སྟོན་རླུང་ལྡང་བྱུང་།

བཀྲ་ཤིས་ཆོས་འཕེལ།(ཡུལ་ཤུལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-12-05

 མཆོག་རྡོ་རྗེ་ཁང་བ་ཆུང་ཆུང་དེའི་ནང་ནས་གཉིད་རང་སད་བརྒྱབ་བྱུང་། ཁོས་རང་ཉིད་ཀྱི་ངོ་གདོང་དུ་ཐད་ཀར་འཕྲོས་པའི་ཉི་འོད་ལ་ལག་པ་གཏད་ནས་མིག་ཟུམ་ཟུམ་བྱས། སེམས་སུ “མདང་དགོང་ཡང་སྒེའུ་ཡོལ་བསུམ་རྒྱུ་བརྗེད་སོང་ཨང” དྲན་པ་དང་བསྡོངས་ནས་ཁ་ནས་ཀྱང་དེ་ལྟར་ཆིག་ལབ་ཅིག་ཤོར། མཆོག་རྡོ་རྗེ་མལ་ཁྲི་ལས་ཐང་དུ་བབས་ཏེ་ཉི་འོད་ལ་ཕྱོགས་ནས་གླལ་སྒྱིངས་ཤིག་བྱས། ཁོའི་གླལ་སྒྱིངས་བྱེད་པའི་གྲིབ་གཟུགས་ཤིག་སྒེའུ་ཁུང་ལས་འཕྲོས་པའི་ཉི་འོད་ཀྱིས་བསྣམས་ཏེ་མལ་ཁྲིའི་སྒང་དུ་འཕོས་བྱུང་། མཆོག་རྡོ་རྗེས་རང་གི་གྲིབ་གཟུགས་ལ་ལྟ་བཞིན་ཤ་གནད་རྩལ་དུ་སྤྲུགས་ནས་ཤེད་ཆེན་གྱི་བཟོ་ལྟ་འགའི་གྲིབ་གཟུགས་ཀྱང་བསྟུད་མར་མལ་ཁྲིའི་སྒང་དུ་འཕོ་རུ་བཅུག། ཁོ་སྒེའུ་ཁུང་ལས་འཕྲོས་པའི་ཉི་འོད་ལ་ངོ་གདོང་གཏད་ནས་ཡུན་རིང་བསྡད། ཉི་འོད་ཀྱི་འཇམ་ཤས་ཁོའི་ངོ་གདོང་དང་དཔུང་བའི་ཤ་གནད་རེ་རེ་ལ་བྱིལ་བྱིལ་བྱས། འཇམ་མཉེན་གྱི་ཕྱག་བྱིལ་བསྣམས་པའི་ནངས་སྔ་མོའི་ཉི་གཞོན་འདིས་ཁོའི་ལུས་སེམས་གཉི་ག་ལ་དགའ་བདེའི་ཚོར་བ་ཞིག་སྐྱེས་སུ་བཅུག།

 མཆོག་རྡོ་རྗེས་སྔས་འགྲམ་དུ་གཡུག་པའི་ཁ་པར་ལག་ཏུ་བླངས་ནས་ཁ་ཕྱེས། ཁ་པར་ཁ་ཕྱེས་མ་ཐག་བུ་མོ་ཞིག་གི་འདྲ་པར་མིག་ལ་ཐོགས་ཡོང་། བུ་མོ་དེ་ཉེ་ཆར་ལས་ཁུངས་ནང་གསར་དུ་ཐོན་པའི་བྱང་ཆུབ་དབང་མོ་རེད། ཉིན་འདི་གར་ཁོ་ལས་ཚོགས་གྲོལ་མ་ཐག་ཁྱིམ་དུ་ལོག་ནས་བྱང་ཆུབ་དབང་མོ་ལ་སྐད་འཕྲིན་བསྐུར་བཞིན་ཡོད་དེ།བྱང་ཆུབ་དབང་མོས་ཀྱང་ཁོ་ལ་འཕྲལ་ལན་ལྡོན་བཞིན་ཡོད། འདྲ་པར་འདིའང་བྱང་དབང་མོས་སྐད་འཕྲིན་ནས་ཁོ་ལ་བསྐུར་བ་རེད། འདྲ་པར་ནང་གི་བྱང་ཆུབ་དབང་མོ་ལ་ཆགས་ཉམས་དོད་པོ་འདུག། འཁྲང་ཟླུམ་གྱི་ནུ་མ་ཟུང་མངོན་སུམ་འཛེམ་མེད་ཀྱིས་ཕྱི་རུ་འབུར་འདུག།འཕོང་འཚོས་ཀྱང་གླང་དོར་གྱི་རྐང་སྣམ་དེས་མ་ཐུམས་པ་ལྟར་ཕྱི་རུ་ཅུང་འབུར་འདུག། མཆུ་ཏོར་སྣུམ་ཞགས་ཀྱི་མཆུ་རྩི་ཞིག་བྱུགས་འདུག། ད་དུང་རྫི་སྨྱུག་གིས་སྨིན་མའང་ཅུང་ཇེ་སྟུག་ཏུ་བཏང་འདུག། དངོས་གནས་འདྲ་པར་ནང་གི་བྱང་ཆུབ་དབང་མོ་ནི་རྣམ་ཀུན་ལས་ཀྱང་ཆགས་ཉམས་དོད་པོ་འདུག། རྣམ་ཀུན་འདི་འདྲའི་ཆགས་ཉམས་དོད་པའི་གོན་པ་ལས་ཚོགས་སུ་བསྐྱོད་སྐབས་གོན་གྱིན་མེད་པས་འདྲ་པར་ནང་གི་བྱང་ཆུབ་དབང་མོ་ནི་དངོས་གནས་ཧ་ཅང་ཡག། མཆོག་རྡོ་རྗེས་འདྲ་པར་དེ་མཐོང་མ་ཐག་མདང་དགོང་ཁོས་འདྲ་པར་འདིར་བལྟས་ནས་ཡུན་རིང་མནར་བའི་འདོད་ཆུ་ཕྱི་རུ་འཕོས་བཞག་པ་དྲན་ནས་ངོ་གདོང་ཚ་བེར་བེར་དུ་གྱུར། སེམས་སུ་མཚན་མོ་ནི་སྐྱོ་གདུང་དང་འདོད་ཆགས་ཀྱིས་མནར་བའི་འཇིག་རྟེན་ཞིག་རེད་འདོད། མཚན་མོར་ཆགས་སྲེད་ཀྱིས་མནར་ནས་འདོད་པ་གསོད་བྱེད་ལག་པ་ལས་མེད་ཀྱང་བསྲན་ཐབས་མི་འདུག་སྙམ། དེ་བས་ཞོགས་པ་འདི་ཅི་འདྲའི་སྐྱིད་ཨང་སྙམ་བཞིན་ཁ་པར་ལོགས་སུ་གཡུག་ནས་ཡང་བསྐྱར་སྒེའུ་ཁུང་ནས་འཕྲོས་པའི་ཉི་འོད་ལ་ཁ་གཏད་ནས་བསྡད་བྱུང་།

