ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག》

ཚེ་རིང་དོན་གྲུབ།(ཟི་ལིང) 琼迈文学网 2022-08-26

  ས་རུབ་ལ་ཉེ། སྤྲིན་པ་ཇེ་ནག་དང་ཇེ་དམའ་རེད། འདི་ནི་ཁངས་ཆེན་ཞིག་འབབ་རྒྱུའི་སྔ་ལྟས་རེད། མིག་གི་མཐོང་ཚད་ན་གནས་ཚང་གཡར་སའི་འབྲོག་རུ་ཞིག་དང་ཐ་ན་ནོར་བ་ལུག་བ་ཞིག་ཀྱང་རིག་རྒྱུ་མེད་པས་ད་ཐེངས་ཁངས་ཆེན་ནང་ལ་ལྷུང་ཁོ་ཐག་རེད། ངས་རྟ་ཁ་གསིག་ཙམ་དང་མཉམ་དུ་ཡོབ་རྡུང་ཞིག་བྱས་ཏེ་ཇེ་མགྱོགས་སུ་བཏང་། ཡིན་ནའང་ཅི་འདྲ་མགྱོགས་པ་དང་། ཐ་ན་བང་གིས་རྒྱུགས་ནའང་ཁ་བ་བབས་ན་གཡོལ་ཐབས་ག་ལ་ཡོད། ཏག་ཏག་ཇ་ཡུན་ཙམ་ནས་ཁ་བའི་འདབ་མ་བྱིས་པའི་སེན་མོ་ཙམ་ཐར་ཐོར་དུ་ལྷུང་མགོ་བརྩམས་པ་དང་། དུས་མཚུངས་སུ་གནམ་གཤིས་མངོན་གསལ་གྱིས་ཇེ་འཁྱག་ཏུ་སོང་། ང་ནི་འཁྱག་ཅིང་ལྟོགས་ཏེ་ལྷབ་ལྷུབ་འབར་བཞིན་པའི་མེ་ཁ་དྲོན་པོ་དང་རླངས་པ་ཐུལ་ཐུལ་འཐིབ་བཞིན་པའི་ལུག་ཤ་བཙོས་མ་གཞོང་བ་གང་མིག་ལམ་དུ་ཤར་ཏེ་རང་དབང་མེད་པར་མཆིལ་མ་ཞིག་མིད་དགོས་བྱུང་། རིང་པོ་མ་འགོར་བར་གློ་བུར་དུ་ཁྱི་སྐད་ཅིག་ཐོས་པས་གཡས་གཡོན་དུ་བལྟས་པ་ན་གཡས་ཕྱོགས་ཀྱི་ལུང་ཕུ་ན་ནོར་ལུག་མང་བའི་འབྲོག་ཁྱིམ་ཞིག་ཡོད་པ་གསལ་པོར་མཐོང་། ངས་དེ་མ་ཐག་རྟ་ཁ་གཡས་ལ་དཀྱུས་ནས་རྒྱུག་མ་འདུར་གྱིས་སོང་། འབྲོག་ཁྱི་ཡ་རུ་འདྲ་བ་གསུམ་གཅིག་རྗེས་གཉིས་མཐུད་དུ་ཤོར་ཡོང་བས་ངས་ཀྱང་སྔ་ཙམ་ནས་ལྕགས་སྐོར་རུམ་ནས་བླངས་ཏེ་མགོ་ལ་སྐོར། ཁྱི་དེ་དག་གམ་ལ་སླེབས་པ་ན་གཟུགས་བོངས་ཆེ་ཞིང་ཟུག་སྐད་སྦོམ་ནའང་དེ་འདྲ་བཙན་རྒྱུ་མེད་པ་དང་། མ་མཐའ་ཡང་རྟ་གོང་ལ་ལྡིང་ཕོད་མཁན་དང་ཐ་ན་བཞོན་པའི་སྒྱིད་ཁུག་ལ་འཐམ་ཕོད་མཁན་དེ་འདྲ་མིན་པས་ངའི་སེམས་ལྷོད་ལ་བབས་ཏེ་མུ་མཐུད་དུ་ལྕགས་སྐོར་མགོ་ལ་སྐོར་བཞིན་མདུན་དུ་སོང་། ཁྱིམ་ཚང་དེ་དང་བར་ཐག་གོམ་པ་ཉིས་བརྒྱ་སུམ་བརྒྱ་ཙམ་ལ་སླེབས་པ་ན་བུད་མེད་ཅིག་གཞི་ནས་སྒོར་བུད་པ་དང་མཉམ་དུ་ཐུ་སྣེ་ལག་ལ་བཟུང་ནས་གང་མགྱོགས་ཀྱིས་ཚུར་བརྒྱུགས་ཡོང་སྟེ་ཁྱི་རྣམས་ལ་སྡིགས་མོ་བྱེད་བཞིན་བཀག མ་གཞི་མོ་ནི་ལོ་ཉི་ཤུ་ལྷག་ཙམ་སྟེ་ང་རང་དང་ཕལ་ཆེར་ལོ་ཚད་མཉམ་པའི་གསར་མོ་ཞིག་ཡིན་ལ། གྱོན་པ་གསར་ཞིང་གཙང་ལ་ཡག་མ་ཞིག་ཀྱང་ཡིན་པའི་བག་ཆགས་བྱིན།

