ར་མ་བཟི་བའི་སྔོན་དེར།

བཀྲ་ཤིས་ཆོས་འཕེལ།(ཡུལ་ཤུལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-01-13

  འཆར་ཀའི་འོད་ཞགས་མག་མོག་ཅིག་དུད་སྨག་གི་སེང་རས་ཁྲོད་ནས་ཐོག་ཁང་དག་གི་ངོས་སུ་འཕྲོས་ཤིང་། ཟི་ལིང་གྲོང་ཁྱེར་གྱི་ནངས་སྔ་མོའི་མཁའ་དབུགས་ཉོབ་མདངས་ཤིག་གིས་བཟུང་འདུག རིམ་གྱིས་ཞོགས་པའི་ཉི་གཞོན་དབང་ཕྱོགས་ཀྱི་ཕང་བ་ནས་ཡར་འཕགས་ཤིང་ཉི་འོད་ཀྱི་ཟེགས་མ་རྣམས་ཀྱིས་སྒེའུ་ཁུང་བརྟོལ་ཏེ་ཁྱིམ་གྱི་ཕྱོགས་ཕྱོགས་སུ་ཟགས་བཞིན་འདུག ཉི་འོད་ཀྱི་སྲད་བུ་རྣམས་ཚམ་ཚོམ་མེད་པར་ཁོའི་ངོ་གདོང་དུ་ཐད་འཕྲོས་ཅི་ཐུབ་བྱེད་ཀྱིན་འདུགཁོ་ནི་ད་དུང་རྨི་ལམ་གྱི་འཇིག་རྟེན་དུ་སྔུར་བ་ཡང་མོ་ཞིག་འཐེན་བཞིན་གཉིད་དུ་ཡུར་འདུག་ཅིང་། ཁྱིམ་གྱི་ཅ་དངོས་རྣམས་ཟང་ཟིང་ཕང་ཕུང་ངང་གང་སར་འཐོར་འདུག་པར་བལྟས་ན་ཁོས་འདང་དགོང་ར་བཟི་ནས་སྐྱུར་འགོང་ཅི་ཙམ་བྱས་ཡོད་པ་སེམས་ལ་ཁྲིག་ཁྲིག་རེད་འདུག

  ཁ་པར་གྱི་དྲིལ་བརྡ་རྣར་འཛེར་བ་ཞིག་སི་ལི་ལི་གྲགས་པ་ན། ཁོ་ད་གཟོད་རྨི་ལམ་གྱི་འཇིག་རྟེན་ལས་དངོས་ཡོད་ཀྱི་འཇིག་རྟེན་འདིར་ཕྱིར་ཁྲིད་སོང་། ཁོས་ལག་ཟུང་གིས་སྐྲ་ལོ་རིང་བོ་དེར་བྱིལ་བྱིལ་བྱེད་བཞིན་སྟོད་ལངས་སྨད་འགྱེལ་གྱིས་ཁོག་སྟོད་ཡར་དགྱེ་སྟེ། ཐ་མག་རྐང་གཅིག་ལ་མེ་བསྒྲོན་ཞོར་རང་གི་མགོ་བོ་ལ་ཁུ་ཚུར་གྱིས་ཏིག་ཏིག་ངང་ལན་འགའ་བརྒྱབ་སོང་། མགོ་བོ་གཟེར་བྲང་ངེར་མིག་མདངས་ཀྱང་འཐབ་བེ་འཐིབ་བེར་གྱུར་འདུག མལ་ཐུལ་ཕར་རྫོགས་ནས་འདྲུད་ལྷམ་གོན་གྲབས་ཡོད་དུས་ཁོས་ད་གཟོད་རང་གི་ཁྱིམ་གྱི་ཅ་ལག་རྣམས་ལ་འཐོར་ལུང་འཐོར་དུ་བྱས་ཡོད་པ་མཐོང་བས། “ཨ་ཡོ”ཞེས་སེམས་ཕམ་པའི་སྒྲ་ཞིག་ཆིག་ལབ་བྱེད་པ་ལྟར་བསྙད་བཞིན་ཧ་ཅང་མི་རངས་པའི་རྣམ་འགྱུར་ཞིག་སྣུམ་ཞིང་གནག་པའི་ངོ་གདོང་དུ་གློར་རྡེག་གིས་བསྡུས་སོང་།

