ཤ་མོ།

བྱང་བློ་བཟང་ཀུན་མཁྱེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-09-12

                           ༡

“མདང་ནུབ་མཚན་གང་པོར་ཆར་བ་བབས་སོང་བས།  ཡང་ཤ་མོ་མང་པོ་ཞིག་སྐྱེས་ཡོད་ངེས། ད་ཡར་ལོངས་ཤ་མོ་སྒྲུག་ཏུ་འགྲོ”

“ཤ་མོ་སྒྲུག་ཏུ་འགྲོ”ནམ་གསལ་པོ་ཞིག་ལངས་མེད་པས།རྒྱང་རིང་གི་ཡུལ་ལྗོངས་ཚང་མ་རབ་རིབ་ཙམ་ལས་མི་མཐོང་ཡང་།ཐར་ཐོར་དུ་གནས་ཡོད་པའི་རི་གྲོང་ཆུང་ཆུང་འདིའི་དུད་ཁྱིམ་དག་གི་སྒོ་ནས་མི་མང་པོ་ཞིག་ཐོན་ཏེ་གྲོང་ཚོའི་རྒྱབ་མདུན་གྱི་སྤང་རི་དག་གི་སྟེང་དུ་ཤོར་འགྲོ།

                           ༢

“ཉེ་ཆར་རྫོང་ཐོག་ཏུ་ཤ་མོ་རྒྱ་མ་གང་རེར་སྒོར་བརྒྱ་ལྷག་སྟེར་གྱི་འདུག”འདི་ནི་ཉིན་ཤས་སྔོན་ཤང་ཐོག་ཚོགས་འདུར་ཕྱིན་པའི་གྲོང་ཚོའི་ཀྲུའུ་རིན་ལགས་ཀྱི་སྐད་ཆ་རེད། ཉིན་འདི་གའི་རིང་རི་གྲོང་ཆུང་ཆུང་འདིར་སྐད་ཆ་དེས་གྲགས་འགུལ་མི་ཆུང་བ་ཞིག་བཞག་སོང་།དེ་ནི་ནམ་རྒྱུན་ཚོགས་འདུའི་དགོངས་དོན་ཞིག་ཁྱབ་བསྒྲགས་བྱས་པ་ལས་ཀྱང་གྲགས་འགུལ་ཆེ་ཞིང་ལག་བསྟར་མཁས་པར་འདུག གྲགས་འགུལ་དེ་དང་བརྒྱུད་ནས་ཡུལ་མི་མང་ཆེ་བས་རང་འགུལ་གྱི་ལས་འགུལ་ཆེན་པོ་ཞིག་ཀྱང་སྤེལ་སོང་།  ད་ནི་དུད་ཁྱིམ་མང་ཆེ་བའི་ཁྱིམ་མི་ཚང་མ་ཤ་མོ་སྒྲུག་པའི་ཚ་རླབས་ཤིག་ཕྱུར་ཡོད།གྲོང་ཆུང་འདིའི་ནང་གི་རྒན་པོ་རབས་ཆད་བཀྲ་རྣམ་དང་ཕྱུག་བདག་ཉི་མ་ཚང་མ་གཏོགས་དུད་ཁྱིམ་ཚང་མའི་རྒན་དར་གཞོན་གསུམ་གྱིས་ཤ་མོ་སྒྲུག་གིན་ཡོད།   ཤ་མོ་སྒྲུག་རྒྱུ་ནི་ཡུལ་མི་མང་ཆེ་བའི་ལས་འགན་ཡིན།  ཤ་མོ་སྒྲུག་རྒྱུ་ནི་ཡུལ་མི་མང་ཆེ་བའི་དགའ་ཕྱོགས་ཀྱང་ཡིན། ཤ་མོ་ལོས་སྒྲུག   ཤ་མོ་མང་པོ་སྒྲུག་ཐུབ་ཚེ་དངུལ་ཡོད་ངེས།     དངུལ་ཡོད་ཚེ་་་་་་་ཧ་ཧ་་་་གྲོང་མི་རེ་རེའི་གདོང་ལ་འཛུམ་ཆུང་མི་འདྲ་བ་རེ་མངོན་ཡོང་།གྲོང་མི་རེ་རེའི་ཁོག་ལ་འཆར་གཞི་མི་འདྲ་བ་རེ་དྲན་ཡོང་།

                         ༣

གྲོང་ཆུང་འདིའི་མི་ཚོས་ཤ་མོ་སྒྲུག་མགོ་བརྩམས་བྱུང་།ནམ་རྒྱུན་ཕྱུགས་ཟོག་དང་རྫི་བོ་དག་གི་རྐང་རྗེས་ལས་འཇོག་མ་མྱོང་བའི་གྲོང་ཆུང་རྒྱབ་ཀྱི་སྤང་རི་དེར་ད་ནི་ལོ་ལོན་དང་བྱིས་པ་བརྩིས་པའི་གྲོང་མི་ཕལ་ཆེ་བ་སླེབས་འདུག  ནམ་རྒྱུན་ཕྱུགས་ཟོག་གི་རྗེས་ནས་གོག་མ་ནུར་གྱིས་ཕྱུགས་རྫི་འགྲོ་འདོད་ལ་མི་འདོད་མཁན་ཚོ་ཡང་ད་ནི་ཕྱུགས་ཟོག་སྔོན་ལ་སླེབས་འདུག     ལོས་ཡིན་ཏེ་ཕྱུགས་ཟོག་གི་སྔོན་དུ་ཕྱིན་ཏེ་ཤ་མོ་མ་སྒྲུག་ཚེ་ཕྱུགས་ཟོག་གི་མཇུག་ན་ཕྱུགས་ཟོག་གི་ཁ་ལམ་དུ་ལྷག་པའི་ཤ་མོ་ཞིག་ཕལ་ཆེར་རྙེད་དཀའ།ཉིན་འདི་གའི་རིང་གྲོང་མི་ཚོར་ལས་འགན་གཅིག་ཡོད་པ་ནི་ཤ་མོ་སྒྲུག་རྒྱུ་དེའོ།ཞོགས་རེ་རེ་བཞིན་གྲོང་མི་དག་ཁྱིམ་ནས་དོན་ཏེ་རི་ལ་འགྲོ།དགོང་རེ་རེ་བཞིན་གྲོང་མི་དག་རི་ལས་བབས་ནས་ཁྱིམ་ལ་ལོག      ནམ་རྒྱུན་དགོང་མོར་གོ་ཁ་ནས་ཚོད་མ་ཚ་སོབ་སོབ་རེ་རེ་འཐུང་བཞིན་རྒན་ཁོག་དག་གི་སྒྲུང་ལ་ཉན་སྲོལ་ཡོད་ཀྱང་ད་ནི་དགོང་མོ་སླེབས་ཚེ་ཁྱིམ་མི་ཚང་མས་རང་རང་གིས་སྒྲུག་པའི་ཤ་མོ་བརྩིས་ནས་སུས་ཉིན་གཅིག་གི་ཡོང་འབབ་མང་བར་བལྟ།ནམ་རྒྱུན་ལྷིང་འཇགས་དང་འགྲོས་དལ་བའི་གྲོང་མི་ཚོའི་འཚོ་བ་ད་ནི་ཡོངས་སུ་འགྱུར་འདུག  ཉིན་མོ་དག་ནི་བྲེལ་འཚུབ་འཚུབ།དབུགས་ཧལ་ཧལ།  མཚན་མོ་དག་ནི་མཛུབ་ཀེར་ཀེར།ལབ་ཤིག་ཤིག