  “དྲིན་ཆེན་མ། དོ་དགོང་གནས་ཚང་ཞིག་གཡར་ན་ཨེ་ཆོག”

  “ཨ་ཙི། ལོས་ཆོག”

  ང་མར་བབ་པ་དང་མོས་ངའི་རྟ་ཁ་ལེན་པ་དུས་གཅིག་ཡིན་ལ། འདི་དུས་ཁ་བ་རྩམ་པ་འཐག་པ་ལྟར་བབས་ནས་སྐད་ཅིག་ཙམ་ལ་ས་གཞི་དཀར་བོང་བོང་དུ་གྱུར། མོས་ངའི་རྟ་ཕུར་བ་ཞིག་ལ་བཏགས་ནས་ང་ཁྱིམ་དུ་བསུས་པ་ན་འདིའི་སྔོན་ཏག་ཏག་ཏུ་ངའི་མིག་ལམ་ལ་ཤར་བ་ཇི་མ་ཇི་བཞིན་ཐབ་ཀའི་ནང་ན་མེ་ལྕེ་དམར་ལྷབ་ལྷུབ་འབར་བཞིན་ཡོད་པ་དང་། ཐབ་མགོའི་སླ་ངའི་ནང་ན་ཅི་ཞིག་ལྷོག་ལྷོག་གདུ་བཞིན་ཡོད་པ་ལས་མི་ལ་འགྲམ་ཆུ་ལྡང་བར་བྱེད་པའི་ཤ་དྲི་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་ཡོང་། དེ་བས་ཀྱང་མོས་དེ་མ་ཐག་ཧ་ཅང་བྱང་ཆ་ལྡན་པའི་ངང་ཐབ་མགོའི་སླ་ང་ལས་ཤིང་གི་གཞོང་བ་ཞིག་གི་ནང་ལ་སོག་པ་དང་དཔུང་བ། ལག་ངར། རྩིབས་གུ་རྣམས་བླངས་ནས་རླངས་པ་ཐུལ་ཐུལ་འཐིབ་བཞིན་ངའི་མདུན་ལ་བཞག་པ་ན་ངས་འདིའི་སྔོན་ཏག་ཏག་ལ་རང་གི་མིག་ལམ་དུ་ཤར་བའི་སྣང་ཚུལ་དེ་ཡིད་ལ་དྲན་ཏེ་འདི་ནི་རྨི་ལམ་མིན་ནམ་སྙམ་ནས་ཧད་འདུག་སྐབས་མོས་ཇ་དཀར་ཡོལ་གང་ངའི་ལག་ལ་བཞག་སྟེ“ཤ་ཟོ། ཇ་ཐུངས།”ཟེར།

  “ཡ་ཡ། ཨང……ཁྱོད་གཅིག་པོ་ཡིན་ནམ།”

  “བཟའ་མི་ཚོ་དགོན་པའི་ནང་ལ་བུད་སོང་།”