  གལ་ཏེ་འདང་དགོང་ཁོ་སྒྲོན་མཚོའི་ཆེད་དུ་ཆང་ཁང་དུ་སོང་མེད་ཚེ། དེ་རིང་གི་ལས་ཚོགས་ཀྱི་རྗེས་སུ་ལུས་མི་སྲིད་ལ། སྒྲོན་མཚོས་ཁོའི་ཁ་ལ་ཉན་ནས་ཡུལ་དུ་ལོག་ཡོད་ཚེ། ཁོ་ལ་དེ་རིང་ཞོགས་ཟས་ཞིམ་པོ་ཞིག་གི་ལོངས་སྤྱོད་ཀྱི་སྐལ་བ་ལྡན་སྲིད། འོན་ཀྱང་འཇིག་རྟེན་སྟེང་གི་བྱ་བ་རྣམས་བློར་མི་དཔོགས་པ་ཤ་སྟག་ཡིན་པས། ཁོ་འདང་དགོང་ཆང་ཁང་དུ་སླེབས་སྐབས་སྒྲོན་མཚོ་ནི་རྩ་མི་ཚང་བའི་སྨྱོན་མ་ཞིག་ཏུ་འགྱུར་ཚར་ལ། ། ར་བཟི་ནས་ངོ་མི་ཤེས་པའི་སྐྱེས་པ་མང་པོའི་ཁྲོད་དུ་ཆང་ཕོར་བཟུང་ནས་གོམ་པ་ཡ་ཡོ་ངང་སྤོ་བ་དང་ཆང་དཀར་དམ་བེ་གཉིས་ལག་ཏུ་བླངས་ནས་བསྟུད་མར་སྒོག་སེ་བྱས་སོང་། ཁོས་སྒྲོན་མཚོའི་ལག་མགོ་ནས་བཟུང་ཏེ་འཁྲིད་རྩིས་བྱེད་སྐབས་གཟུགས་པོ་སྟོབས་ཤིང་དཔུང་བར་རི་མོ་བྲིས་པའི་སྐྱེས་པ་ཞིག་གིས་བཀག་སོང་། “ཨ་རོགས། བུ་མོ་འདི་ངས་ཆང་འགྲོན་བྱས་པ་ཡིན། ཅི་ཞིག་རེད། མགྲོན་ལན་མེད་པར་བུད་འགྲོ་ལེ་ཨེ་ཡིན། བུ་མོ་བསྐྱུར་དང་ཁྱོད་རང་སོང་།”ཞེས་བསྙད་བྱུང་བས། ཁོའི་སེམས་ཀྱི་ག་ཤེད་ནས་ཞེ་སྡང་ཞིག་ལངས་བྱུང་ལ། འོན་ཀྱང་ཁོ་ལ་མི་འཐད་པའི་བསམ་ཚུལ་འདོན་པའི་སྤོབས་པ་ནི་ཅིས་ཀྱང་མེད་སོང་། “བུ་མོ་འདི་ངའི་མཛའ་མོ་ཡིན།”ཞེས་བཤད་མོད་ཀྱང་། སྒྲོན་མཚོས་དེ་འཕྲལ་དུ་“མིན་མིན། ང་ཁྱོད་ལྟ་བུའི་མཛའ་བོ་ཞིག་མེད།ངའི་དགའ་རོགས་ཁོ་རེད།”ཅེས་བཤད་ཞོར་དཔུང་བར་རི་མོ་བྲིས་པའི་སྐྱེས་པ་དེའི་སྐེ་ལ་མཁྱུད་སོང་།