                            ༤

ཕྱི་དྲོ་དེར་ཤང་ཐོག་ན་ཚོང་ཙག་ཙིག་གཅིག་རྒྱབ་ནས་འཚོ་ཁ་འཕྱིད་ཐབས་བྱེད་བཞིན་པའི་ཟླ་བ་གྲོང་ཆུང་འདིའི་ནོར་དགའ་ཚང་དུ་སླེབས་སོང་།དེ་དུས་ཉིན་དགུང་ཡོལ་ཙམ་ཞིག་རེད།ཟླ་བས་སྦག་སྦག་རྙིང་སོན་ཞིག་ཡོད་པ་དེ་བཞོན་ཏེ་སྣུམ་སྒོ་ཅུང་གློད་ནས་ཧར་སྒྲ་དང་བཅས་ཐར་ཐོར་དུ་གནས་ཡོད་པའི་དུད་ཁྱིམ་དག་གི་བར་ནས་ཐལ་འཚུབ་ཕྱུར་རེ་གྲོང་སྟོད་ཀྱི་དེའུ་འབུར་སྟེང་དུ་གནས་ཡོད་པའི་ནོར་དགའ་ཚང་གི་ཕྱོགས་སུ་ཕྱིན།ནམ་རྒྱུན་ཡིན་ན་ཁོ་གྲོང་གསེང་ནས་ཧར་སྒྲ་དང་བཅས་འགྲོ་དུས་བྱིས་པ་མང་པོ་ཞིག་ཀྱང་ཁོའི་རྗེས་འབྲངས་ནས་ནོར་དགའ་ཚང་དུ་སླེབས་ཡོང་།དེ་ནི་བྱིས་པ་དག་ཁོར་དགའ་བ་མ་ཡིན་པར་ཁོས་མངར་ཆ་ཏོག་ཙམ་རེ་འཚོང་རྒྱུ་འཁྱེར་ཡོང་བས་ཡིན་ལ།སྐབས་འགར་ཁོ་སེམས་པ་སྐྱིད་དུས་བྱེ་རིལ་རེ་གཉིས་ནོར་དགའ་ཚང་གི་སྒོ་འགྲམ་ནས་རེ་སྙེག་ཀྱི་མིག་ཟུང་ཁོ་ལ་ཅེར་ཡོད་པའི་གྲོང་ཆུང་འདིའི་བྱིས་པ་ཚོར་སྤྲོད་ངེས།འོན་ཀྱང་དེ་རིང་ཁོ་ནོར་དགའ་ཚང་དུ་སླེབས་ཀྱང་བྱིས་པ་གཅིག་ཀྱང་ཁོའི་རྗེས་སུ་འབྲངས་མཁན་མི་འདུག

ཟླ་བ་ནོར་དགའ་ཚང་དུ་སླེབས་དུས་ཁྱིམ་དུ་ནོར་དགའ་གཅིག་པུ་ལས་མེད་ཅིང་།ནོར་དགའ་ནི་ཤ་མོ་རས་ཁུག་གསུམ་མཉམ་དུ་བྱོས་ནས་དབྱེ་བ་འབྱེད་བཞིན་འདུག ཟླ་བ་ནང་དུ་འཛུལ་མ་ཐག་ནོར་དགས“ངའི་ཚོང་ཤག་ཡོང་ངམ།་དེ་རིང་ཁྱོད་ཚུར་མ་ཡོང་ན་སང་ཉིན་ང་ཕར་ཁྱོད་ཡོད་སར་འགྲོ་རྩིས་ཡོད།”

“ཡང་ཅི་ཞིག་འཚོང་རྒྱུ་ཡོད།རིན་ཐང་ཆེ་ཙམ་མེད་ན།ངས་ཉོ་གི་མིན།”

“ཧ་ཧ་་་་རིན་ཐང་ལ་ཞུ་དགོས་མེད།གཙོ་བོ་ཁྱེད་ལ་མ་རྩ་ཡོད་ན་་་་”དེ་མུར་ལག་ནང་གི་ཤ་མོ་དག་བཞག་ནས་མྱུལ་མོར་ཟླ་བར་ཇ་གང་ལྡུག་སོང་།

“ད་སྐབས་རླུང་རྟ་རྒྱུག་བཞིན་པའི་སྒང་ཡིན་པས།མ་རྩའི་ཕྱོགས་ལ་སེམས་ཁྲལ་མེད།ཧ་ཧཧ་་་་་”ནོར་དགའི་དབྱེ་བ་འབྱེད་བཞིན་པའི་ཤ་མོ་དག་ལ་མིག་གིས་ཅེར་བཞིན།

“རྒྱ་མ་གང་རེར་ག་ཚོད་ཡིན།”

“ལུང་ཁུག་ན་གནས་པའི་ངས་ཅི་ཡང་མི་ཤེས།ཁྱོས་ག་ཚོད་སྤྲོད་དམ།”

“རྒྱ་མ་གང་རེར་སྒོར་ལྔ་བཅུ་སྟེར།གོང་ཆེན་པོ་སྤྲད་པ་ཡིན།”

“མི་ཚོས་རྫོང་ཐོག་ལ་སྒོར་བརྒྱ་རེ་སྤྲད་ཀྱིན་འདུག་ཟེར།”

“དེ་རྫུན་རེད།ང་ཁ་སང་རང་རྫོང་ཐོག་ནས་ཡོང་བ་ཡིན།སྒོར་དྲུག་ཅུ་ལས་སྤྲོད་ཀྱིན་མི་འདུག”

“ང་གཉིས་སྔོན་མ་ནས་ཚོང་ཤག་ཡིན་པས།ངས་ཁྱོད་ལ་ཡིད་ཆེས་ཡོད།ངས་ཤ་མོ་དག་ལ་སྒོར་དྲུག་ཅུ་སྤྲད་ན་ཆོག་གམ།”

“ཚོང་ཤག་གི་གདོང་ལ་བལྟས་ནས་སྤྲོད་རྒྱུ་བྱ།འོན་ཀྱང་མི་གཞན་ལ་མ་ཤོད་ཨ།”

“ཁྱོས་ངར་ཡིད་ཆེས་བྱོས།མ་གཞི་ནས་ང་ནམ་རྒྱུན་ནས་ཁ་མང་པོ་དེ་འདྲ་མིན་པ་ཁྱོད་ཀྱིས་ཀྱང་ཤེས་ངེས།”

“རེད་རེད་་་་་་དོན་དུ་དེ་རིང་ངར་ཁྱོད་ཚོའི་གྲོང་ཚོར་ཤ་མོ་སྒྲུབ་ཏུ་འོང་བ་ཡིན།”

“ཏག་ཏག་བྱས་སོང་།ཉིན་འདི་གའི་རིང་གྲོང་མི་ཚང་མས་ཤ་མོ་མང་པོ་བསྒྲུགས་སོང”

“་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་”

ཉི་མ་ནུབ་རིའི་རྩེ་ཡི་དམར་སེར་མཚམས་སྤྲིན་གྱི་གསེབ་ནས་ག་ལེར་སྒྲིབ་འགྲོ  ཟླ་བ་དང་ནོར་དགའ་གཉིས་རྒྱ་མ་ཞིག་འཁྱེར་ནས་གྲོང་ཆུང་འདིའི་ཁྱིམ་ཚང་དག་གི་སྒོ་རེ་རེ་བཞིན་འགྲིམ་བཞིན་འདུག

                           ༥

ཁ་སང་ཤ་མོ་ཟླ་བར་བཙོངས་པ་ནས་བཟུང་གྲོང་མི་ཚོའི་གདོང་ལ་སྔར་མེད་པའི་འཛུམ་མདངས་གསར་པ་ཞིག་གིས་བསྣན་འདུག་ལ།རྒན་གཞོན་ཚང་མའི་ངག་ནས་གླུ་ཆུང་ཞིག་ཀྱང་ལེན་འོང་།

ད་ལོའི་ལོ་ལས་བཟང་བ།    ནམ་མཁའི་ཆར་ལས་མོད་པ།

ད་ལོའི་ལོ་ལས་སྐྱིད་པ།       སྤང་ལ་ཤ་མོ་མང་བ།

ད་ལོའི་ལོ་ལས་དགའ་བ།     ལག་གི་དངུལ་ལས་འབེལ་པ།

                          ༦

“ཉི་མ་ལྷ་སར་ཤ་མོ་རྒྱ་མ་གང་རེར་སྒོར་ཉིས་བརྒྱ་སྤྲོད་ཀྱིན་འདུག”དེ་ནི་ལྷ་སར་སློབ་གཉེར་བྱེད་བཞིན་པའི་ཕྱུག་བདག་ཉི་མའི་བུ་དོན་གྲུབ་གུང་གསེང་ལོག་ནས་ཡུལ་དུ་སླེབས་རྗེས་ཀྱི་སྐད་ཆ་ཞིག་རེད།གནམ་རྒན་མ་འདི་ནི་ངོ་མ་ཡིན་ནམ།སྐད་ཆ་དེ་ཐོས་དུས་གྲོང་མི་ཚང་མ་འཕང་སེམས་ངང་གིས་སྐྱེས་བྱུང་།ཉིན་ཤས་སྔོན་ཤ་མོ་དག་སྒོར་ལྔ་བཅུ་བྱས་ནས་བཙོངས་པ་མ་ཡིན་ནམ།ལྟས་ངན་དེས་ང་ཚོར་མགོ་བསྐོར་བཏང་འདུག