  “ཨོ་རེད།”ངས་ཁོ་ཚོ་དེ་རིང་ཕྱིར་ཡོང་མིན་འདྲི་མ་ཕོད།

  མོས་ཅུང་འཚེར་སྣང་དང་བཅས་ཡང་དང་ཡང་དུ“ཤ་ཟོ།” “ཇ་ཐུངས།”ཟེར་བ་དང་། མཇུག་མཐར་ཞོ་དཀར་ཡོལ་གང་བླུགས་ནས་བྱིན་ཏེ“ཞོ་ཐུངས།”ཟེར་བ་ལས་གཞོན་ནུ་མ་མང་ཤོས་དང་འདྲ་བར་མི་ཆ་མེད་ལ་རང་འགུལ་གྱིས་སྐད་ཆ་མང་པོ་མི་བཤད་ལ། དེ་བས་ཀྱང་ཕངས་པ་ཞིག་ནི་ང་རང་ཡང་དེ་འདྲའི་སྐད་ཆ་བཤད་ཤེས་པ་དང་། ལྷག་པར་དུ་བུ་མོ་ཚོར་ཁ་བདེ་ལྕེ་བདེ་བཤད་ཤེས་མཁན་དེ་འདྲ་མིན་པས་ངེད་གཉིས་ཐབ་ཀའི་གཡས་གཡོན་དུ་ཅུང་དོགས་མི་བདེ་བའི་ངང་འདུག་པ་ལས་ཁ་བརྡ་མེད་ལ། དགོད་སྒྲ་ནི་དེ་བས་ཀྱང་མེད། ངས་ཡང་དང་ཡང་དུ་མགོ་བསྒུར་ནས་མིག་འོག་གིས་བལྟས་པ་ན་མོ་ནི་དངོས་གནས་མཛེས་མ་ཞིག་ཡིན་ལ། ལྷག་པར་དུ་མོ་ནི་མཐོ་སྒང་གི་ཙག་བསེར་བུའི་ནང་དུ་འཚོ་བའི་མི་རྣམས་དང་མི་འདྲ་བར་ངོ་གདོང་དཀར་ལ་ཅི་འདྲ་འཇམ་ཨང་སྙམ་པའི་བག་ཆགས་སྟེར་བ་འདི་ནི་ཏག་ཏག་ངའི་མིག་ནང་གི་བུ་མོ་མཛེས་མའི་ཁྱད་ཆོས་དེ་ཡིན། ནམ་རྒྱུན་ངའི་སེམས་ལ་གལ་ཏེ་བུ་མོ་ཚོར་དཀར་ཞིང་དྭངས་ལ་འཇམ་ཞིང་མཉེན་པའི་སྐྱི་པགས་ཤིག་ཡོད་ན་མིག་ཟུང་ཅུང་ཙམ་ཆུང་བ་དང་སྣ་བ་ཅུང་ཙམ་ཉག་པ་སོགས་ནི་དེ་འདྲའི་སྐྱོན་ཆེན་པོ་མིན་བསམ་གྱིན་ཡོད།

  “ད་ནི་ཁྱིམ་འདིའི་བཟའ་མི་རྣམས་དོ་དགོང་ཕྱིར་ཡོང་རྒྱུ་མིན་པ་འདྲ། དེས་ན་དོ་དགོང་ཁྱིམ་འདིར་ཕོ་གསར་མོ་གསར་ཞིག་ལས་མེད་པས……”ལུས་དྲོས་ཤིང་ཕོ་འགྲངས་རྗེས་ངའི་སེམས་ལ་འདྲ་མིན་སྣ་ཚོགས་དྲན།

  ཕྱི་རོལ་ཏུ་མཚམས་རེར་ཁྱིའི་ཟུག་སྐད་དང་ལུག་གི་འབའ་སྐད་རེ་མ་གཏོགས་ཡོད་ཚད་དབུགས་ཆད་པ་ལྟར་གནས་ལ། ཞིབ་ཏུ་ཉན་ན་ཁ་བ་སྦྲ་སྟེང་ལ་སག་སག་ཏུ་འབབ་པའི་སྒྲ་ཙམ་ཐོས་ཐུབ། ཁྱིམ་དུ་མོས་མཚམས་རེར་ཐབ་ཀའི་ནང་ལ་ཨོང་བ་རེ་འདེད་པ་དང་། མཚམས་རེར་ངའི་དཀར་ཡོལ་ནང་ལ་ཇ་ལྡུག་པ་ལས་གྲགས་འགུལ་ཅི་ཡང་མེད། ང་ལའང་བཤད་རྒྱུ་མེད་ལ་ལས་རྒྱུ་དེ་བས་ཀྱང་མེད་པས་ཡང་ཡང་ཇ་འཐུང་ནས་བསྡད། མཚམས་ཤིག་མོས་གློ་བུར་དུ“ཨ་ཙི། རྟ་སྒ་ལེན་རྒྱུ་བརྗེད་འདུག”ཟེར་ནས་ཡར་ལངས་པ་ན་ང་ཡང་རང་དབང་མེད་པར་ཡར་ལངས་ཏེ་མོ་དང་མཉམ་དུ་སྒོ་ལ་བུད་ནས་གཅིན་པ་ཞིག་བཏང་། སྔར་ནས་ས་རུབ་འདུག་ནའང་ཁ་བ་དྲག་ཏུ་འབབ་ཏེ་ས་གཞི་དང་ནོར་ལུག ངའི་བཞོན་རྟ་སོགས་ཡོད་ཚད་དཀར་བོང་བོང་དུ་འདུག་པ་མཐོང་ཐུབ།