  དཔུང་བར་རི་མོ་བྲིས་པའི་སྐྱེས་པ་དེས་ཞེ་འཛུམ་ཞིག་བསྡུ་བཞིན་“ད་ཁྱོད་རང་བུད་སོང་། བུ་མོ་འདི་ངའི་མཛའ་མོ་རེད།”ཅེས་བསྙད་བྱུང་། སྒྲོན་མཚོས་“ཁྱེད་ཕར་ལ་སོང་། ངས་ཆང་འཐུང་བར་གནོད་མ་སྐྱེལ། ང་ལ་ཆང་འཁྱེར་ཤོག ངས་ད་དུང་ཆང་བཏུང་དགོས”ཞེས་བསྙད་ཞོར་གོམ་པ་འཁྱ་འཁྱོར་ངང་མགོའི་སྐྲ་ལོ་རླུང་གིས་བདས་པའི་ལྕང་ལོ་བཞིན་ཕར་འཕྱོ་ཚུར་འཕྱོ་བྱེད། སྒྲོན་མཚོའི་སྤྱོད་སྟངས་དེས་ཁོ་ལ་ངུ་བྲོ་བའི་སེམས་འགྱུ་ཞིག་བྱིན་ལ། ཡིད་ཀྱི་ཟབ་ས་ཞིག་ནས་སྐྱོ་བ་རྟས་མི་ཐེགས་པ་ཞིག་རྦ་རླབས་ལྟར་མིད་པའི་བར་དུ་བཙངས་སོང་། ཁོས་ཨམ་གཙིགས་ཤིག་བསྡམས་ནས་“འོ་ན་དེ་ལྟར་བྱོས། དེ་ལྟར་བྱོས” ཞེས་ཉམས་ང་བའི་ཚིག་འབྲུ་འགའ་མི་འདོད་བཞིན་ཁ་རུ་ཕུད།སྒྲོན་མཚོས་ཆང་འཐུང་ཞོར་སྐྱེས་པ་དེ་དག་གི་སྐེ་ལ་འཁྱུད་པར་བྱེད་ལ། སྐབས་རེར་ཆང་ཁང་གི་རོལ་དབྱངས་ཀྱི་འགྲོས་ལ་འགྲོགས་ནས་མཉེན་ཆ་དོད་པའི་རྒྱ་བྲོ་ཞིག་ཀྱང་ལྡིང་ཡོང་།ཁོ་རང་ཡང་ཆང་ཁང་གི་སྒོ་འགྲམ་གྱི་ཅོག་ཙེ་ཞིག་ནས་བསྡད་དེ་སྒྲོན་མཚོ་ལ་ལྟ་ཞོར་ཆང་དམ་བེ་འགའ་བོས། ཁོ་ནི་སྒྲོན་མཚོ་ལ་བལྟས་ཀྱིན་བལྟས་ཀྱིན་སེམས་ཁྲལ་ཞིག་སྐྱེས་པ་དང་། སྐྱེས་པ་དེ་དག་ལ་བལྟས་ཀྱིན་བལྟས་ཀྱིན་ཁོང་ཁྲོ་འཇགས་མེད་ཅིག་ལངས་ཀྱིན་འདུག།

  ད་ནི་མཚན་གྱི་ཆུ་ཚོད་བཅུ་གཉིས་སྔར་ནས་ཡོལ་ཚར་ལ་ལམ་འགྲམ་གྱི་གློག་སྒྲོན་དང་བསྡེབས་ཚོང་ཁང་གི་གློག་སྒྲོན་གཟིམ་ཚར་བས་གྲོང་ཁྱེར་འདི་སྲོག་ཆད་པའི་བེམ་པོ་ཞིག་སར་ལྷུང་བ་བཞིན་ནག་ཐོམ་མེར་སྣང་།

  དཔུང་བར་རི་མོ་བྲིས་པའི་སྐྱེས་པ་དེས་སྒྲོན་མཚོ་ཁྲིད་དེ་ཆང་ཁང་གི་སྒོར་འབུད་བཞིན་འདུག། ཁོ་སྒྲོན་མཚོ་མཐོང་མ་ཐག་ཕར་བརྒྱུགས་ཏེ་“ད་ཡུལ་དུ་ལྡོག་འགྲོ།”ཞེས་རེ་བ་དང་བཅས་བཤད། སྒྲོན་མཚོས་“ང་ད་བར་དུ་ཁྱེད་ལ་འགྲོགས་དོན་ནི་ཁྱེད་ཀྱང་སྐྱེས་པ་འདི་དག་ལྟར་དགའ་སྐྱིད་རྩེད་གསུམ་ལ་རོལ་ཤེས་པ་ཞིག་ཡིན་པར་འདོད། འོན་ཀྱང་ཁྱེད་མི་འདི་རིགས་ཀྱི་གྲས་སུ་མི་འདུག། མ་གཞི་ཁྱེད་ནི་དཔེ་དེབ་རལ་ཧྲུལ་གྱི་ཀློང་དུ་མགོ་འཁོར་བའི་དཔེ་ཆ་བ་གཟའ་རོ་ཞིག་རེད། ང་ཁྱེད་ཀྱི་གྲོན་ཆུང་གི་འཚོ་བ་ལ་སུན་གི ལྷིང་འཐགས་ཀྱི་ཁང་བ་ལ་སུན་གི།”ཞེས་སྐད་གདངས་དམའ་མོ་ནས་ཇེ་མཐོར་བཏང་ཏེ་དེ་ལྟར་བསྙད་སོང་། དེ་ལྟར་སྒྲོན་མཚོའི་མཆུ་སྒྲོས་ཀྱི་མཁའ་དབུགས་ལས་འཐུལ་བའི་ཆང་དྲི་སྟུག་པོ་ཞིག་ཁོའི་སྣོམ་བྱེད་ཀྱི་བུ་ག་རུ་མཁའ་དབུགས་ཀྱི་ཟོལ་གྱིས་འཛུལ་བྱུང་། སྐྱེས་པ་དེ་དག་གིས་ཧབ་ཆ་རྒྱག་བཞིན་དཔེ་ཆ་བ་གཟའ་རོ་ཞེས་ཁོ་ལ་བསྙད་བསྐོས་བྱུང་།