ད་ནི་གྲོང་ཆུང་འདིའི་ནང་གི་རབས་ཆད་བཀྲ་རྣམ་མ་གཏོགས་ཚང་མས་ཤ་མོ་སྒྲུག་གིན་ཡོད།ཕྱུག་བདག་ཉི་མ་ཚང་གི་བཟའ་མི་ཚོས་ཀྱང་ཤ་མོ་སྒྲུག་འགོ་བརྩམས་ཟིན།ཉིན་འདི་གའི་རིང་ལ་གྲོང་མི་རྒན་གཞོན་ཚང་མས་ཁ་ནས་ཤ་མོ་མ་གཏོགས་ལབ་རྒྱུ་མེད་ལ།ཁོག་ན་ཤ་མོ་མ་གཏོགས་བསམ་རྒྱུ་ཡང་མེད།   ཤ་མོ་ནི་ཁོ་ཚོའི་ཐམས་ཅད་ཡིན།  ཤ་མོ་ནི་ཁོ་ཚོའི་འཚོ་བ་ཡིན།    ཤ་མོ་ནི་ཁོ་ཚོའི་སེམས་ནད་ཡིན།  ཤ་མོ་ནི་ཁོ་ཚོའི་བདེ་སྐྱིད་ཡིན།  ཤ་མོ་ནི་ཁོ་ཚོའི་བླ་སྲོག་གི་གྲུབ་ཆ་ཞིག་ཀྱང་འདོད།

                               ༧

ནམ་གུང་ཐོན་ལ་ཉེ།རི་གྲོང་འདིའི་ཡོད་ཚད་མུན་ནག་གི་ཁྲོད་དུ་ལྷིང་འཇགས་སེ་འདུག མདོ་དབུས་མཐོ་སྒང་ལ་མོད་པའི་རླུང་བུ་ཡང་དོ་ནུབ་སུ་ཞིག་གིས་བརྐུས་སོང་བ་བཞིན་ཁང་རྩེའི་དར་ལྩོག་ཀྱང་སྒུལ་མི་ཐུབ།སྒོ་ཁྱི་དག་ཀྱང་ཕལ་ཆེར་གཉིད་ལ་ཞུགས་ཡོད་པ་འདྲ།

མཆོད་ཤོམ་སྟེང་གི་མཆོད་མེ་དལ་གྱིས་གཟིམས་དུས་ཁང་ཆུང་གྲུ་བཞི་འདིའི་ནང་གི་ཡོད་ཚད་ནག་མོག་གེར་གྱུར་སོང་།   འོན་ཀྱང་སྐད་ཆ་ལབ་པའི་སྒྲ་ཞིག་སྔར་བས་ཇེ་གསལ་དུ་འགྱུར་གྱིན་འདུག

“མི་རྒྱུས་མིས་མི་ལོན།ཁྱི་རྒྱུས་དབྱུག་པའི་མི་ལོན།ངས་ལོ་མང་ཚོང་ཤག་གི་གདོང་ལ་བལྟས་ནས་ཁོར་ཡིད་ཆེས་བྱས་ཀྱང་་་་་་”

“རང་ནི་ཅི་འདྲའི་བྱིས་པ་ཞིག་དང་འདྲ།ཚོང་པས་དྲང་གཏམ་བཤད་ན་ཁེ་བཟང་ཇི་ལྟར་ལེན།ཚོང་ལ་བྱང་བ་ནི་དོན་དུ་རྫུན་ལ་གོམས་པ་དག་ཡིན།”

“ཁྱོས་བཤད་པ་བདེན།ནམ་ཞིག་ཁོ་ངེད་ཚང་ལ་ཡོང་ཚེ།ངས་གསོན་ལྤགས་དམར་བཤུས་བྱ་ངེས་་་་”

“རང་བྱས་ལ་འགྱོད་པ་སྐྱེས་ཀྱང་ཅི་ལ་ཕན།མ་གཞི་ནས་ཤ་མོ་རིན་གོང་དེ་ཙམ་མཐོ་མིན་སུས་ཤེས།”

“ཀྲུའུ་རིན་གྱིས་སྐད་ཆ་ཡན་གར་ཞིག་གསན་པ་ཡིན་ཤས་ཆེ་ཡང་།ངེད་གྲོང་ཚོའི་ཤེས་ཡོན་ཅན་དོན་འགྲུབ་ཀྱིས་རྫུན་ཤོད་མི་སྲིད།”

“ཉོ་མཁན་ཁ་ཤས་ཀྱི་གོང་མཐོ་པོ་སྤྲོད་སྲིད་ཀྱང་།ཚོང་རྭ་སྤྱིའི་རིན་གོང་དེ་ཙམ་མིན་ཡང་སྲིད”

“གང་ལྟར་རིན་གོང་མཐོ་ཙམ་ཡོད་པ་ང་ཚོས་གཏན་འཁེལ་བྱས་ཆོག”

“སང་ཉིན་འབབ་རོམ་མཆོག་སྤྲུལ་ཚང་ངེད་གྲོང་ཆུང་ཕེབས་ནས་དབང་གནང་ངེས་པས།ངེད་བཟའ་མི་གསུམ་གྱིས་ཉི་མ་གཅིག་ངལ་གསོ་དང་སྦྲགས་དབང་ཞུ་བར་འགྲོ”

“ཁྱེད་མ་བུ་གཉིས་དབང་ཞུས་ནས་བསྡོད་དང་།    ང་ངེས་པར་དུ་ཤ་མོ་སྒྲུག་པར་འགྲོ་དགོས།ཁ་སང་གི་གྱོང་གུད་དག་གསབ་ཐུབ་པ་བྱེད་དགོས།”

“དབང་ཡང་མ་ཞུས་པར་ཤ་མོང་སྒྲུག་པར་ཕྱིན་ན།གྲོང་མི་ཚོས་འཕྱ་ངེས་ལ།མི་ཉན་མི་སྲིད་པ་ཞིག་ཀྱང་རེད།”

“སང་ཉིན་ངས་སྦག་སྦག་བཞོན་ནས་ཐག་རིང་སའི་མི་ཟོག་མེད་པའི་ཐང་སྟོང་ཞིག་ན་ཤ་མོ་སྒྲུག་ཏུ་འགྲོ།དེ་ལྟར་བྱས་ཚེ་ཡུལ་མི་ཚོས་ཤེས་མི་སྲིད།མཆོག་སྤྲུལ་ཁོང་ལོ་རེ་བཞིན་ངེད་གྲོང་ཚོར་ཕེབས་ཡོང་བས།ད་ལོ་མིན་ཡང་དབང་ཞུ་བའི་གོ་སྐབས་ཡོད།”

“དེ་ལས་ཐབས་གཞན་མི་འདུག ནོར་དགའ་ད་ཉོལ ”

“རེད། གང་ལྟར་དབྱར་རྩྭ་དགུན་འབུ་མེད་པའི་རི་གྲོང་ཆུང་ཆུང་འདིར།ཕྱུག་ཟོག་ཁོ་ནའི་ཡོང་འབབ་ལ་བརྟེན་ནས་བསྡད་ན་ནམ་ཡང་ཕྱུག་པོར་འགྱུར་མི་སྲིད།”

“ཤ་མོ་ནི་ང་ཚོའི་སྲོག་ཁེབས་རལ་བ་རེད།  ”

“་་་་་་་་་་་་་་”