  རྟ་སྒ་ཁྱིམ་དུ་བླངས་རྗེས་ངེད་གཉིས་སླར་ཡང་རང་རང་སར་གྲགས་འགུལ་མེད་པར་བསྡད་པ་ན་ངས་ཇ་འཐུང་ཞོར་སེམས་ལ“མོ་ནི་ཁྱིམ་འདིའི་མནའ་མ་ཡིན་ནམ་བུ་མོ་ཡིན། གལ་ཏེ་མནའ་མ་ཡིན་ན……གལ་ཏེ་བུ་མོ་ཡིན་ན……གང་ལྟར་དོ་དགོང……”སོགས་འདྲ་མིན་སྣ་ཚོགས་དྲན་ནས་སྡོད་སྐབས་མོས“ཁྱེད་རང་ཐང་ཆད་ན་སྔ་ས་ནས་ཉལ་ཆོག”ཟེར།

  “ཁྱོད་ཚང་གི་བཟའ་མི་ཚོ་དོ་དགོང་མི་ཡོང་ངམ།”

  “དོ་དགོང་ཡོང་རྒྱུ་མ་རེད།”

  ངའི་སེམས་ལ་ད་ནི་འགྲིག་སོང་བསམས་པ་དང་མཉམ་དུ“ཨོ་རེད། ཁྱོད་རང་ད་རུང་མི་ཉལ་ལམ།”ཞེས་དྲིས།

  མོས“ང་ལ་ད་རུང་ཁ་ཏོན་ཞིག་འདོན་རྒྱུ་ཡོད།”ཟེར་ཞོར་ཡར་ལངས་ཏེ་ཕོ་སློག་གསར་བ་ཞིག་བླངས་ཤིང་། ད་དུང་ཤུག་བདུག་ཅིག་བྱས་ནས་ང་ལ་ཉལ་ཆས་སུ་བྱིན་རྗེས་སླར་ཡང་རང་གི་འདུག་གནས་སུ་ཙོག་སྟེ་ཁ་ཤ་མུར་མུར་གྱིས་ཅི་ཞིག་འདོན་གྱིན་འདུག