 འཁྲིག་མགོའི་ཆུ་ཚོད་ཀྱི་མདའ་རྩེ་ཏག་ཏག་བརྒྱད་དང་ཕྱེད་ཀའི་ཐོག་ཏུ་ཁེལ་འདུག། ད་ནི་ལས་ཚོགས་ལ་བསྐྱོད་རན་བྱུང་། མཆོག་རྡོ་རྗེ་ཁང་བ་ལས་བུད་དེ་སྒོ་ཕྱི་རུ་ཐོན་བྱུང་།ཉི་འོད་ཀྱི་འཇམ་ཤས་སྔར་བཞིན་ཁོ་རང་དེད་དེ་གཞིས་ཁུལ་གྱི་རྒྱ་སྒོའི་བར་འབྱོར་བྱུང་། གཞིས་ཁུལ་གྱི་རྒྱ་སྒོ་ནས་མཎི་བསྐོར་བར་ཕྱིན་ནས་ཕྱིར་ལོག་པའི་ཨ་ཕྱི་བདེ་སྐྱིད་དང་ཐུག་བྱུང་། ཁོས་ཨ་ཕྱི་བདེ་སྐྱིད་ལ་ཞོགས་བདེ་ཞིག་འབོད་འདོད་མོད། འོན་ཀྱང་ཨ་ཕྱི་བདེ་སྐྱིད་ཀྱིས་སྔོན་ལ་ཁ་གྲག་བྱུང་། “མཆོག་རྡོ་རྗེ། མདང་དགོང་ཁང་ཀླད་ནས་དེ་འདྲའི་འུར་ཆ་བརྒྱབ་ནས་ཅི་བྱས་པ་ཡིན། མ་གཞི་ནས་ང་ལ་གཉིད་སྲབ་མོ་ཞིག་ལས་མི་འདུག། དེའི་ཐོག་ཁྱོད་ཀྱིས་དེ་འདྲའི་འུར་ཆ་བཟོས་ཚེ། ང་ལ་གཉིད་རྒྱུ་ཞིག་གང་ན་ཡོད། ད་རུང་འུར་ཆ་བྱས་ཚེ་ངས་གཞིས་ཁུལ་དོ་དམ་པར་བཤད་རྒྱུ་ཡིན།” ཞེས་བཤད་པ་ན་ཁོས་ད་གཟོད་མདང་དགོང་ཁང་བའི་ནང་དུ་གྲོགས་པོ་འགའ་བོས་ནས་ཆང་བཏུང་བ་དྲན་བྱུང་། མཆོག་རྡོ་རྗེས་ཨ་ཕྱི་བདེ་སྐྱིད་ལ་གཟོད་གསོལ་གནང་རོགས་ཞེས་ཞུ་འདོད་ཀྱང་ཨ་ཕྱི་བདེ་སྐྱིད་ཕལ་ཆེར་ཐོག་ཁང་གི་སྒོ་ཁར་སླེབས་ཚར་འདུག།ཁོས་ཨ་ཕྱི་བདེ་སྐྱིད་ཀྱི་རྒྱབ་གཟུགས་ལ་གཏད་ནས “གཟོད་གསོལ་ཞུ། རྗེས་མ་གཟབ་གཟབ་བྱས་ཡོང” ཞེས་ཕྱིར་འབོད་བྱས་ཀྱང་ཨ་ཕྱི་བདེ་སྐྱིད་ལ་གོ་ཚོར་མེད་པར་གོམ་པ་འཁྱ་འཁྱོར་ཞིག་ཐོག་ཁང་གི་ཕྱོགས་སུ་བསྒྱུར་སོང་། ཨ་ཕྱི་བདེ་སྐྱིད་ཀྱི་སྐད་ཆ་དེས་ཁོའི་ཡར་སྔོན་གྱི་སེམས་པ་སྐྱིད་པོ་ལ་ནག་ཐིག་ཕབ་བྱུང་། སེམས་སུ་ཨ་ཕྱི་བདེ་སྐྱིད་ལ་ཐུགས་ཁག་མི་འདུག། ཚང་མ་རང་ཉིད་ཀྱིས་མ་འཇོན་པས་ལན་འདུག་སྙམ་ཞིང་། དེ་མུར་མཆན་ཁུག་ཏུ་བཙིར་བའི་ཀོ་ཁུག་ལས《དགེ་རྒན་གྱི་རྒྱུགས་ཡིག་ཆེན་མོ》ཞེས་པའི་དཔེ་ཆ་འཐུག་པོ་དེ་ཚུར་བླངས་ནས་ལས་ཁུངས་སུ་བསྐྱོད་པའི་ལམ་བར་ནས་མཆུ་ཏོ་མུག་མུག་གིས་ཤོག་ལྷེ་འགའ་བཏོན།མ་གཞི་མཆོག་རྡོ་རྗེའི་ཕུགས་བསམ་གྱི་བྱ་བ་ནི་བོད་ཡིག་དགེ་རྒན་ཞིག་བྱེད་འདོད་ཀྱིན་ཡོད། འོན་ཀྱང་མཆོག་རྡོ་རྗེས་དང་ཐོག་མཐོ་རྒྱུགས་ཀྱི་སྐབས་སུ་ཆེད་སྦྱོང་གི་སློབ་གྲྭ་ཞིག་ལས་དངོས་གཞིའི་སྐར་གྲངས་ལོངས་མེད་པས་བོད་ཡིག་སྦྱོང་པའི་སྐལ་ཉག་ཧ་ཅང་ཕྲ། འོན་ཀྱང་ཁོས་སློབ་གསེང་གི་བར་ནས་བོད་ཡིག་ལ་རང་སྦྱོང་ཡང་ཡང་བྱས་ཤིང་།རང་སེམས་ཤོག་དཀར་དུ་ཕབ་ནས་རྩོམ་ཡིག་ཀྱང་མང་པོ་བྲིས་པས། ད་སྐབས་ཁོའི་བོད་ཡིག་གི་ཆུ་ཚད་དངོས་གཞིའི་སློབ་ཆེན་ནས་བོད་ཡིག་སྦྱོང་པའི་སློབ་མ་རྣམས་ཀྱི་དམན་མིན།འོན་ཀྱང་ཁོའི་སློབ་ཆེན་གྱི་ཆེད་ལས་གསར་འགྱུར་ཡིན་པས། སློབ་ཆེན་མཐར་ཕྱིན་མ་ཐག་ད་སྐབས་ཀྱི་ལས་ཁུངས་འདིར་ཞུགས་ནས་དངོས་སྦྱོང་བྱེད་མགོ་ཚུགས་ཤིང་།