                           ༨

མཚན་མོ་རེ་རེ་བཞིན་ཆར་བ་ཤག་ཤག་ཏུ་འཇོ་འོང།ཕལ་ཆེར་ཟླ་གཅིག་ཙམ་རིང་མཚན་ཆར་ཆད་པའི་དུས་བྱུང་མྱོང་མེད།     ཆར་བ་ཤག་ཤག་ཏུ་འཇོ་དུས་ཤ་མོ་ལྷོག་ལྷོག་ཏུ་བརྡོལ་ཡོང་།  ལྷག་དོན་གྲོང་ཆུང་འདིའི་ཕྱོགས་བཞིར་སྤང་རི་ཀྱང་ཀྱང་ཡིན་པས། སྤང་དང་ཆར་བ།   ད་དུང་ཉི་འོད་།  ཤ་མོ་ལ་མཁོ་བའི་རྒྱུ་ཆ་དག་ཚང་ཡོད་པས་ཤ་མོ་ལོས་སྐྱེ།  ཤ་མོ་དག་སྤང་རློན་པ་བརྟོལ་ནས་སྐྱེ་ཡོང་། སེར་རིལ་ལེ།  སྐྱ་ཡོ་ལེ། ཤ་མོ་སྒྲུག་མཁན་ཚོའི་མིག་ལམ་དུ་ཤ་མོ་ནི་ཇི་ལྟ་བུའི་མདངས་ཀྱིས་ཕྱུག་པ་ཞིག་མ་ཡིན་ནམ།   ཤ་མོ་མང་པོ་སྐྱེས་ཤིང་ཤ་མོ་མང་པོ་སྒྲུག་ཡོད་པས།   གྲོང་མི་ཚོ་སེམས་པ་ཡང་དགའ་བ་མང་པོ་ཞིག་སྐྱེས་ཡོང་།    ཉིན་འདི་གའི་རིང་གྲོང་མི་ཚོ་གླུ་ཆུང་སིལ་སིལ་ཞིག་ངག་ནས་ལེན་བཞིན་སྤང་ལྗོངས་ནས་སྦྲ་གུར་དུ་བསྐྱོད་ཀྱིན་ཡོད་ལ། སྦྲ་གུར་ནས་སྤང་ལྗོངས་སུ་ཆས་ཀྱིན་ཡོད།  འོན་ཀྱང་།   རབས་ཆད་བཀྲ་རྣམ་གཅིག་པུ་སེམས་སྡུག་གིས་མནར་འདུག   ཞོགས་རེ་རེ་བཞིན་དགོང་རེ་རེ་བཞིན་ཁོའི་ཁང་ཁྱིམ་གྲུ་བཞིའི་འགྲམ་ནས་གླུ་ཆུང་ལེན་བཞིན་ཤ་མོ་འཁུར་བའི་གྲོང་མི་དག་ལོག་ཡོང་བ་མཐོང་དུས། ཁོའི་སེམས་ལ་ཁྲོ་བ་ཞིག་ངང་གིས་རྒྱས་ཡོང་ཞིང་།“ལྟས་ངན་འདི་ཚོ།  གདོན་གྱིས་བརླམས་པ་འདྲ”ཞེས་གཤེ་གཤེ་ཡང་དུ་གཏོང།

                              ༩

ད་ལོ་ངོ་མ་དཀོན་མཆོག་གིས་གཟིགས་པ་འདྲ།དབྱར་གྱི་འགོ་མ་ཚེས་ཉིན་ནས་ཆར་བ་ཤག་ཤག་ཏུ་འཇོ་འོང་ལ། ད་ལྟ་དབྱར་མཇུག་སླེབས་ཀྱང་ད་དུང་ཆར་པའི་རྒྱུན་མི་ཆད། ཆར་པ་འབབ་ཀྱིན་འབབ་ཀྱིན་སྤང་རྒོད་དག་ཇེ་ནེམ་ཇེ་ནེམ་དུ་འགྱུར་འགྲོ་ལ།ཤ་མོ་དག་ཀྱང་ཚང་ཁ་རྒྱག་བཞིན་སྐྱེ་ཡོང་།གྲོང་མི་དག་ནི་སྙིང་སྟོབས་ལྡབ་བརྒྱར་བསྐྱེད་ནས་ཤ་མོ་སྒྲུག་ཀྱིན་འདུག     རྒན་པ་ནས་གཞོན་པའི་བར།གཞོན་པ་ནས་བྱིས་པའི་བར།ཞོགས་རེ་རེ་བཞིན་ལངས་སུ་སྔ་བལྟས་ནས་ཤ་མོ་སྐྱེ་མང་སའི་ས་ཆ་དག་རྩོད་ཀྱིན་ཡོད།དགོང་རེ་རེ་བཞིན་ཁྱིམ་མིའི་བར་ཤ་མོ་ཡི་ཁ་གྲངས་འགྲན་གྱིན་ཡོད།ཤ་མོ་སྒྲུག་ཀྱིན་སྒྲུག་ཀྱིན་ཉིན་མོ་འདས་འགྲོ  ཤ་མོ་བརྩི་ཀྱིན་བརྩི་ཀྱིན་མཚན་མོ་འདས་འགྲོ     དུས་ཚོད་ནི་ཇི་ལྟ་བུའི་འགྲོ་མགྱོགས་པ་ཞིག་རེད་ཨང་།ད་ནི་གྲོང་ཆུང་འདིའི་རྒྱབ་མདུན་གྱི་ཤ་མོ་ཕལ་ཆེར་ཟད་ལ་ཉེ།ཕལ་ཆེར་བསྒྲུགས་ཚར་ལ་ཉེ།ཤ་མོ་ཁ་ཤས་རེ་རྙེད་ཀྱང་དེ་དག་ནི་ཤོ་ཕྲུག ་ཆུང་ཆུང་ཙམ་རེ་ལས་མི་འདུག   ཤ་མོ་ཇེ་ཉུང་དུ་འགྲོ་བཞིན་ཡུལ་མི་ཚོའི་གླུ་སྐད་ཀྱང་ཇེ་ཉུང་དུ་འགྱུར་འགྲོ     ཤ་མོ་ཇེ་དཀོན་དུ་འགྲོ་བཞིན་ཡུལ་མི་ཚོའི་འཛུམ་ཆུང་ཡང་ཇེ་དཀོན་རེད།   ད་ནི་ཡུལ་མི་ཚང་མར་སེམས་ཁྲལ་གསར་བ་ཞིག་སྐྱེས་ཡོང་།

                            ༡༠

སེམས་ཁྲལ་སྐྱེས་ཉིན་ནས་ཡུལ་མི་ཚོས་བྱ་ཐབས་གསར་བ་ཞིག་འཚོལ་བཞིན་ཡོད།དཀའ་ངལ་ལས་དཀའ་ངལ་སེལ་ཐབས་ཀྱི་ཐབས་ཤེས་མང་ཡོད་ཅེས་པ་བཞིན་ཉིན་ཤས་ལས་མ་འགོར་བར་ཡུལ་མི་ཚོས་ཐབས་ཤེས་གསར་བ་ཞིག་རྙེད་སོང་།

“ཁ་སེང་ངའི་ཨ་ཕས་ཤ་མོ་མང་པོ་ཞིག་བསྒྲུགས་འདུག་ལ་དེ་དག་ནི་ངའི་མགོ་ལས་ཆེ་བ་ཤ་སྟག་རེད།”དེ་ནི་འབབ་རོམ་མཆོག་སྤྲུལ་ཚང་གིས་དབང་གནང་རྗེས་ཀྱི་ཉིན་གཉིས་པར།གྲོང་ཆུང་གི་བྱིས་པ་ཚོ་རོལ་རྩེད་རྩེད་སྐབས་ནོར་དགའི་བུ་ཆུང་གིས་བྱིས་པ་གཞན་ཚོར་བཤད་པའི་སྐད་ཆ་ཞིག་རེད།ཉིན་དེའི་ནུབ་མོར་སྐད་ཆ་དེ་བྱིས་པ་ཚོ་རྒྱུད་ནས་གྲོང་ཆུང་ཡོངས་སུ་ཁྱབ་སོང་།སྐད་ཆ་དེས་ཡང་གྲོང་ཆུང་འདིར་གྲགས་འགུལ་མི་ཆུང་བ་ཞིག་བཟོས་སོང་།

