་ཙམ་བྱེད་པ་དང་།དེ་ནས་མདུན་ཕྱོགས་ན་དྲང་ཐད་དུ་འཐེན་འདུག་པའི་ལམ་ཕྲན་དེར་བལྟས་ནས་དངན་པ་ཞིག་འཐེན།ཏག་ཏག་སྐབས་དེར་ལ་མདུན་ཕྱོགས་ཀྱི་ས་རྡུལ་སྟུག་པོ་ཞིག་དང་བསྟུན་ནས་དེའི་གསེབ་ནས་རླངས་འཁོར་ནག་པོ་ཞིག་བྱ་འཕུར་བ་ལྟར་རྒྱུགས་ནས་ཐོན་བྱུང་ལ།སྡེ་དཔོན་གྱི་ངོ་མདངས་ཀྱང་རླངས་འཁོར་གྱི་འགྲོས་དང་འདྲ་བར་གློ་བར་དུ་འགྱུར་ནས།ཧ་ཅང་དགའ་བའི་མཛུམ་མདངས་ཤིག་མངོན་བཞིན།སྔོན་ལ་སོང་ནས་བསུ་བ་བྱས།སྡེ་མི་རྣམས་ཀྱང་ཡར་ལངས་ནས་རླངས་འཁོར་གྱི་ཕྱོགས་སུ་ཅེར་ནས་བསྡད།

རྩེད་གྲོགས་རབ་བརྟན་གློ་བར་ཏུ་ངའི་གམ་ལ་ཡོངས་ནས“གན་འུ་གཉིས་ཀྱིས་ཁ་སང་ངེད་ཚང་གི་བརྙན་འཕྲིན་ལས་རིག་ནོ་དེ་རེད”ཅེས་མིག་མདངས་ལས་ཁྱད་མཚར་གྱི་ཉམས་ཤིག་མངོན་ནས་ང་ལ་བཤད།ངས“རེད”ཅེས་ལན་བཏབ་རྗེས། ངེད་གཉིས་གཅིག་ལག་གཅིག་གི་འཇུས་ནས་རླངས་འཁོར་གྱི་ཉེ་སར་བཅར།དེ་དུས་ངས་རླངས་འཁོར་ནི་བརྙན་འཕྲིན་ལས་ཐེངས་འགར་རིག་པ་མ་གཏོགས། དངོས་སུ་མཐོང་པ་ནི་ཐོག་དང་པོ་ཡིན།

རླངས་འཁོར་ལས་ནུབ་ལྭ་ནག་པོ་གྱོན་པའི་མི་བཞི་ཐང་ལ་བབས་པ་ན། སྡེ་དཔོན་མྱུར་དུ་གམ་ལ་སོང་ནས་འཛུམ་དམུལ་དམུལ་གྱིས་ལག་འཇུ་བྱེད་ཤོར་འཚམས་འདྲི་བྱེད་བཞིན་འདུག རབ་བརྟན་དང་ངེད་གཉིས་དེའི་མཐའ་འཁོར་ནས་ཡར་བརྒྱུགས་མར་བརྒྱུགས་བྱས་པ་ན། སྒྲོལ་མ་སོགས་རྩེད་རོགས་གཞན་དག་ཀྱང་ཧ་ཅང་ཡ་མཚན་པའི་མིག་མདངས་ཀྱིས་རླངས་འཁོར་དེར་ཅེར།  མ་གཞི་རླངས་འཁོར་ནག་པོ་ས་རྡུལ་གྱིས་གཡོགས་ནས་སྐྱ་བོར་གྱུར་འདུག་ལ། ཞིབ་ཏུ་མ་བལྟས་ན་མདོག་ནག་ཡིན་པའང་མི་ཤེས །