ད་སྐབས་ཁོ་རང་ལས་ཁུངས་འདིར་འབྱོར་ནས་ལོ་འཁོར་གཅིག་ལྷག་འགོར་གྱིན་ཡོད། ལོ་འཁོར་གཅིག་འདི་ལྟར་གོ་མེད་ཚོར་མེད་ཀྱིས་འདས་སོང་བ་ལ་ཁོའང་སེར་སྣ་ལངས་བཞིན་ཡོད། གལ་ཏེ་ལས་ཁུངས་འདིས་ཁོ་ལ་ཟླ་བ་རེར་སྒོར་མོ་སྟོང་ཚོ་གཉིས་ཀྱི་ཟླ་ཕོགས་སྟེར་བཞིན་མེད་ཚེ་ཁོས་སྔ་ས་ནས་ལས་ཁུངས་འདི་ལ་བདེ་མོ་འཇོག་སྲིད་མོད། འོན་ཀྱང་སྒོར་མོ་སྟོང་ཚོ་གཉིས་ཀྱི་ཟླ་ཕོགས་དེའི་འགུག་ཉམས་ལ་མ་བཟོད་པར་ཁོ་སྔར་བཞིན་ལས་ཁུངས་ནས་ཨུ་ཚུགས་ཀྱིས་བསྡད་དེ་དུས་ཚོད་སྟོང་ཟད་དུ་གཏོང་དགོས་བྱུང་།

 སྟོན་རླུང་ལྡང་བྱུང་། ལས་ཁུངས་ཀྱི་ར་སྐོར་ནང་དུ་གར་ཡོང་མི་ཤེས་པའི་རླུང་ཡན་འཚུབ་མས་ཁེངས་འདུག།ཡར་སྔོན་ཉི་འོད་ཀྱི་འཇམ་ཤ་དེའང་རླུང་ཡན་གྱིས་ཁུར་ནས་ཚོར་རེག་མི་འདུག། “ཕེ་ཕེ” མཆོག་རྡོ་རྗེས་ལས་ཁུངས་ཀྱི་ར་སྐོར་ནང་དུ་ཚོད་ཚོད་མེད་པར་ཅི་དགར་གཡུག་གིན་པའི་རླུང་འཚུབ་ཀྱི་ཨ་ལོང་ལ་གཏད་ནས་མཆིལ་ཞགས་ཤིག་འཕངས།ཆུང་དུས་ཀྱི་གོ་ཐོས་ལྟར་ན་རླུང་འཚུབ་ཀྱི་ཨ་ལོང་དང་འཕྲད་པ་ནི་ཤི་ཟིན་པའི་མི་གེ་མོ་ཞིག་གི་རྣམ་ཤེས་ལ་འཕྲད་པ་ཡིན་སྐད་འདུག། རླུང་འཚུབ་ཀྱི་ཨ་ལོང་ལ་མཆིལ་ཞགས་དང་མ་ཎི་བསྔོ་བ་ནི་རྣམ་ཤེས་ཞོད་འཇགས་སུ་འགོད་པའི་ཐབས་ཡིན་སྐད་འདུག་པས།མཆོག་རྡོ་རྗེས་ཆུང་དུས་ལྟར་ད་ལྟའང་རླུང་འཚུབ་ཀྱི་ཨ་ལོང་དང་འཕྲད་སྐབས་མཆིལ་ཞགས་འཕངས་ནས་མཎི་བསྔོ་བཞིན་ཡོད། མཆོག་རྡོ་རྗེ་ར་སྐོར་ནང་གི་འབར་འབུར་མི་སྙོམ་པའི་ས་ཁུད་དུ་འཁྱིལ་བའི་ཆུ་འཁྱིལ་ཆུང་ཆུང་དེ་དག་གི་ཐོག་ནས་གོམ་པ་ཡང་མོས་ལྡིང་བཞིན་གཞུང་ལས་ཐོག་ཁང་གི་སྒོ་འགྲམ་དུ་འབྱོར་བྱུང་། གཞུང་ལས་ཐོག་ཁང་གི་སྒོ་འགྲམ་དུ་བཙུགས་པའི་སྡོང་རྒན་དེའི་སེར་ཐིག་ལྷུང་བའི་ལོ་མ་རྣམས་ཀྱང་ཚོད་ཚོད་མེད་པར་ལྡང་བའི་རླུང་འཚུབ་ལ་འགྲོགས་ཏེ་ཡལ་ག་ནས་ས་ངོས་སུ་དལ་གྱིས་འབབ་ཀྱིན་འདུག། “ད་ནི་སྟོན་མཇུག་ཤར་འདུག་ཨང་། ”མཆོག་རྡོ་རྗེའི་རྒྱབ་ལོགས་ནས་མི་ཞིག་གིས་ཁ་གྲག་བྱུང་། “འདུག་ལགས། ད་ནི་སྟོན་རྫོགས་ནས་དགུན་ཤར་གྲབས་འདུག་ཨང་།”ཞེས་ལན་བཏབ། མཆོག་རྡོ་རྗེས་ཁོའི་རྒྱབ་ལོགས་ཀྱི་མི་དེའི་སྐད་ངོ་ཆོད་སོང་། ཀྲུའུ་རེན་བཀྲ་དོན་ལགས་མཆོག་རྡོ་རྗེའི་རྒྱབ་ལོགས་སུ་འགྲེང་ནས་ཁོའི་མཐོང་སྣེ་སྙེག་པ་ལྟར་སྡོང་རྒན་ནས་མར་ཟགས་བཞིན་པའི་སེར་ཐིག་ལྷུང་བའི་ལོ་མ་དེ་དག་ལ་ཅེར་ནས་འདུག། “དོ་དགོང་ངའི་སྐྱེས་སྐར་ཡིན། ལས་མི་ཚང་མ་འབོད་འཆར་ཡོད། ཁྱོད་ཀྱང་ཤོག།” མཆོག་རྡོ་རྗེས “ཡ། ང་ཡོང་ངེས་ཅན་ཡིན།” ཞེས་ལན་བཏབ་ནས་ཀྲུའུ་རེན་བཀྲ་དོན་ལ་གཟུར་བཞིན་མཆིན་ཁུག་ཏུ་བཙིར་བའི་ཀོ་ཁུག་པང་དུ་བསྡམས་ནས་གཞུང་ལས་ཁང་དུ་འཛུལ་སོང་། “མཆོག་རྡོ་རྗེ་ཞོགས་པ་བདེ་ལེགས།” “བདེ་ལེགས།” “བདེ་ལེགས།” མཆོག་རྡོ་རྗེས་ལས་ཁུངས་ནང་གི་མི་རེ་རེའི་ཞོགས་བདེ་ལ་སྟབས་བདེའི་ལན་ཞིག་སྤྲད་ཀྱིན་ཤར་རེར་རང་གི་མདུན་ཅོག་གི་ཕྱོགས་སུ་ཕྱིན་སོང་།མཆོག་རྡོ་རྗེས་རང་གི་མདུན་ཅོག་སྟེང་གི་སྟེགས་འཇོག་གློག་ཀླད་ཀྱི་སྒོ་ཕྱེ་བཞིན་བྱང་ཆུབ་དབང་མོ་ལས་ཁུངས་ནང་ཐོན་ཡོད་མེད་ལའང་མིག་བཤེར་ཐེངས་གཅིག་བྱས། ཏག་ཏག་བྱང་ཆུབ་དབང་མོས་ཀྱང་ཚུར་ཁོ་ལ་བལྟས་ནས་འདུག། ཁོ་དང་བྱང་ཆུབ་དབང་མོའི་མཐོང་སྣེ་གཉིས་བཀག་རྒྱ་མེད་པའི་བར་སྟོང་ཞིག་ནས་གཟུགས་མེད་ཀྱི་སྐུད་པ་གཅིག་གི་སྟེང་དུ་ཁེལ་བྱུང་། བྱང་ཆུབ་དབང་མོས་ཁོ་ལ་འཛུམ་ཙམ་བྱས་སོང་། འོན་ཀྱང་ཁོས་བྱང་ཆུབ་དབང་མོའི་འཛུམ་མདངས་ལ་ལན་བརྒྱག་ཐབས་ཡེ་ནས་མི་འདུག།བྱང་ཆུབ་དབང་མོའི་འཛུམ་མདངས་ཀྱི་ཁུད་དུ་ཐག་གཅོད་ཐུབ་པའི་གཏན་ཚིགས་ཅི་ཡང་མི་འདུག།དེ་བས་ཁོས་དེ་མུར་རང་གི་མཐོང་སྣེ་ཚུར་གློག་ཀླད་ཀྱི་སྟེང་དུ་འཕོས་ནས་མ་མཐོང་ཁུལ་བྱས། འཕྲལ་དུ་ཁ་སང་བསྒྱུར་འཕྲོར་ལུས་པའི་རྒྱ་ཡིག་གི་གསར་འགྱུར་དེ་དག་ལ་བཙན་ཚུགས་ཀྱིས་བལྟས་ནས་བསྡད།

 ནམ་རྒྱུན་གཞུང་ལས་ཁང་གི་སྒེའུ་ཁུང་ལས་ལྗང་མདོག་གི་ལོ་མ་ཤག་ཤག་ཏུ་གཡོ་བའི་སྡོང་རྒན་གྱི་ཡལ་ག་མཐོང་ཐུབ།ད་ནི་ལོ་མ་ཡལ་ནས་ཁ་ཆད་སྣ་རལ་དུ་གྱུར་བའི་ཡལ་ག་གཅིག་པུ་སྒེའུ་ཁུང་གི་ཕྱི་རོལ་ནས་རླུང་འཚུབ་ཀྱིས་གཡོ་ཙམ་བྱེད་པ་མཐོང་ཡོང་། གཡེར་གྲགས་ཆོད་པའི་དགུན་ཁ་དེས་དབྱར་མདངས་ཀྱི་ཚོན་རྩི་ཡོད་ཅོག་ལ་ཅི་ཞིག་བྱས་སོང་། མཆོག་རྡོ་རྗེ་འདི་ལྟར་སྟོང་འདང་གི་དབྱིངས་སུ་ཚུད་སོང་། བྱང་ཆུབ་དབང་མོ་ཁོའི་མིག་མདུན་དུ་གེ་རེར་ལངས་ནས“ཝེ”ཞེས་ཐེངས་མ་འགར་བོས་པ་ན་ཁོའི་འཆར་ཡན་གྱི་དབྱིངས་སུ་ཚུད་པའི་རྣམ་ཤེས་ད་གཟོད་ཕྱིར་གཞུང་ལས་ཁང་དུ་བཀུག་བྱུང་། གཞུང་ལས་ཁང་ནས་བྱང་ཆུབ་དབང་མོའི་སྟེང་དུ་བཀུག་བྱུང་། ད་ནི་གཞུང་ལས་ཁང་དུ་ཁོ་དང་བྱུང་ཆུབ་དབང་མོ་གཉིས་ལས་གཅིག་ཀྱང་ལྷག་མི་འདུག། ཁོས་བྱང་ཆུབ་དབང་མོའི་ “ཝེ” སྒྲ་ལ་ལན་མ་བྱིན་ནས་ཅུང་ཙམ་བསྡད།གཞུང་ལས་ཁང་དུ་གློག་ཀླད་ཀྱི་གཙོ་འཁོར་འཇགས་མེད་ཀྱིས་འཁོར་བའི་སག་སག་གི་སྒྲ་ལས་ཡོད་ཚད་དབེན་འཇགས་སེར་འདུག།གཞུང་ལས་ཁང་གི་ཚད་བརྒལ་གྱི་དབེན་འཇགས་དེས་ཁོ་གཉི་ག་དོགས་མི་བདེ་བ་ཞིག་ཏུ་བཏང་བྱུང་། བྱང་ཆུབ་དབང་མོས་ཡང་བསྐྱར་ཁོ་ལ་ཁ་གྲག་བྱུང་། “ལས་ཚོགས་གྲོལ་སོང་། ཁྱོད་ད་རུང་མི་འགྲོའམ། ཁྱོད་འདི་ལྟར་རྗེས་ལ་བསྡད་ནས་ཅི་བྱ། “རང་ཉིད་གཅིག་པུ་ཅུང་ལྷིང་འཇགས་ངང་འདུག་ན་འདོད་ཅེས ”ལན་བཏབ། “ཁྱོད་ལ་རླངས་འཁོར་ཨེ་ཡོད།ང་ཁྱིམ་དུ་སྐྱེལ་རོགས་བྱས་ན་ཨེ་ཆོག།”ཅེས་དྲིས་བྱུང་།དྲི་བ་དེས་ཁོ་རང་ཅུང་ཚབ་བེ་ཚུབ་བེ་ཞིག་ཏུ་བཏང་སོང་། “ངའི་་་་ངའི་་་་་ངའི་རླངས་འཁོར་གྲོགས་པོ་ཞིག་གིས་གཡར་སོང་།”ཞེས་ལན་གཏབ། བྱང་ཆུབ་དབང་མོས“འོ་ཡ། མི་སྐྱོན།”ཞེས་ལན་བཏོན་ནས་དེ་མ་ཉིད་གཞུང་ལས་ཐོག་ཁང་གི་སྒོ་གཏན་པའི་ཁྲོག་སྒྲ་དང་ལྷན་དུ་གོམ་སྒྲ་ཆག་ཆག་གིས་ཕྱི་རུ་ཡལ་སོང་། གཞུང་ལས་ཁང་དུ་ཡང་བསྐྱར་གློག་ཀླད་ཀྱི་གཙོ་འཁོར་སག་སག་ཏུ་འཁོར་བའི་སྒྲ་ལས་ཡོད་ཚད་དབུགས་རྨིག་གེར་གྱུར་སོང་། མཆོག་རྡོ་རྗེ་སྔར་བཞིན་སྒེའུ་ཁུང་ནས་ཕྱི་རོལ་དུ་ཅེར་ནས་བསྡད། རླངས་འཁོར་ཞིག་གཞུང་ལས་ཐོག་ཁང་གི་སྒོ་འགྲམ་དུ་ཙིར་སྒྲ་དང་བཅས་འཁོར་ཁ་བཀག་བྱུང་། རླངས་འཁོར་གྱི་ཤེལ་སྒོ་དལ་གྱིས་མར་དེད་སོང་། ཀྲུའུ་རེན་རེད། བྱང་ཆུབ་དབང་མོ་ཚམ་ཚོམ་མེད་པར་ཀྲུའུ་རེན་གྱི་རླངས་འཁོར་ནང་དུ་འཛུལ་སོང་། ཀྲུའུ་རེན་གྱིས་རླངས་འཁོར་གྱི་ཤེལ་སྒོ་དལ་བུར་བསུམ་སོང་།རླངས་འཁོར་དེ་མུར་སག་སྒྲ་དང་བསྡོངས་ནས་ལས་ཁུངས་ཀྱི་རྒྱ་སྒོ་ནས་བུད་དེ་སྲང་ལམ་དུ་ཡལ་སོང་། རྣམ་པ་འདིས་མཆོག་རྡོ་རྗེ་རང་ཉིད་ཀྱི་སྟེང་དུ་ཚིག་པ་ཟོས་ཡོང་། “ཕོ་ལོ་ཉི་ཤུ་ཟད་ནས་ཉེར་ལྔ་བརྒལ་ཡང་རང་ཉིད་ལ་དབང་བའི་སྒེར་འཁོར་ཞིག་ཀྱང་མི་འདུག་ཨང་” ཞེས་ཆིག་ལབ་བྱེད་ཀྱིན་རང་ཉིད་ལ་ལེ་བདའ་བྱས།མདུན་ཅོག་སྟེང་དུ་ཡོད་པའི《དགེ་རྒན་གྱི་རྒྱུགས་ཡིག་ཆེན་མོ་》ཞེས་པའི་དཔེ་ཆ་འཐུག་པོ་དེ་ཁོ་ནས་ཁོའི་ཆིག་ལབ་ལ་ཁུ་སིམ་མེར་ཉན་འདུག། ཁོས་དཔེ་ཆ་འཐུག་པོ་དེ་ཀོ་ཁུག་ཏུ་བསྡུས་ནས་གཞུང་ལས་ཁང་གི་སྒོར་ཐོན་བྱུང་། ད་ནི་སྨག་རུབས་ལ་ཉེ་བཞིན་འདུག། ར་སྐོར་གྱི་ནང་དུ་གར་ཡོང་མི་ཤེས་པའི་རླུང་འཚུབ་ཅིག་སྔར་ལྟར་ལྡང་བཞིན་འདུག།ད་ནི་ར་སྐོར་གྱི་ནང་དུ་མཆོག་རྡོ་རྗེས་རླུང་འཚུབ་ཀྱི་ཨ་ལོང་ལ་འཕེན་པའི་མཆིལ་ཞགས་ཀྱི “ཕེ” སྒྲ་ལས་ཡོད་ཚད་ལྷིང་འཇགས་སེར་འདུག།མཆོག་རྡོ་རྗེས་དལ་བྲེལ་མེད་པའི་གོམ་པ་ཡར་སྔོན་ཀྲུའུ་རེན་གྱིས་བསྐུར་བའི་ཆང་ཁང་དེའི་ས་གནས་ལ་གཏད་ནས་སྤོས་བྱུང་། མཆོག་རྡོ་རྗེ་ལས་ཁུངས་ནས་གཞུང་ལམ་དུ་འབྱོར་དུས་ཁོའི་ནུབ་ཆས་ནག་པོ་དེའི་གོང་དཀྲིས་ཀྱི་སྣེ་མོ་བསིལ་རླུང་གིས་སྒུལ་ཙམ་བྱེད་ཡོང་། སྐབས་ཐོག་འདིར་མཆོག་རྡོ་རྗེའི་སེམས་ནང་དུ་བྱང་ཆུབ་དབང་མོ་གཅིག་པུ་ལས་གཞན་ཅི་ཡང་དྲན་རྒྱུ་མི་འདུག།ཁོས་དོ་དགོང་བྱང་ཆུབ་དབང་མོ་ཆང་རག་གིས་སྦྲད་རྗེས་ཁོ་དང་ཉལ་པོ་བརྒྱག་གིན་པའི་སྣང་བརྙན་འདྲ་མིན་ལ་འཆར་ཡན་ཡང་ཡང་བྱས།བྱང་ཆུབ་དབང་མོ་ཁོ་དང་ཉལ་པོ་བརྒྱག་ཐུབ་མིན་ལའང་སེམས་ཚེགས་ཡང་ཡང་བྱས།བྱང་ཆུབ་དབང་མོ་ཀྲུའུ་རེན་གྱིས་འཁྲིད་འགྲོ་མིན་སྐོར་ལའང་སེམས་ཁྲལ་ཡང་ཡང་བྱས། “དཔེ་མི་སྲིད། ཁོ་འགོ་འཁྲིད་ཅིག་རེད། རང་གི་ལས་མིའི་ཁྲོད་དུ་སྦར་ག་ལ་སྲིད།”ཅེས་ཆིག་ལབ་བྱས། ཁོ་དེ་ལྟར་སེམས་ཚེགས་དང་འཆར་ཡན་གྱི་དབྱིངས་ལ་བྱིངས་ཏེ་ཆང་ཁང་ལ་གཏད་ནས་སྤོ་བཞིན་པའི་གོམ་ཁའང་རང་བཞིན་གྱིས་ཇེ་མགྱོགས་སུ་བཏང་བྱུང་། གར་ཡོང་མི་ཤེས་པའི་རླུང་འཚུབ་ཀྱི་ཨ་ལོང་ཞིག་རྒྱ་ལམ་བཤགས་ནས་མཆོག་རྡོ་རྗེའི་ཕྱོགས་སུ་སྤུར་ཡོང་།རླུང་འཚུབ་ཀྱི་ཨ་ལོང་དེས་ཁོའི་ཡར་སྔོན་གྱི་འཆར་ཡན་ཡོད་ཅོག་ཁུར་མོང་ལ་ཕུ་བཏབ་པ་ལྟར་གང་ཞིག་ལ་བྱེར་དུ་བཅུག་སོང་། རླངས་འཁོར་མོད་པོའི་འཁོར་བསྐྱོད་ཀྱི་ཤག་སྒྲ་དང་ཁེགས་སྡོད་ཀྱི་ཙིར་སྒྲའི་བར་ནས་མཆོག་རྡོ་རྗེས་རླུང་འཚུབ་ཀྱི་ཨ་ལོང་དེར་གཏད་ནས་མཆིལ་ཞགས་ཤིང་འཕངས། མཆོག་རྡོ་རྗེས་རླུང་འཚུབ་ཀྱི་ཨ་ལོང་ལ་འཕངས་པའི་མཆིལ་ཞགས་ཀྱི“ཕེ་”སྒྲ་དེ་ཁེགས་བསྐྱོད་བྱེད་ཀྱིན་པའི་འཁོར་རིགས་ཀྱི་དུང་སྒྲ་དང་བསྡོངས་ནས་རླུང་འཚུབ་ཀྱིས་མཁའ་དབྱིངས་སུ་བཀྱགས་སོང་།