“ཁ་སང་ནོར་དགའ་མཆོག་སྤྲུལ་ཚང་གི་དབང་ཞུ་བར་སླེབས་མི་འདུག”

“གོ་ཐོས་སུ་ཁོ་གཉེན་འཕྲད་དུ་ཕྱིན་པ་རེད་ཟེར།”

“བྱིས་པ་ཚོའི་སྐད་ཆར་བརྟག་ན་ཁོ་ཤ་མོ་སྒྲུག་པར་ཕྱིན་པ་འདྲ།”

“གོ་ཐོས་སུ་ཤ་མོ་མང་པོ་རྙེད་འདུག་ཟེར།ཁོ་ག་བར་ཤ་མོ་སྒྲུག་ཏུ་ཕྱིན་པ་ཡིན་ནམ།”

“ཕལ་ཆེར་བར་གོང་ཐང་དུ་ཕྱིན་ཡོད་ཤས་ཆེ།ཐང་རྒྱ་ཆེ་ཞིང་མི་ཟོག་དཀོན་པས།ཤ་མོ་མང་པོ་ཡོད་ངེས།”

“དེས་ན་སང་ཉིན་ང་ཚོ་ཡང་བར་གོང་ཐང་དུ་ཤ་མོ་སྒྲུག་པར་འགྲོ”

“དེ་ལྟར་བྱ།སང་ཉིན་སྦག་སྦག་བཞོན་ནས་འགྲོ།དེ་མིན་ས་ཐག་རིང་བས་་་་་་”

“་་་་་་་་་་་་”

ཉིན་ཤས་རྗེས་གྲོང་ཆུང་འདིའི་མི་ཚང་མ་སྦག་སྦག་བཞོན་ནས་ཤ་མོ་སྒྲུག་པར་ཆས་ཀྱིན་འདུག      སྦག་སྦག་མེད་པའམ་སྦག་སྦག་གིས་མ་དྲོངས་ཚེ་ཡུལ་མི་ཚོས་རྟ་བཞོན་ནས་ཤ་མོ་སྒྲུག་ཏུ་འགྲོ    མདོར་ན་གྲོང་ཆུང་ཆུང་འདིའི་ནང་གི་བྱིས་པ་ཆུང་ཆུང་ཚོ་དང་ལོ་ལོན་ཁ་ཤས་ལས་ཚང་མ་གྲོང་ཆུང་དང་བར་ཐག་བཀྱེད་ཡོད་པའི་བར་གོང་ཐང་ལ་ཤ་མོ་སྒྲུག་ཏུ་བུད་འགྲོ     ཤ་མོང་སྒྲུག་ཏུ་བུད་སོང་བའི་མི་ཚོ་དགོང་མོ་མ་གཏོགས་ཕྱིར་མི་འོང་ཞིང་།འགའ་ཤས་ཤིག་མཚན་མོ་ཡང་བར་གོང་ཐང་དུ་ཉལ་ནས་སྡོད།གར་ལྟར་ཉིན་ཤས་རིང་གྲོང་ཆུང་འདིའི་ནུས་ཡོད་ཚང་མ་ས་ཐག་རིང་པོར་ཤ་མོ་སྒྲུག་ཏུ་བུད་འགྲོ་བས།གྲོང་ཆུང་འདིའི་ཕྱུགས་ཟོག་ཚང་མ་བདག་མེད་རི་ཡན་དུ་བཏང་འདུག བྱིས་པ་ཚོ་ནི་བྱིས་པ་རང་ཡིན་པས།ཤ་མོ་སྒྲུག་ཏུ་མ་འཁྲིད་པར་མིག་ཆུ་རེ་འདོན་པ་ལས།གཞན་ཕ་མ་ཚོའི་ཚིག་རྩུབ་གཟེད་མི་དགོས་པར་ཉིན་གང་རོལ་རྩེད་ཁོ་ནས་དུས་འདའ་བར་རྱེད་པ་ནི་ཅི་འདྲའི་སྤྲོ་སྣང་གིས་ཕྱུག་པ་ཞིག་རེད་ཨང་།ལོ་ལོན་དག་ནི་མ་ཎི་འདོན་བཞིན་ཕྱི་རུ་ཐོན་ཚེ་ལག་ཟུང་དཔྲལ་བར་བཀྱག་ནས་རི་ཡན་གྱི་ཕྱུགས་ཟོག་དག་མིག་གིས་འཚོ་བཞིན་ཅེ་སྤྱང་དག་ཁ་འཐམ་ འགྲོ་བའི་སྨོན་ལམ་རེ་རྒྱག་བཞིན་འདུག

                            ༡༡

ཉིན་དགུང་ཐོན་ལ་ཉེ།ཚོང་དཔོན་ཟླ་བ་སླར་ཡང་གྲོང་ཆུང་འདིར་སླེབས་བྱུང་། ད་ལྟ་གྲོང་མི་མང་པོས་ཁོ་ལ་ཚོང་དཔོན་ཞེས་འབོད་ཀྱིན་ཡོད།

ཁོ་སྔར་མུན་བཞིན་གྲོང་ཆུང་འདིའི་སྡེ་སྣེ་ཟིན་མ་ཐག་སྦག་སྦག་སྣུམ་ཅུང་གློད་དེ།ཧར་སྒྲ་དང་བཅས་གྲོང་གསེང་རྒྱུད་ནས་གྲོང་མི་དག་གི་ཕྱུགས་རྭ་དང་ཐལ་སྤུངས་འཛུར་བཞིན་ནོར་དགའ་ཚང་གི་ཕྱོགས་སུ་ཕྱིན།ཐེངས་སྔོན་མ་དང་བསྡུར་ན་ཁོར་གནམ་ས་ལྟ་བུའི་འགྱུར་བ་ཕྱིན་འདུག  དེ་རིང་ཁོས་ཅིན་ལུང་རྟགས་ཅན་གྱི་སྦག་སྦག་གསར་རྐྱང་བཞོན་ཡོད་ཅིང་ལུས་ལ་ཡང་ནུབ་ལུགས་ཀྱི་གྱོན་པ་གསར་བ་ཞིག་དང་རྐང་པར་ཀོ་ལྷམ་ནག་པོ་འོད་ཁྱུག་ཁྱུག་སེ་ཞིག་གྱོན་འདུག     ཁོ་སྦག་སྦག་ལས་བབས་ཏེ་ནོར་དགའ་ཚང་ལ་འགྲོ་བར་བརྩམས་ཀྱང་སྟབས་མི་ལེགས་པར་ནོར་དགའ་ཚང་སྡོད་མཁན་མེད་པར་སྒོ་ལ་ལྕགས་ཟྭ་ཆེན་པོ་ཞིག་རྒྱབ་འདུག

གློ་བུར་དུ་འབྲུག་སྒྲ་ཞིག་གྲགས་བྱུང་།རྒྱབ་རི་ཕུ་ཆེན་བླ་ནག་ཀླུ་གདོང་རྩེ་ནས་སྤྲིན་ནག་མཐུག་པོ་ཞིག་གི་ཡན་ཡག་མྱུར་སྟབས་ཀྱིས་ཕྱོགས་མཐར་བརྐྱངས་མ་ཐག་གྲིབ་མ་ནག་ལིང་ཆེན་པོ་ཞིག་གྲོང་ཆུང་འདིར་ཕབ་བྱུང་ལ་ཕྱོགས་ངེས་མེད་ནས་རླུང་གྲང་སིལ་སིལ་ཞིག་ཀྱང་ལྡང་བྱུང་བས།རྒྱ་ཆས་སྟབས་བདེ་ཞིག་ལས་གྱོན་མེད་པའི་ཁོ་གྲང་འདར་ཞིག་ཀྱང་རྒྱབ་བྱུང་།འབྲུག་སྒྲ་མུ་མཐུད་གྲགས་བྱུང་གློག་དམར་ཞིག་ཀྱང་སྤྲིན་སྲུབ་ནས་འཁྱུག་ཡོང་།བལྟས་ཚོད་ལ་ཆར་བ་ཞིག་འབབ་རྩིས་ཡོད་པ་འདྲ།ཁོ་བྲེལ་འཚུབ་ཞིག་ལངས་བྱུང་།སྐབས་དེར་ནོར་དགའ་ཚང་གི་གཡས་ཕྱོགས་ན་གནས་ཡོད་པའི་རབས་ཆད་བཀྲ་དགའ་མ་ཎི་འདོན་བཞིན་ལྕི་ཁེབས་འགེབ་པར་སྒོ་ཁར་ཐོན་འདུག་པས།ཁོ་དེ་མུར་བཀྲ་དགའི་ཕྱོགས་སུ་རྒྱུགས།ལྕི་ཁེབས་བཀབ་ཚར་རྗེས་ཁོ་གཉིས་དལ་བུར་ཁྱིམ་དུ་ལོག་སོང་།

མཆོད་ཆས་སྒྲིག་སའི་ཆ་སྒམ་ཆུང་ཆུང་ཞིག་དང་ཉལ་ཁྲི་གཅིག་ལྕགས་ཐབ་གཅིག་གིས་ཡོངས་སུ་ཁེངས་པའི་ཁང་མིག་ཆུང་ཆུང་འདི་ངོ་མ་མི་ཧྲེང་གཅིག་གི་འཚོ་བ་སྐྱེལ་ས་རང་རེད་ཨང་།ཁང་པ་ཆུང་ལ་སྒེའུ་ཁུང་ཡང་ཆུང་བས།ཁང་མིག་ནང་གསལ་ཆ་དེ་ཙམ་མེད་ཀྱང་དམར་ལྷབ་ལྷབ་ཏུ་འབར་བའི་ལྕགས་ཐབ་དྲོད་ཀྱིས་ད་སོ་མར་གྲང་འདར་རྒྱག་བཞིན་པའི་ཁོར་ཚ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན་ཡོང་།

ཅུང་ཙམ་མ་འགོར་བར་ཆར་བ་བབས་བྱུང་།ཤག་ཤག་་་་་་ཆིལ་ཆིལ་་་་་་

“ནོར་དགའི་ཁྱིམ་མི་ཚོ་གང་དུ་བུད་སོང་།”

“ཤ་མོ་སྒྲུག་ཏུ་བུད་སོང་།ད་སྐབས་གྲོང་མི་ཚང་མ་ཉིན་གང་རིང་བར་གོང་ཐང་དུ་ཤ་མོ་སྒྲུག་ཏུ་འབུད་འགྲོ།དགོང་མོ་ཕྱི་ཙམ་མ་གཏོགས་ཕྱིར་མི་ཡོང་།ཁ་ཤས་མཚན་མོ་ཡང་ཐང་སྟོང་དུ་ཉལ་ནས་སྡོད།”

“མི་ཚང་མས་འདི་ལྟར་ཤ་མོ་སྒྲུག་ཚེ་ཁྱེད་ཚོའི་གྲོང་ཚོ་ལམ་སང་ཕྱུག་པོར་འགྱུར་ངེས།”

“ཕྱུག་པོ་ཨེ།ངས་བལྟས་ན་སྤྲང་པོ་འགྱུར་ལ་ཉེ་འདུག”

“ཤ་མོ་སྒྲུག་ཐུབ་ཚེ་ཕྱུག་པོ་ལོས་འགྱུར།ང་ཡང་ཤ་མོ་ཡི་ཚོང་རྒྱབ་ནས་ཁེ་བཟང་མི་དམན་པ་བྱུང་།”

“དཀོན་མཆོག་མཁྱེན།མི་སེམས་ཚང་མ་གདོང་གིས་བརླམས་འདུག བསྐལ་བ་སྔར་ནས་ད་བར་དུ་འབྲོག་པའི་བརྟེན་ས་ཕྱུགས་ཟོག  ཞིང་པའི་བརྟེན་ས་ས་ཞིང་།ད་བལྟོས་དང་ཤ་མོ་ཁོ་ན་སྒྲུག་ནས་ཕྱུགས་ཟོག་ཚང་མ་རི་ཡན་ལ་བཏང་ཡོད་པ་ཁྱོད་ཀྱིས་མི་མཐོང་ངམ།”

“ཕྱུགས་ཟོག་ཁོ་ནར་བརྟེན་ནས་ཕྱུག་པོར་གྱུར་བ་སུ་འདུག”

 “ངར་ཕྱུགས་ཟོག་གཅིག་ཀྱང་མེད་ཀྱང་འཚོ་བ་སྐྱིད་ཅིང་རྒྱག་པ་མི་འདུག་གམ”

“རང་རང་རེད།ཚང་མས་ཚོང་རྒྱབ་ཚེ་ཅ་དངོས་སུས་ཉོ།དབྱར་ཤ་མོ་ཚད་ལས་བརྒལ་བ་སྒྲུག་ཚེ་དགུན་ཁ་བ་ཆེན་པོ་འབབ་ངེས།གངས་ཆེན་གྱིས་ཕྱུགས་ཟོག་གཞོམ་འགྲོ་བ་མ་ཡིན་ནམ།”

“དེ་དག་རྒན་རབས་ཚོའི་བཤད་སྲོལ་ཙམ་རེད།མ་གཞི་ནས་ཨ་ཁུ་རང་ལའང་ཕྱུགས་ཟོག་མེད་པར།རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་རེད།”

“་་་་་་་་”

ཕྱི་རུ་ཆར་ཐག་ཆད་ཟིན།གྲོང་རྒྱབ་ཀྱི་རི་ཚོགས་དབུས་ན་སྨུག་པ་ལང་ལོང་དུ་མཁྲིགས་བྱུང་།ཆར་ཐུན་གཅིག་གིས་རི་གྲོང་འདིའི་ཡོད་ཚད་སྣུམ་ཤིག་གེར་བཏང་འདུག

“ཨ་ཁུ་བཞུགས་ཤིག  ལྷ་ས་ནས་ལོག་ཡོང་དུས་ངས་ཨ་ཁུ་ལ་ལག་བསྐོར་མ་ཎི་ཞིག་ཉོ་ཡོང་།”

                               ༡༢

ཉི་མ་ནུབ་མཐའི་རི་ཟུར་ནས་ཡལ་ནས་ཅུང་ཙམ་འགོར་སོང་།ཐག་རིང་གི་ཡུལ་ལྗོངས་ཡོད་ཚད་རིམ་བཞིན་མག་མོག་ཏུ་འགྱུར་འགྲོ། གྲོང་ཆུང་འདིའི་དུད་ཁྱིམ་ཁ་ཤས་ཀྱི་སྒོ་ནས་ལོ་ལོན་རེ་གཉིས་འགའ་གྲོང་དཀྱིལ་ནས་སྐྱ་ཤ་རེར་བསྲིངས་པའི་ལུང་མདོའི་ལམ་བུ་དེར་ཅེར་བཞིན་འདུག གྲོང་ཚོ་འདིའི་ཡོད་ཚད་ལྷིང་འཇགས་རེད།

འབ་འབ་་་་་་་སྒོ་ཁྱི་ཟུག་བྱུང་།སྐབས་དེར་སྦག་སྦག་གི་འུར་སྒྲ་འགའ་ཐོས་ཡོང་ལ།ལུང་མདོ་ནས་སྦག་སྦག་གི་གློག་མདངས་རེ་གྲོང་ཆུང་གི་ཁང་ཁྱིམ་དག་དང་ལྷས་རྭར་འཕྲོས་ཡོང་།དེ་རིང་ཤ་མོ་སྒྲུག་མཁན་ཚོ།ད་གཞི་ནས་ལོག་བྱུང་།

ཅུང་ཙམ་མ་འགོར་བར་སྦག་སྦག་ཚང་མ་གྲོང་ཚོར་འབྱོར་སོང་།ཡ་མཚན་ཞིག་ལ་དོ་ནུབ་སྦག་སྦག་དག་ཐད་ཀར་རང་ཁྱིམ་དུ་མ་ལོག་བར་ཚང་མ་བསམ་འཕེལ་ཚང་དུ་ཕྱིན་སོང་།སྦག་སྦག་དག་ཁ་བཀག་ནས་ཅུང་མ་སོང་བར།ངུ་སྐད་མང་པོ་ཞིག་ཐོས་ཡོང་།