དེ་ཚོའི་ཁྲོད་ཀྱི་ངོ་མདངས་དཀར་ཤིང་ལུས་ཤ་རྒྱགས་པའི་མི་དེ་སྔོན་ནས་འགྲོ་སྐབས།རྗེས་མའི་མི་དེའི་སྔོན་གྱི་མི་དེའི་དོར་མའི་མདའ་ཡི་ས་རྡུལ་སྤྲུགས་ཙམ་བྱས་མོད།འོན་ཀྱང་ལུང་མགོ་སྡེ་བ་ནི་མ་གཞི་ནས་ས་རྡུལ་གྱིས་བཏུམས་ཡོད་པས། ཇེ་གཙང་དུ་གཏོང་མ་ཐུབ་པར་སྔར་ལས་ཇེ་བཙོག་ཏུ་བཏང་བས། མི་དེའི་སྤྲུགས་མཚམས་བཞག

ལུང་མགོ་སྡེ་བ་ནི་གནའ་མི་ཚོའི་ངག་རྒྱུན་ལས་བཤད་ན་བསྐལ་བ་ཆགས་པའི་དུས་མགོ་ནས་ཆགས་ཡོད་རབ་བཤད་ཀྱང་། ལོ་རྒྱུས་དེབ་ཐེར་ཀྱི་ཁུངས་གཏུགས་ནའང་།མ་མཐའ་ཡང་ལོ་ངོ་ཆིག་སྟོང་གི་ལོ་རྒྱུས་ཡོད་པའི་གནའ་གྲོང་ཞིག་ཡིན།ཡིན་ཡང་འཕེལ་རྒྱས་གྱི་ངོས་ནས་བརྗོད་ན།ལུང་མགོ་སྡེ་བ་ནི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་དུས་བཞིའི་འགྱུར་ལྡོག་ཙམ་ལས།བྱ་དངོས་གསར་བ་ཞིག་ཕར་ཤོག ཐ་ན་གཏམ་གསར་ཞིག་ཀྱང་ཐོས་དཀའ་བོ་ཡོད།དེ་རིང་གློ་བར་དུ་འདི་འདྲ་བྱུང་ལ་སྡེ་མི་ཚོའང་ཡ་མཚན་སྐྱེ་བཞིན་ཡོད་པ་འདྲ། ཁོ་ཚོས་མཚམས་རེར་རླངས་འཁོར་གྱི་ཕྱོགས་ལ་ལྟ་ཤིང་། མཚམས་རེར་རླངས་འཁོར་ལས་བབས་པའི་མི་དག་ལའང་ལྟ་བཞིན་འདུག

སྡེ་དཔོན་གྱི་བཀོད་སྒྲིག་འོག་སྡེ་མི་ཚོ་གཞི་གཅིག་ཏུ་འདུས་ནས་ཚོགས་འདུ་འཚོགས་མགོ་བརྩམས་བྱུང་། དེ་ནས་ལུས་བོངས་ཆེ་བའི་མི་དེས་ལག་ཁུག་ལས་འོ་མ་བཞིན་དཀར་བའི་ཡིག་ཆ་འགའ་ལངས་ནས“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས”ཞེས་བཏོན་བྱུང་བས། ངས་ཅི་ཡང་མ་གོ་ལ། གཡས་འགྲམ་ཏུ་ཡོད་པའི་རླངས་འཁོར་དེའི་ངའི་ཡིད་དབང་ཅིག་ཅིར་འཕྲོག་ནས་ཅི་ཡང་གོ་རུ་མ་བཅུག ཡིན་ཡང་སྡེ་མི་ཚོའི་མིག་མདངས་ལ་བལྟས་ན་མིང་ཚིག་དེ་དག་ནི་ཧ་ཅང་རྩ་ཆེན་ཏག་ཏག་ཡིན་པ་དང་།རྒྱ་ཆེ་ཞིང་དོན་ཟབ་པའི་གཏམ་བཤད་གལ་ཆེན་ཡིན་པ་རང་ཤུགས་ཀྱིས་རྟོགས་ཐུབ།མཇུག་མཐར་སྡེ་མི་ཚོའི་འཐེབ་སྒྲའི་ཁྲོད་ནས་ངས་ཚོགས་འདུ་དེ་འཇུག་སྒྲིལ་བ་ཤེས།