  ཁོ་ནི་དེ་ལྟར་ཆར་སྨག་གི་ཁྲོད་དུ་ལུས་བའི་བྱེའུ་བཞིན་ཐོམ་མེར་ལུས་ནས་ཅི་ཡང་བཤད་ཐབས་མ་བྱུང་། སྒྲོན་མཚོས་དེ་ལྟར་ཁོ་ལ་ཁྲེལ་མེད་བྱས་ནས་བུད་སོང་།སྒྲོན་མཚོ་དང་སྐྱེས་པ་དེ་རྣམས་གཅིག་འཕྲོར་གཅིག་ཏུ་རླངས་འཁོར་གྱི་སིར་སྒྲ་དང་བསྡོངས་ནས་སྣུམ་ལམ་གྱི་དཀྱོགས་ཤིག་ནས་མི་སྣང་བར་གྱུར་སོང་།

  ཁོ་ནི་དེ་ལྟར་ད་དུང་རྣམ་ཤེས་བོར་བ་ལྟར་སྔར་མལ་དུ་དཀྲོང་སྟེ་འདུག མཚམས་ཤིག་ལ་ཁོ་ནི་རྡོས་བརྒྱབ་པའི་མི་ཞིག་དྲན་པ་སད་པ་ལྟར་གོམ་སྟབས་ཆེན་པོས་ཆང་ཁང་གི་ཕྱོགས་སུ་ཐོན་བྱུང་། ཆང་ཁང་ནང་དུ་དེ་ལྟར་ཁོ་ལ་ཅོ་འདྲི་བ་ལྟར་རྒྱ་གར་གྱི་སྐྱོ་གླུ་ཞིག་གྲགས་བཞིན་འདུག ཁོས་ཆང་འཐུང་ཞོར་ཐ་མག་རྐང་ཐུར་དུ་མར་མུ་རུ་མེ་བསྒོས་བྱུང་། ཐ་མག་གི་དུད་ཞགས་ཤིག་ཁོའི་མགོ་ཐོག་ཏུ་སྨུག་སྤྲིན་བཞིན་འཁྲིགས་སོང་། ད་ནི་ཁོ་བཟི་འདུག། ད་ནི་ཁོས་གོམ་པ་འཁྱ་འཁྱོར་ཞིག་ཆང་ཁང་གི་སྒོ་ཁ་ནས་སྣུམ་ལམ་གྱི་ཕྱོགས་སུ་སྤོ་བཞིན་འདུག ད་ནི་ཁོའི་མགོ་ཐོག་གི་ནམ་མཁའ་བླ་འོག་བརྗེས་སོང་། མིག་ཏུ་གཟེར་བའི་སྐར་མ་མང་པོ་ཞིག་གིས་ཁོ་ལ་སྐོར་རུབ་བྱས་སོང་། ཁོ་དེ་ལྟར་སྲང་ལམ་དུ་འགྱེལ་འདུག ཁོ་ནམ་ཞིག་ཡུལ་དུ་ལྡོག་ཐུབ་བམ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ར་མ་བཟི་བའི་སྔོན་དེར།

2022-01-13 བཀྲ་ཤིས་ཆོས་འཕེལ།(ཡུལ་ཤུལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།