ཨ་ཕ་་་་་་་

ཨ་མ་ཨ་ཕས་ངར་ཁ་ལབ་འགྱེད་ཀྱིན་མི་འདུག

ད་མ་ངུ་བཟོད་བསྲན་བྱོས།དེ་ལས་ཤི་བོའི་རྗེས་མཇུག་ལེགས་པར་བྱོས།

ཨ་ཕ་་་་་་་་་་

ཨ་ར་་་་་་ངའི་རྐང་པ་་་་་་་

དལ་མོ་བྱོས་་་་་་་་་་་་

                              ༡༣

ཉིན་འདི་གའི་རིང་གྲོང་ཆུང་འདིར་བྱ་བ་མི་ལེགས་པ་དུ་མ་བྱུང་སོང་།ཁ་སེང་ཡུལ་མི་ཚོ་བར་གོང་ཐང་དུ་ཤ་མོ་སྒྲུག་ཏུ་ཕྱིན་ནས་ལོག་ཡོང་དུས།སྦག་སྦག་གཉིས་བརྡུང་ཁ་རྒྱབ་ནས་བསམ་འཕེལ་ཚང་གི་མག་པ་བསད་འདུག་ལ་ནོར་འཕེལ་གྱི་རྐང་པ་བཅག་འདུག ད་ནང་མདང་ནུབ་ལྷས་ལ་མ་འཁོར་བའི་ཕྱུགས་ཟོག་དག་འཚོལ་དུ་འགྲོ་དུས་ཕྱུག་བདག་ཉི་མ་ཚང་གི་ལུག་སུམ་ཅུ་ཙམ་ཞིག་རི་ཕུ་ན་གཅན་གཟན་གྱིས་ཟོས་འདུག ཤ་ལྤགས་ཚོར་བལྟས་ན་དེ་ནི་སྤྱང་ཀིས་བཟས་པ་མ་ཡིན་པར་དྲེད་མོང་ངམ་གཞན་གྱི་གཅན་གཟན་གང་རུང་ཞིག་རེད་ཅེས་ལབ་བཞིན་འདུག  ཉིན་དེ་ནས་བཟུང་གྲོང་མི་དག་ཤ་མོ་སྒྲུག་ཏུ་འགྲོ་མི་ཕོད།ཐམས་ཅད་རང་གནས་སུ་བསྡད་ནས་སེམས་པ་འཇིགས་སྐྲག་གིས་ཁེངས་འདུག       གལ་ཏེ་ལོ་ལོན་ཚོས་བཤད་པ་བཞིན་ཤ་མོང་སྒྲུག་དྲགས་ནས་ཡུལ་ལྷ་འཁྲོས་པ་ཡིན་ཚེ།ཤ་མོང་ནི་ཚང་མས་བསྒྲུགས་པས།བར་ཆད་ཀྱང་ཚང་མར་མི་ཡོང་བའི་ངེས་པ་མེད་།ཡུལ་མི་ཚང་མ་སེམས་ལ་གནས་བཟོད་བདེ་བ་ཞིག་ཅིས་ཀྱང་འོང་དཀའ།ཐབས་ཤེས་གཅིག་ཡོད་པ་ནི་མ་ཎི་བགྲང་བཞིན་གསོལ་བ་འདེབས་རྒྱུ་དེ་རེད།

                             ༡༤

ཆར་བ་མུ་མཐུད་འབབ་ཀྱིན་འདུག     ད་ལོ་ངོ་མ་ཡ་མཚན་ཞིག་རེད།དབྱར་མཇུག་ཡོལ་ནས་སྟོན་ཁ་སླེབས་ཀྱང་ཤ་མོ་ད་དུང་སྐྱེ་ཀྱིན་འདུག   འོན་ཀྱང་ཉིན་འདི་གའི་རིང་ཡུལ་མི་ཚོས་ཤ་མོང་སྒྲུག་མི་ཕོད་པས།ཡང་དབྱར་འགོ་ཚུགས་སྐབས་དང་འདྲ་བར་སྤང་ཡོངས་ཤ་མོ་གིས་ཁེངས་ཡོང་།རྫི་བོ་དག་གིས་རྫི་ལམ་ནས་ཤ་མོ་རེ་མཐོང་ཡང་ལུས་པོ་སྒུར་ནས་སྒྲུག་མི་ཕོད།ཁོ་ཚོའི་སེམས་ངོ་ན་ཤ་མོ་ཞིག་སྒྲུག་ཚེ་རང་ལ་ཆག་སྒོ་ཞིག་སྒྲུག་ཡོང་བའི་སྣང་བ་སྟེར་ཡོང་།རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་ཞེས་པ་ནི་ཅིས་མི་བདེན།ད་ནི་གྲོང་མི་ཚང་མས་ཤ་མོ་ལ་ཡིད་གཏིང་ནས་ཆད་སོང་།དེ་ལས་ལྡོག་སྟེ་ཤ་མོ་ནི་གནོད་ཀྱི་བསྐྱལ་བ་ལྟ་བུ་ཞིག་བརྩི་ཞིང་།ཤ་མོ་ཡོད་སར་འདྲེ་འཁོར་ཡོད་པ་ལྟ་བུའི་འདུ་ཤེས་ཤིག་སྐྱེས་འོང་ལ་འདྲེ་འཁོར་ཡོད་པས་རང་ལ་མི་དགེ་བ་མང་པོ་འབྱུང་ངེས་པར་སྙམ།ད་ལྟ་ཤ་མོ་གསར་དུ་སྐྱེས་པ་དག་མ་བསྒྲུག་ལ་བསྒྲུགས་ཟིན་པ་དག་ཀྱང་གཡོ་འགུལ་མ་བཏང་བར་འཇམ་ཅག་གེར་ཟླ་ཕྱེད་འགོར་སོང་།   ད་ནི་དུད་ཁྱིམ་ཚོའི་ཁྱིམ་སྦུག་ཏུ་ཉར་ཡོད་པའི་ཤ་མོ་དག་རུལ་བཞིན་འདུག ཁྱིམ་ཚང་མང་ཆེ་བའི་ནང་འཛུལ་མ་ཐག་རུལ་དྲི་སྣ་ལ་གཟན་ལ་རེ་ཐུལ་ཡོང་། ཡང་གྲོང་མི་ཚོས་རང་འགུལ་ངང་ལས་འགུལ་ཞིག་སྤེལ་བཞིན་འདུག       དེ་ནི་དེ་སྔོན་ནས་བསྒྲུགས་ཟིན་པའི་ཤ་མོ་དག་ཕྱི་རུ་འདོར་རྒྱུ་དེ་རེད།ཉིན་འདི་དག་གི་རིང་གྲོང་ཚོའི་རྒྱབ་མདུན་གྱི་སྤང་རི་དག་གི་སྟེང་ཤ་མོ་ཕོན་པོ་ཕོན་པོ་བྱོས་ཡོད་པ་མཐོང་ཐུབ་ལ།གྲོང་ཚོའི་ཉེ་རྒྱུད་ཀྱི་ཀོང་དོང་དང་ཐལ་སྤུང་འགྲམ་ལ་ཤ་མོས་གང་འདུག   ཤ་མོ་བསྒྲུགས་སོང་།ཤ་མོ་གཡུགས་སོང་།སྔར་བསྒྲུགས་པ་དག་ད་ལྟ་ཕྱིར་གཡུགས་བཞིན་འདུག འོན་ཀྱང་ནོར་དགའ་ཁོ་ནས་ཕྱི་ཚུལ་སྟོན་བྱེད་དུ་ཤ་མོང་སྒྱེ་མོ་བཞི་གཡུགས་པ་ལས་ཁྱིམ་སྦུག་ཏུ་སྒྱེ་མོ་དོ་ཉར་འདུག      དབྱར་དུས་གཅིག་རིང་ཚ་ཚ་འུར་འུར་གྱིས་སྒྲུག་པའི་ཤ་མོ་དག་ཉིན་གཅིག་ཀྱང་མགོར་བར་ཐག་གཅོད་བྱས་ཚར་སོང་།ཤ་མོ་དག་དབྱུགས་ཚར་རྗེས་གྲོང་མི་ཚོས་སེམས་ནད་ཀྱང་རིམ་བཞིན་ཡལ་འགྲོ      ཡང་སྔར་རྒྱུན་བཞིན་ཞི་བབ་ལྷོད་འཇགས་ཀྱི་འཚོ་བ་ཞིག་སྐྱེལ་འགོ་བརྩམས་བྱུང་།ད་ནི་ཤ་མོ་སྒྲུག་མཁན་མེད་ལ་ཤ་མོ་བསྒྲུགས་ཟིན་པ་རྣམས་ཀྱང་གཙང་ཕྱགས་བྱས་ཟིན་པས་གྲོང་མི་རྒན་གྲས་དག་སེམས་པ་བདེ་ལ་བབས་འདུག འོན་ཀྱང་།བྱིས་པ་དག་གིས་མི་རྒན་ཚོས་མི་མཐོང་སར་ཤ་མོ་སྒྲུག་ནས་ཟ་བཞིན་འདུག གོ་ཐོས་སུ་གསར་བུ་ཁ་ཤས་ཤིག་གིས་ཀྱང་རྫི་ཞོར་དུ་རི་མགོར་ཤ་མོ་བསྲེགས་ནས་ཟ་གི་འདུག་ཟེར།   དེ་དག་ནི་བཙོངས་རྒྱུའི་ཆེད་དུ་མིན་པར་ཉུང་ཉུང་གི་ཁ་ཟས་ཙམ་ཡིན་པས།   སྔར་ལྟ་བུའི་གྲགས་འགུལ་མེད་ལ་རྙོག་དྲ་ཅི་ཡང་མེད།