  ངས་ཅུང་སྤོབས་པ་བསྐྱེད་དེ“ཁྱོད་ཀྱིས་ང་གང་ནས་ཡོང་དང་གང་ལ་འགྲོ་ཙམ་ཡང་མི་འདྲིའམ།”ཞེས་པ་བཤད་པ་ན་མོས་ངའི་གདོང་ལ་བལྟས་ཏེ་འཛུམ་ཙམ་བྱས་རྗེས་མུ་མཐུད་དུ་ཁ་ཤ་མུར་མུར་བྱེད་པ་ལས་ཁ་མི་གྲགས་པས་ང་ལའང་བྱ་ཐབས་ཟད་དེ་མལ་དུ་ཉལ། ཡིན་ནའང་ང་ལ་གཉིད་གང་ནས་ཡོང་། སེམས་ལ་མོ་ཉལ་ནས་མེ་ཏལ་རྗེས་མོའི་གམ་ལ་འགྲོ་དགོས་བསམས། ཡང་གལ་ཏེ་མོ་ལ་འཐད་པ་མ་བྱུང་ན་ངོ་རེ་ཚ་བསམས་པ་དང་། གང་ལྟར་འདི་འདྲའི་གོ་སྐབས་ཡག་པོ་ཤོར་དུ་འཇུག་ག་ལ་རུང་བསམས། ཏག་ཏག་ངས་མི་དྲན་དགུ་དྲན་བྱེད་སྐབས་མོ་གཞི་ནས་ཡར་ལངས་ཏེ་ཕྱག་གསུམ་འཚལ་རྗེས་གནས་དེ་རུ་མལ་དུ་ཉལ། མུན་ནག་ནང་དུ་མོ་ལ་སྐད་ཆ་བཤད་པ་དང་། ཐ་ན་མོའི་རུམ་ལ་འཛུལ་པའི་སྤོབས་པ་ཡོད་པས་མེ་ཏལ་བར་སྒུག་བསྡད། ཡིན་ནའང་མོ་མར་ཉལ་ནས་ཅང་མ་འགོར་བར་མགོ་དགྱེ་ནས་ངའི་ཕྱོགས་སུ་བལྟས་འདུག་པས་ངའི་སེམས་ལ་གཅིག་བྱས་ན་མོ་རང་འགུལ་གྱིས་ངའི་སར་ཡོང་ན་ཐང་། ཉིན་དཀར་ཧ་ཅང་ངོ་ཆུང་ཡིན་མདོག་སྟོན་པའི་བུད་མེད་ལ་ལ་མཚན་མོར་ངོ་ཕོད་ཧ་ཅང་ཆེ། མོའང་དེའི་རིགས་ཡིན་ཡང་སྲིད། གལ་ཏེ་དེ་འདྲ་མིན་ཡང་མེ་ཏལ་རྗེས་རང་ཉིད་མོའི་གམ་ལ་འགྲོ་བར་སེམས་ཐག་བཅད་ནས་མིག་ཟུང་བཙུམ་ཁུལ་བྱས་ཏེ་མོ་ལ་བལྟས་ནས་བསྡད།

  ཐབ་ཀའི་མེ་ལྕེ་ད་རུང་ལྷབ་ལྷུབ་འབར་བཞིན་ཡོད་པས་ཁྱིམ་གྱི་ཡོད་ཚད་གསལ་ལྷང་ལྷང་དུ་མཐོང་ཐུབ། མོས་ཁོག་སྟོད་ཡར་དགྱེ་ནས་ངའི་ཕྱོགས་སུ་བལྟས་པ་ན་ངས་ཀྱང་མོའི་ཚི་ལེན་ཡང་ཕུད་དེ་ནུ་མ་གཉིས་དཀར་ཆིལ་ལེར་འདུག་པ་མཐོང་ནས་དེ་མ་ཐག་ལུས་ལ་ཚ་བ་རྒྱས་ཤིང་མཆིལ་མ་མིད་དགོས་བྱུང་། མོས་དེ་ལྟར་ང་ལ་ཅེར་ནས་ཅུང་ཙམ་བསྡད་རྗེས་གྱོན་པ་བསྐྱུར་ནས་གཅེར་བུར་ཡར་ལངས་ཏེ་སྔར་བཞིན་ང་ལ་བལྟས་བསྡད། ང་ལ་དགའ་བ་དང་བྲེལ་བ་མཉམ་དུ་ལངས་ཏེ་རང་ཉིད་ཡར་དགྱེ་དགོས་མིན་བསམ་བློ་བཏང་། ཏག་ཏག་སྐབས་འདིར་མོས་ང་ལ་ལྟ་བཞིན་འདར་གསིག་གམ་སྤྲུག་གསིག་ལྟ་བུ་ཞིག་བྱས་པ་ན། ཨ་གནམ་རྒན་མ། མོ་བལྟས་བལྟས་རིག་རིག་ལ་སྤྱང་ཀི་ཆེན་པོ་ཞིག་ཏུ་གྱུར་ཏེ་ཀག་གིས་ལངས་ནས་བསྡད།