 མཆོག་རྡོ་རྗེ་གཞི་ནས་ཆང་ཁང་གི་སྒོ་ཁར་འབྱོར་བྱུང་།མཆོག་རྡོ་རྗེ་ཆང་ཁང་གི་སྒོ་འགྲམ་ནས་ལངས་ཏེ་ནང་དུ་མ་སོང་ནས་ཡུན་ཙམ་བསྡད། འོད་ཡུག་ཡུག་བྱེད་པའི་ཆང་ཁང་གི་སྒོ་གླེགས་ཀྱི་ངོས་སུ་མཆོག་རྡོ་རྗེའི་གཟུགས་བྱད་འཕོས་བྱུང་།

 ཁོས་ཆང་ཁང་གི་སྒོ་གླེགས་ལ་གཏད་ནས་རང་གི་ནུབ་ཆས་ཀྱི་བྲང་ངོས་ནས་ཕྱི་རུ་དཔྱངས་པའི་གོང་དཀྲིས་ཚི་ལིན་དང་སྟོད་ལྭའི་བར་དུ་བཙངས་ཡག་བྱས། དཔྲལ་ངོས་སུ་གང་འདོད་ལྟར་ཟགས་པའི་སྐྲ་ཚོམས་རྣམས་སོར་མོ་ཀྲབ་ཀྲབ་ཀྱིས་ལྟག་རྒྱབ་ཏུ་ཤད་ཡག་བྱས། པང་ཁུག་ཏུ་བསྡམས་པའི་ཀོ་ཁུག་མཆིན་ཁུག་ཏུ་བཙིར་ནས་ལག་ཡས་ནུབ་ཆས་ཀྱི་ཐུ་སྣེ་ནས་འཐེན་ཙམ་འཐེན་ཙམ་བྱས། མཆོག་རྡོ་རྗེའི་ངོ་གདོང་དུ་གཞི་ནས་ཡིད་ཚིམས་པའི་འཛུམ་མདངས་ཤིག་ཕྱུང་ཡོང་། ཡིད་ཚིམ་པའི་འཛུམ་མདངས་དེ་མཆོག་རྡོ་རྗེའི་ངོ་གདོང་ནས་ཐད་ཀར་ཁ་གཏད་དུ་འོད་ཡུག་ཡུག་བྱེད་པའི་ཆང་ཁང་གི་སྒོ་མོའི་ངོས་སུའང་བཀད་བྱུང་། མཆོག་རྡོ་རྗེ་གཞི་ནས་མགོ་བོ་ཀྲོག་ཀྲོག་གིས་ཆང་ཁང་དུ་འཛུལ་སོང་། ཀྲུའུ་རེན་དང་བཅས་པའི་ལས་མི་རྣམས་སྔ་ས་ནས་ཐོན་ཚར་འདུག། ཀྲུའུ་རེན་གྱིས་མཆོག་རྡོ་རྗེ་མཐོང་མ་ཐག “ཁྱོད་གཅིག་པུ་སྒུག་ནས་ཡོད། ཡ་་་་་ད་སྤྲི་གོར་གྱི་པྲ་ཚིལ་ལ་མེ་བསྒྲོན་དང་།” ཟེར་ནས་ལས་གྲོགས་ཤིག་ལ་མེ་བསྒྲོན་དུ་བཅུག།ལས་གྲོགས་དེས་སྤྲི་གོར་ལ་མེ་བསྒྲོན་ནས་ཆང་ཁང་གི་གློག་འོད་གཞན་དག་གཟིམ་དུ་བཅུག་བྱུང་། ཀྲུའུ་རེན་གྱིས་སྐྱེས་སྐར་གྱི་ཤོག་ཞྭ་མགོ་ལ་མཆོད་ནས་ལག་པ་ཡ་གཅིག་གིས་ཡ་གཅིག་པོའི་ཁུ་ཚུར་བསྡམས་ནས་མིག་ཟུང་ཟུམ་ཟུམ་ངང་སྨོན་འདུན་སྒོམ་བཞིན་འདུག། མཆོག་རྡོ་རྗེ་གློག་འོད་མེད་པའི་གོ་གླགས་ལ་བསྟུན་ནས་བྱང་ཆུབ་དབང་མོའི་ཉེ་སར་བཅར་ཅི་ཐུབ་བྱས། པྲ་ཚིལ་གྱི་སྒྲོན་འོད་ཀློང་ནས་བྱང་ཆུབ་དབང་མོའི་འཁྲང་ཟླུམ་མྱོས་བུམ་ཟུང་གི་གྲིབ་མ་མཆོག་རྡོ་རྗེའི་ལུས་ཐོག་ཏུ་ཡང་ཡང་འཕོས་ཡོང་། དོ་དགོང་གི་བྱང་ཆུབ་དབང་མོས་ཡར་སྔོན་འདྲ་པར་ལས་མཐོང་བའི་ཆགས་ཉམས་ཅན་གྱི་གོན་པ་དེ་གྱོན་འདུག། བྲང་ངོས་སུ་དམ་པོར་འབྱར་བའི་སྐུད་ལ་ནག་པོ་དེས་མོའི་འཁྲང་ཟླུམ་གྱི་མྱོས་བུམ་ཟུང་གི་ཐེག་ཚད་མ་ལོངས་པ་ལྟར་ཕྱི་རུ་རྒྱས་འདུག། མཆོག་རྡོ་རྗེས་བྱང་ཆུབ་དབང་མོའི་འཁྲང་ཟླུམ་གྱི་མྱོས་བུམ་ཟུང་ལ་མི་འདོད་འདོད་འདོད་འདོད་ངང་ལྐོག་ལྟ་ཡང་ཡང་བྱས། སེམས་འཚུབ་ནས་སྙིང་ཆུང་གི་ལུ་གུ་ལྟིག་ལྟིག་ཏུ་ཡང་ཡང་ལྡིང་། ལས་གྲོགས་ཚོས་མགྲིན་་གཅིག་ཏུ་སྐྱེས་སྐར་གྱི་གླུ་དབྱངས་ལེན་བཞིན་འདུག།མཆོག་རྡོ་རྗེས་ཀྱང་མིག་ཟུང་བྱང་ཆུབ་དབང་མོའི་ཕྱོགས་སུ་ཤོར་བཞིན་སྐྱེས་སྐར་གྱི་གླུ་དབྱངས་ལྐོག་ལྐོག་སུད་སུད་ཀྱིས་བླངས། ཀྲུའུ་རེན་གྱིས་ཕུ་འདེབས་ཐེངས་གཅིག་གིས་པྲ་ཚིལ་གྱི་སྒྲོན་འོད་ནག་ཐེབ་བེར་བཏང་བ་ན། ལས་གྲོགས་ཚོའི་དགའ་འབོད་དང་ཐལ་སྒྲ་ཅིག་ཅར་དུ་གྲགས་བྱུང་། ཀྲུའུ་རེན་འདུག་སྟེགས་ནས་ཡར་ལངས་ཏེ་དགའ་འབོད་བྱེད་ཀྱིན་པའི་ལས་གྲོགས་རྣམས་འཇམ་ཐིང་ངེར་འདུག་ཏུ་བཅུག་ནས་ཆང་ཕོར་ཡར་བཅགས་ནས་སྐད་ཆ་བཤད་མགོ་བརྩམས་སོང་། “ལས་གྲོགས་རྣམས་པ་ངའི་སྐྱེས་སྐར་ཕེབས་པར་བཀའ་དྲིན་ཆེ། ངས་དེ་རིང་འདི་ནས་རང་གི་སྒེར་དོན་ཞིག་ཁ་གསལ་དུ་ཕུད་ནས་བཤད་རྒྱུ་ཡིན། འུ་ཚོའི་ལས་ཁུངས་ནང་གསར་དུ་ཐོན་པའི་བྱང་ཆུབ་དབང་མོ་ངའི་དགའ་རོགས་ཡིན།འབྲེལ་བ་དེ་རིང་གཞི་ནས་གཏན་འཁེལ་བྱུང་བ་ཡིན། ངེད་གཉིས་མོ་རང་ལས་ཁུངས་ནང་མ་ཡོང་གོང་ནས་ངོ་ཤེས་ཡིན། ཡར་སྔོན་མོ་ལ་སློབ་སྦྱོང་དང་དེ་མིན་གྱི་དོན་དག་ཡོད་པས་ང་དང་ལེན་བྱས་མྱོང་མེད། ད་སྐབས་ལས་དབང་གིས་ཡང་བསྐྱར་འུ་གཉིས་ལས་ཁུངས་གཅིག་ཏུ་འཛོམས་བྱུང་བས།མོས་ཀྱང་དེ་རིང་ཕྱི་དྲོ་གཞི་ནས་ང་རང་དང་དུ་བླངས་ནས་མོས་མཐུན་བྱས་པ་རེད།”ཅེས་བཤད་མ་ཐག་ཆང་ཁང་དུ་སྔར་ལས་ལྷག་པའི་དགའ་འབོད་ཅིག་གིས་ཁྱབ་པར་བྱས་སོང་། བྱང་ཆུབ་དབང་མོས་ངོ་གདོང་ལག་པས་བཀབ་ནས་མགོ་བོ་ཀྲུའུ་རེན་གྱི་བྲང་ཁུག་ཏུ་སྨད་ནས་འདུག། མཆོག་རྡོ་རྗེས་མིག་ཟུང་བྱང་ཆུབ་དབང་མོ་ལ་ཅེར་བཞིན་ལས་གྲོགས་རྣམས་དང་འགྲོགས་ནས་དགའ་འབོད་བྱས།མཚམས་རེར་ཀྲུའུ་རེན་གྱི་གདོང་ལ་གཏད་ནས་འཛུམ་ཙམ་བྱས།ཀྲུའུ་རེན་གྱིས་ཁོའི་དུད་རྩི་ཆགས་པའི་སོ་འཁྱོག་རྣམས་ཕྱི་རུ་སྟོན་ནས་གད་མོ་བསླུག་བསླུག་ངང་དགོད་པ་ལ་ལྟས་ན་ཁོ་དོ་དགོང་དངོས་འབྲེལ་དགའ་ཐག་ཆོད་ནས་འདུག་ཨང་། མཆོག་རྡོ་རྗེའི་སེམས་སུ་བྱང་ཆུབ་དབང་མོ་དངོས་འབྲེལ་འབག་བཙོག་གི་སྐྱེས་པ་འདིར་དགའ་བ་ཡིན་ནམ། ཡང་ན་ཁོ་ལ་རྒྱུ་འབྱོར་ཅུང་ཟད་རེ་ཡོད་པས་ཡིན་ནམ་སྙམ། ལོས་ཡིན། མཛེས་མ་དང་རྒྱུ་ཆེན་གཉིས་བསྡེབས་ན་ད་གཟོད་ཆུ་རྒྱས་གཟེངས་མཐོ་རུ་འགྲོ་བ་མིན་ནམ་སྙམ། གང་ལྟར་ཀྲུའུ་རེན་གྱི་སྐད་ཆ་དེ་སྔོན་མ་གཞུང་ལམ་ནས་ལྡང་ཡོང་བའི་རླུང་འཚུབ་ཀྱི་ཨ་ལོང་དང་འདྲ་བར་མཆོག་རྡོ་རྗེའི་ཡར་སྔོན་གྱི་འཆར་གཞི་ཡོད་ཚད་རྨིག་མེད་དུ་བརླག་སོང་། མཆོག་རྡོ་རྗེས་དེ་ལྟར་དྲན་གྱིན་ཆང་བསྟུད་མར་ཆང་ཕོར་དུ་མར་ཞབས་དག་ཞུས། ཆང་ཕོར་དུ་མར་ཞབས་དག་ཞུས་རྗེས་ག་ལེར་དགའ་འབོད་བྱེད་ཀྱིན་ལས་གྲོགས་རྣམས་དང་བྲལ་ནས་ཆང་ཁང་གི་ཕྱི་རུ་ཐོན་བྱུང་།