རྨོ་བསྐྱུར་རྩ་འདེབས་ཀྱི་ལས་གཞི་དེ་སྡེ་མི་ཚོའི་དགོད་སྒྲ་དང་འཛུམ་མདངས་ཁྲོད་ནས་དངོས་སུ་ལག་བསྟར་བྱེད་མགོ་ཚུགས་ཞིང་།སྡེ་མི་ཚོས་ཟླ་འགའི་རིང་ལ་སྡེ་འདབས་ཀྱི་ས་རྒོལ་དང་ཐོན་བབས་མི་ལེགས་པའི་ས་ཞིང་དུ་སྡོང་ཕྲུག་བཙུགས་ཤིང་། རྩྭ་འབྲུ་གཏོར་ནས་སྡོང་འཛུགས་ནགས་བསྐྲུན་གྱི་ལས་ལ་འབད་པ་ཧུར་ཐག་བྱས།མཇུག་མཐར་སྟོན་འཇུག་གི་ལྷགས་རླུང་ནི་གཏུབ་་གྲི་ཞིག་དང་འདྲ་བས། ལས་གཞིའང་རེ་ཞིག་མཚམས་མི་འཇོག་ག་མེད་བྱུང་།

                                  ༣

སྟོན་མཇུག་གི་དུས་དེར་དགུན་རྒྱ་སྟག་འདྲ་བོའི་བཙན་འཛུལ་གྱིས་སྡོང་ལོ་སེར་པོ་དག་ཀྱང་ལྷགས་རླུང་ཁྲོད་ནས་ཡར་འཕུར་མར་འཕུར་བྱས་ནས་ཚར་འདུག་ལ།སྡོང་བོའི་ཡལ་ག་དག་ཀྱང་གཅན་གཟན་གཟེབ་མོ་དང་འདྲ་བར་འཕྱང་ནས་འདུག རིམ་གྱིས་ཁ་བ་ཐར་ཐོར་རེ་བབས་པ་དེས།ད་ནི་ལུང་མགོ་སྡེ་བའི་བུད་མེད་ཚོར་མཚོན་ན་ཡང་ལས་གཞི་གཞན་ཞིག་གི་མགོ་བརྩམ་དགོས་པའི་དྲན་སྐུལ་དང་འདྲ་བར།དེ་རིང་ཡང་ན་གནངས་ཉིན་གཞེས་ཉིན་མ་འདས་པར།ནམ་མཁའི་སྐར་ཚོགས་ཀྱིས་འོད་ཟེར་ལམ་ལམ་ཏུ་འཕྲོ་བའི་སྐབས་དེར།ཨ་མས་ང་རང་གཉིད་ལས་དཀྲོགས་ཏེ།“ཡར་ལ་ལོངས་དང་།དེ་རིང་སློབ་གྲྭར་འགྲོ་མི་དགོས་པས།ཨ་མར་ནགས་་ལ་འགྲོ་རོགས་བྱས”ཟེར།དེ་ནས་ངས་གཉིད་འདོད་ཀྱི་སྨུག་གསེབ་ནས“ཨ་མ་དེ་རིང་ནགས་ལ་མ་སོང་ན་མི་ཆོག་ནས”ཞེས་དྲིས་པ་ན།ཨ་མས“སྡེ་ཚང་མ་འགྲོ་བཞིན་འདུག མ་སོང་ན་གཞན་གྱི་སྙིང་དཀྱུས་མི་གཏོང་ནས། ཕྱིར་ཐོན་ན་ཨ་མས་ཀ་ར་ཉོ”ཞེས་བཤད།སྐད་གདངས་ལ་བལྟས་ན་དེ་ནི་ཨ་མ་ཐབས་སྡུག་ནས་ང་ལ་བཤད་པ་ཤེས་ཐུབ།དེ་དུས་ང་སོང་ནས་ཨ་མར་ནགས་གཅོད་རོགས་བྱེད་མི་ཐུབ་རུང་།བོང་འདེད་དགའ་ཞིག་བྱེད་ཐུབ་པས།ཨ་མར་དེ་ཡང་ཁོའི་ལས་ཚེགས་མང་པོ་ཞིག་འཕྲོག་ཡོད་པར་བསམ་འདུག་པས།གཟའ་མཇུག་ཐོན་ན།ང་རང་ནམ་མ་གསལ་གོང་མལ་ལས་ལངས་ནས་ཨ་མ་དང་མཉམ་དུ་ནགས་ལ་འགྲོ་དགོས།ང་རང་གཉིད་མ་སད་ཀྱི་ཡར་ལ་ལངས་ནས་ཨ་མ་དང་མཉམ་དུ་སྒོར་བུད་པ་ན། སྒོ་འགྲམ་ན་ཆུན་པོ་དང་ཆུན་པོ་བྱས་ཡོད་པའི་བུད་ཤིང་དེ་དག་མཐོང་བྱུང་ལ།དེ་ནས་ངས་རང་ཉིད་ལ“འདི་འདྲ་ཞིག་ཡོད་ཀི ད་རུང་ནགས་ལ་འགྲོ་དགོས་གི”ཞེས་འཁང་ར་ཞིག་བྱས་རྗེས། ཨ་མའི་རྗེས་དེད་ནས་སོང་། ཏག་ཏག་སྡེ་བའི་ནང་གི་ཨ་ཅེ་ཚེ་སྐྱིད་ལ་སོགས་ཀྱང་ངེད་ཚང་གི་ལམ་སྣེ་ན་འགྲོ་བཞིན་པའི་སྒང་རེད། སྐབས་དེར་ཨ་ཅེ་ཚེ་སྐྱིད་ཀྱིས་སྐད་གདངས་ཕྲ་མོས”ཁྱོད་མ་བུ་གཉིས་རེ་མ་ཤོག”ཟེར། ལྷིང་འཇགས་འཇིག་རྟེན་དེ་ནས་གློ་བར་དུ་སྐད་གདངས་དེ་ཐོས་པས།ང་རང་འཇིགས་སྣང་ཞིག་སྐྱེས་ལ།དེ་དང་མཉམ་དུ་བདེ་འཇགས་ཀྱི་ཚོར་སྣང་ཞིག་ཀྱང་བྱུང་། ངེད་གཉིས་ཁོ་ཚོའི་རྗེས་ཆོད་པ་ན།ནམ་རྒྱུན་དང་འདྲ་བར་ང་དང་མཉམ་སྐྱེས་མཉམ་འགྲོགས་ཡིན་པའི་རྩེ་གྲོགས་རྡོ་རྗེ་དང་སྟོབས་ལྡན།ད་རུང་ལྷ་མོ་དག་ཀྱང་གྲང་འདར་བྱེད་བཞིན་བོང་བུའི་རྗེས་ན་འགྲོ་བཞིན་འདུག་པས།ངས་ཀྱང་ངེད་ཚང་གི་བོང་བུ་གསུམ་པོ་མྱུར་དུ་ཁོ་ཚོའི་གྲལ་ལ་དེད་རྗེས། ཁོ་ཚོ་དང་མཉམ་དུ་གསལ་རྒྱུ་མེད་པའི་ཟླ་འོད་དེར་བརྟེན་ནས།རང་ཉིད་རྒྱུས་མངའ་ཆེ་བའི་ལམ་ཕྲན་དེ་དེད་ནས་རྫ་མགོའི་ནགས་གསེབ་ཀྱི་ཕྱོགས་སུ་བསྐྱོད།

                                                                             རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡོང་འཛུགས་ནགས་སྐྲུན།

2016-07-13 རྡོ་གོ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།