  ང་ཨེ་སྐྲག་ཟེར་ན་ལོས་སྐྲག སྐྲག་ནས་སྐྲ་ཞོགས་སོང་། སྐྲག་ནས་གཅིན་འཆོར་ལ་ཁད་བྱས་སོང་། ཡིན་ནའང་ང་སྐྲག་ནས་དྲན་མེད་དུ་བརྒྱལ་མ་སོང་། དེའི་ཕྱིར་ངས་མོའམ་སྤྱང་ཀི་དེས་ཅི་བྱེད་མཐོང་བ་སྟེ། དེ་ཀག་གིས་ལངས་ནས་ང་ལ་ལྟ་བཞིན་ཅུང་ཙམ་བསྡད་རྗེས་ལག་པ་གཉིས་ཀ་སར་ཕབ། རྔ་མ་དྲུག་མགོར་བཟུང་ནས་བྱ་རྨྱང་བྱེད་པའི་དུས་མཚུངས་སུ་ཁ་དམར་པོ་ཁྲི་གང་གདངས་ཏེ་ཤིན་ཏུ་རྣོ་ཞིང་རིང་བའི་མཆེ་བ་དཀར་ཆིལ་ལེར་གླལ་སྒྱིང་ཞིག་བྱས་རྗེས་སླར་ཡང་ང་ལ་ཅེར་ནས་བསྡད། ང་རང་སྔར་ལས་སྐྲག་སྟེ་ད་ནི་མོའམ་སྤྱང་ཀི་འདི་རང་གི་སྟེང་ལ་མཆོངས་ནས་མཆེ་བ་རྣོན་པོ་དེ་དག་ངའི་མགྲིན་པར་བརྡབས། རྩ་ཆེན་དང་དབུགས་ལམ་བཅད་ནས་བསད་རྗེས་ཁྲག་ཙར་རེར་བཟའ་མིན་ཐེ་ཚོམ་མེད་བསམས་ནས་སྐྲག་སྣང་ལས་གཞན་ད་དུང་རང་གིས་རང་ལ་སྙིང་རྗེ་དང་ཕངས་སེམས་ཤིག་ཀྱང་སྐྱེས། གལ་ཏེ་རང་གིས་ནུས་པ་ཅི་ཡོད་བཏོན་ནས་འཕག་ཚག་བྱེད་པའམ་ཡང་ན་སྤྱང་ཀིའི་མགོ་ལྤགས་ལ་འཇུས་ནས་སར་ཨེ་ནོན་བལྟས་ནའང་ཕན་པ་ཅི་ཡང་ཡོད་མི་སྲིད། གང་ཡིན་ཟེར་ན་དེ་ནི་རང་གའི་སྤྱང་ཀི་ཞིག་མིན་ཐག་ཆོད་པས་དེར་སྤྱང་ཀི་ལས་ཀྱང་གཡོ་སྒྱུ་ལྡན་ཞིང་གདུག་རྩུབ་ཆེ་བའི་བདུད་འདྲེའི་ཆོ་འཕྲུལ་སྣ་ཚོགས་ཡོད་སྲིད་པས་རེད། ཨ་ཧོ། ད་ནི་གང་ལྟར་ཡོད་ཚད་ཚར་སོང་། སྤྱིར་ན་མི་ནི་གང་ལྟར་འཆི་དགོས་པ་རེད། ཡིན་ནའང་ངེས་པ་དོན་གྱི་བདུད་འདྲེའི་ཁ་ཟས་སུ་གྱུར་པ་ནི་ལྷ་སྒྲུང་ཙམ་ལས་དོན་དངོས་སུ་ང་མ་གཏོགས་སུ་ཡོད། དེས་ན་ང་ནི་ཅི་འདྲའི་ལས་ངན་ཞིག་རེད་ཨང་། ངའི་ཕ་མ་གཉེན་ཉེ་ཚོས་ང་རང་ཅི་ལྟར་འཇིག་རྟེན་འདིར་ཁ་བྲལ་བ་མི་ཤེས་ལ། ཐ་ན་བེམ་པོ་ཙམ་ཡང་མཐོང་རྒྱུ་མེད་པས་སྙིང་རེ་རྗེ་བསམ་བཞིན་ངའི་དྲན་ཤེས་ཕ་མ་གཉིས་ཀའི་གམ་ལ་སོང་། ཁོང་གཉིས་ད་རུང་ཉལ་མེད་པར་ཁ་ཏོན་འདོན་བཞིན་ང་ལ་བསྒུགས་ནས་འདུག