 ཁོ་དེ་ལྟར་ཆང་ཁང་གི་ཕྱི་རུ་ཐོ་ཡོར་ལྟར་འགྲེང་ནས་ཡུན་རིང་བསྡད། མིང་མི་ཐོགས་པའི་སྐྱོ་བ་ཞིག་ཁོའི་སེམས་མགོ་རུ་སྨུག་པ་ལྟར་འཐིབ་ཡོང་། མཆོག་རྡོ་རྗེ་ཆང་ཁང་གི་སྒོ་ཁ་རུ་འགྲེང་ནས་སྡོད་དུས་གར་ཡོང་མི་ཤེས་པའི་རླུང་འཚུབ་ཅིག་གིས་འཇབ་རྒོལ་ཡང་ཡང་བྱེད་ཡོང་། མཆོག་རྡོ་རྗེས་རང་གི་གྲོགས་པོ་རྣམས་ལ་ཁ་པར་རེ་བཏང་། དོ་དགོང་ཁོ་ཚོ་ཡང་བསྐྱར་ཁོའི་ཁང་བ་ནས་འཛོམས་ཏེ་ཆང་བཏུང་ཆགས་བྱས། གྲོགས་པོ་རྣམས་སྤང་རྩྭ་ལ་རྔམ་པའི་མཛོ་ལྟོགས་ལྟར་དེ་མ་ཉིད་དུ་ཁོའི་སར་འབྱོར་བྱུང་། མཆོག་རྡོ་རྗེ་དུད་ཞགས་ཀྱིས་གཞུང་ལམ་བརྟོལ་བའི་རླངས་འཁོར་ཆག་རོ་དེའི་མགོ་སྒམ་དུ་བསྡད་ནས་རང་གི་ཁང་ཆུང་ཕྱོགས་སུ་བསྐྱོད་པའི་ལམ་དུ་ཞུགས། ཁང་བའི་ནང་འབྱོར་རྗེས་མཆོག་རྡོ་རྗེ་གྲོགས་པོ་རྣམས་ཀྱི་ཕུང་རབས་བསད་རབས་ཀྱི་ཁ་ཤོམ་ལ་ཉན་གྱིན་ཁོང་འཛུམ་རེ་ཤོར། བྱང་ཆུབ་དབང་མོ་ཀྲུའུ་རེན་བཀྲ་དོན་གྱིས་ལག་ངན་འཇོག་གིན་པའི་སྣང་བརྙན་ལ་འཆར་ཡན་རེ་བྱས།གྲོགས་པོ་རྣམས་མཚམས་རེར་ངུ་ཞིང་མཚམས་རེར་དགོད་ཀྱིན་འདུག། མཆོག་རྡོ་རྗེ་སྣ་གཅིག་སྣེ་གཅིག་ནས་བུད་པ་ལྟ་བུའི་ཅི་མིན་ཅང་མེད་ཀྱི་གྲོགས་པོ་རྣམས་ལ་ལྟ་བཞིན་གད་མོ་བསླུག་བསླུག་ཏུ་བགད། ཆང་རག་རྒྱགས་ཐག་ཆོད་ཅིག་བཏུང་རྗེས་གྲོགས་པོ་རྣམས་གཞི་ནས་མཆོག་རྡོ་རྗེའི་ཁང་བ་ནས་བྲལ་ཏེ་རང་རང་གི་གནས་མལ་ལ་གཏད་ནས་ཁ་ཐོར་ཡ་བྲལ་བྱས་སོང་། ཤུལ་དུ་མཆོག་རྡོ་རྗེ་གཅིག་པུས་འདོད་ཆགས་དང་སྐྱོ་གདུང་གིས་མནར་བའི་མཚན་མོ་རུམ་ནས་ཡུན་རིང་བསྡད། བསྡད་བསྡད་མཐར་མཆོག་རྡོ་རྗེ་རྨི་ལམ་གྱི་གྲོང་དུ་འགྲིམ་སོང་། རྨི་ལམ་ནས་བྱང་ཆུབ་དབང་མོ་དང་འཕྲད་བྱུང་། བྱང་ཆུབ་དབང་མོས་ཁོ་ལ་མོ་དང་ཀྲུའུ་རེན་གཉིས་ཀྱི་བར་ལ་ཅི་ཡང་བྱུང་མེད་རབས་ཀྱི་འགྲེལ་བཤད་ཡང་ཡང་བྱས་ཡོང་། ཁོས་བྱང་ཆུབ་དབང་མོ་པང་དུ་བསྡམས་ནས་མཆུ་སྦྱོར་ཡང་ཡང་བྱས།ཁོ་གཉིས་ཧིན་སྒྲ་སིར་སིར་གྱིས་གན་རྐྱལ་དུ་ཉལ་ནས་ཆགས་སྲེད་ཀྱི་རྣམ་པ་ཅི་ཡང་སྟོན། མཆོག་རྡོ་རྗེས་རྨི་ལམ་དང་མངོན་སུམ་གྱི་དབྱེ་བ་འབྱེད་དཀའ་བར་འདུག། རྨི་ལམ་དང་མངོན་སུམ་འབྱེད་དཀའ་བའི་ཚོད་དུ་སླེབས་པའི་བར་གླགས་དེར་མཆོག་རྡོ་རྗེའི་ཁང་སྒོ་ཁྲོག་ཁྲོག་ཏུ་བརྡུང་བྱུང་། མཆོག་རྡོ་རྗེ་གཉིད་མ་སད་ངང་ཁང་སྒོ་ཕྱེ་རུ་སོང་། སྒོ་ཕྱེས་མ་ཐག་ཨ་ཕྱི་བདེ་སྐྱིད་ཀྱི་ལག་འཁོར་འཁོར་བའི་ཙིར་སྒྲ་ཁོའི་རྣ་ལམ་དུ་མཆེད་བྱུང་། མཆོག་རྡོ་རྗེས་ཉོབ་མདངས་ཀྱིས་སྒྲིབ་པའི་མིག་གཉིས་ཕར་ཕྱིད་ཀྱིན“ཨ་ཕྱི་ལགས། ནང་དུ་ཤོག” ཅེས་ལབ། ཨ་ཕྱི་བདེ་སྐྱིད་ཀྱིས་ཁོ་ལ་ཡ་ལན་སྤྲད་མ་བྱུང་། ཨ་ཕྱི་བདེ་སྐྱིད་ཀྱི་རྒྱབ་ལོགས་ནས་སྐྱེས་པ་ཞིག་གིས་ཁ་གྲག་བྱུང་། སྐྱེས་པ་དེས་འོད་ཡུག་ཡུག་གི་སྐྲ་ལོ་ལྟག་ཀར་ཤད་འདུག། སྐྱེས་པ་དེ་གཞིས་ཁུལ་འདིའི་དོ་དམ་པ་རེད། སྐབས་ཐོག་འདིར་ཕྱི་རོལ་གྱི་སྟོན་རླུང་ཚབ་ཚུབ་ཁང་བའི་ནང་དུ་ལྡང་བྱུང་། མཆོག་རྡོ་རྗེས་གཞི་ནས་མདང་དགོང་སྒེའུ་ཁུང་བསུམ་རྒྱུ་བརྗེད་སོང་བ་དྲན།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྟོན་རླུང་ལྡང་བྱུང་།

2021-12-05 བཀྲ་ཤིས་ཆོས་འཕེལ།(ཡུལ་ཤུལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།