                            ༡༥

ཞོགས་པའི་ཉི་ཟེར་གྱི་དང་མ་སེར་འཁྱིལ་ལེ་རྒྱབ་རིའི་དབུར་རྩེར་འཕྲོས་མ་ཐག ནོར་དགས་བསྐྱུར་མ་ནུས་པའི་ཤ་མོ་སྒྱེ་མོ་དོ་པོ་སྦག་སྦག་གི་ཤ་ཐག་ལ་བསྐལ་ནས་ཤང་གི་ཕྱོགས་སུ་ཕྱིན་སོང་།

ཁོ་ཤང་སྲིད་གཞུང་གི་རྒྱལ་སྒོའི་འགྲམ་དུ་ཐོན་དུས་ཉིན་དགུང་ཟིན་ལ་ཉེ།ཁོ་ཐད་ཀར་ཟླ་བའི་ཚོང་ཁང་གི་ཕྱོགས་སུ་ཕྱིན་སོང་།ཚོང་ཁང་གི་ནང་དུ་འཛུལ་མ་ཐག་ཁོ་ཧ་ལས་བྱུང་།ནམ་རྒྱུན་ཟོང་ཆས་ཀྱིས་ཁེངས་པའི་ཚོང་ཁྲི་དེ་ཡང་སང་ངེར་འདུག་ལ་ནམ་རྒྱུན་ཚོང་ཁང་གི་གྲུ་ཟུར་ཞིག་ཏུ་ལྕམ་མ་ཐུག་ཙམ་དུ་བརྩེགས་ཡོད་པའི་ཤོག་སྒམ་དེ་དག་ཀྱང་གར་སོང་མ་མཆིས།ཟླ་བ་གཅིག་པུ་ཐ་མག་གཅིག་འཐེན་གིན་མལ་ཁྲིའི་སྟེང་གན་བརྐྱལ་དུ་ཉལ་འདུག

“ཚོང་ཤག   རང་གི་ཟོང་ཆས་ཚང་མ་བཙོངས་ཚར་བ་ཡིན་ནམ།”

“ད་ཚར་སོང་།ཁེ་བཟང་མེད་པའི་གྱོན་གུན།ངའི་མ་རྩ་དིབ་སོང་།”

“ག་རེ།ད་ལོ་རང་རླུང་རྟ་རྒྱུག་པའི་སྒང་མ་ཡིན་ནམ།”

“ཚོང་ལམ་མི་འདུག” “དེ་སྔོན་ངས་ཁྱོད་ཚོའི་གྲོང་ཚོར་ཤ་མོང་སྒྲུབ་ནས་ཁེ་བཟང་མི་དམན་པ་ཞིག་ཐོབ་བྱུང་།དེས་རྗེས་ནས་ངས་སྔར་ལྷག་ཁེ་བཟང་ཞིག་ཡོང་ཕྱིར་ཟོང་ཆས་ཚང་མའི་དངུལ་བཏང་ནས་ཤ་མོ་ཉོས་ཏེ།ལྷ་སར་ཤ་མོ་བཙོངས་ཏུ་སོང་།འོན་ཀྱང་་་་་”

“ལྷ་སར་ཤ་མོང་རིན་གོང་ཤིན་ཏུ་བཟང་བ་མ་ཡིན་ནམ་་་་་་་་་་”

“ཤ་མོ་ངོ་མ་གོང་ཆེ།འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་་་་་་་”

“གང་བྱས་སོང་།”

“ཉོ་མཁན་དེས་ངར་དངུལ་རྫུན་མ་རྐྱང་རྐྱང་སྤྲད་འདུག་་་་་་ལྟས་ངན་ཁོ་་་་་་”

“ད་ང་ཚར་སོང་།ཅི་ཡང་མེད་པའི་ང་རྗེས་སུ་ཇི་ལྟར་འཚོ་་་་་་”

“ངས་ཤ་མོ་སྒྱེ་མོ་དོ་འཁྱེར་ཡོད།”

“མྱུལ་མོལ་ཁ་ཕྱེས་དང་ངས་གཅིག་བལྟ།”ཁོའི་མིག་ཟུང་རེ་ཞག་གིས་ཁེངས་འདུག ཤ་མོ་ཚང་མ་རུལ་ཚར་འདུག   གཅིག་སྒང་གཅིག་འབྱར་ནས་སྤུ་ལྗང་ཁུ་ཞིག་ཀྱང་སྐྱེས་འདུག  ཁོ་གཉིས་ཕུ་ཤོར་བའི་ལྒང་བུ་བཞིན་ཧད་དེ་ལུས་སོང་།ཁང་ཆུང་འདིའི་ཡོད་ཚད་འཇམ་ཐེངས་ངེར་གྱུར་སོང་།

“ད་ས་རུབ་ལ་ཉེ་བས།ང་ལོག་དགོས།”

འུར་སྒྲ་དང་བཅས་སྦག་སྦག་ཅིག་ཤང་དང་བར་ཐག་ཇེ་འགྱང་དུ་འགྲོ་བཞིན་འདུག

གློ་བུར་དུ་གྲང་ཅང་ཅང་གི་ཅི་ཞིག་ཁོའི་གདོང་ལ་ལག་ཟུང་གི་སྟེང་ཟགས་ཡོངས་བས།ཁོས་སྦག་སྦག་གི་ཁ་བཀག་ནས་བལྟ་དུས།ཁ་བ་འབབ་བཞིན་འདུག ནམ་ཟླ་དབྱར་མཇུག་ལ་ཁ་བ་འབབ་སྲིད་དམ།སེམས་ཡོངས་བློང་བློང་བོར་གྱུར་བས།ཅི་བསམ་མེད་པར་རེ་ཞིག་ཧད་དེ་ལུས།ཁ་བ་མུ་མཐུད་འབབ་ཡོང་། ཁོ་ད་དུང་ཧད་འདུག    གློ་བུར་ཕོ་རོག་ཤིག་གག་ཤར་རྒྱག་བཞིན་ཁོའི་ཀླད་ཐོག་ནས་གྲོང་ཚོའི་ཕྱོགས་སུ་འཕུར་སོང་།ད་གཟོད་ཁོ་གཞི་ནས་སད་བྱུང་བས་མུ་མཐུད་ལམ་ལ་ཞུགས།

མུན་ཡོངས་སུ་རུབ་སོང་།ཁ་བ་མུ་མཐུད་འབབ་བཞིན་འདུག

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤ་མོ།

2016-09-12 བྱང་བློ་བཟང་ཀུན་མཁྱེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།