མཚམས་ཤིག་ཨ་མས“ཞི་ལི་ད་རུང་མི་ཐོན་པ་འདི་ཅི་ཡིན།”ཟེར་ནས་ཧ་ཅང་སེམས་ཁྲལ་བྱེད་པའི་བཟོ་ལྟ་ཞིག་མངོན་འདུག ཨ་མའི་སེམས་ཀྱིས་ཕྲུ་གུའི་ཆག་འཇིགས་ཚོར་ཐུབ་ཟེར་བ་ཅིས་མ་བདེན། མོས་ང་རང་བདུད་ཀྱི་ལག་ལ་ལྷུང་འདུག་པའམ་གང་ལྟར་མི་ལེགས་པའི་དོན་རྐྱེན་ཞིག་མགོ་ལ་ལྷུང་འདུག་པ་ཚོར་བཞིན་ཡོད་པ་མིན་ནམ། ངའང་ཧ་ཅང་སེམས་སྡུག་སྟེ་མིག་ཆུ་འཆོར་བཞིན་ཁོང་གཉིས་ལ་སེམས་གསོ་ཞིག་བྱེད་བསམས་ནའང་ཕུང་བོ་མེད་པས་སྐད་ཆ་བཤད་ཐབས་བྲལ། དེ་ལྟར་ང་རང་འཇིགས་སྐྲག་ཆེན་པོ་ལས་ཀྱང་སེམས་སྡུག་ཟབ་མོའི་ནང་ལ་ལྷུང་། ཡིན་ནའང་མོའམ་སྤྱང་ཀིའམ་བདུད་འདྲེ་དེ་ངའི་སྟེང་ལ་མ་མཆོངས་པར་ཁ་ཕར་འཁོར། རྣ་ཅོག་གཉིས་ཕྱིར་ལ་བསྙལ། རྐང་ལག་བཞི་ས་ལ་བསྙལ་ཏེ་སྦྲའི་ཧྲག་འདབས་ནས་ཕྱིར་འཛུལ་སོང་། དེ་མ་ཐག་ཁྱིའི་ཟུག་སྐད་དང་ནོར་གྱི་ངུར་སྐད། ལུག་གི་འབའ་སྐད་དུས་གཅིག་ལ་གྲགས་ནས་འུར་འུར་ཟིང་ཟིང་དུ་གྱུར། འབྲོག་ཁྱི་གསུམ་པོས་ཟུག་སྐད་དྲག་ཏུ་རྒྱག་བཞིན་མོའམ་སྤྱང་ཀི་དེ་བདའ་ནས་སོང་ཞིང་། མཚམས་རེར་ཁྱི་རེས་ངུ་ཟུག་བྱེད་པར་བལྟས་ན་མོའམ་སྤྱང་ཀི་དེས་སོ་བརྒྱབ་ནས་རྒོལ་ལན་རེ་སྤྲད་པ་མིན་ནམ་སྙམ། ཁྱིའི་ཟུག་སྐད་ཇེ་རིང་དུ་སོང་བ་དང་། ཟུག་སྐད་ཀྱི་བར་ཐག་ཀྱང་ཇེ་རིང་དུ་སོང་། རིམ་བཞིན་ཟུག་སྐད་རེ་རྒྱག་བཞིན་ཕྱིར་སྦྲ་འདབས་སུ་ལོག དེ་ནས་སླར་ཡང་ཡོད་ཚད་ལྷིང་འཇགས་སུ་གྱུར་ཏེ་ཞིབ་ཏུ་ཉན་ན་ཁ་བ་སག་སག་འབབ་པའི་སྒྲ་ལས་གྲགས་འགུལ་ཅི་ཡང་མེད། ཡིན་ནའང་ངའི་དྲན་ཤེས་མོའམ་སྤྱང་ཀིའི་རྗེས་སུ་ཤོར། སྤྱང་ཀི་དེས་ཁ་བ་དྲག་ཏུ་འབབ་པའི་མཚན་མོར་ཡང་རི་བོང་དང་ལུ་གུ། ཐ་ན་ཡིད་དུ་འོང་བའི་བྱིས་པ་སོགས་དཀའ་ཚེགས་མེད་པར་རྙེད་ཐུབ་ལ། རྙེད་ནས་ཀྱང་ཁྲག་ཙར་རེར་ཉིས་གཤགས་བཞི་གཤགས་བྱས་རྗེས་ཁྱུད་མིད་བྱེད། ལོས་ཡིན་ཏེ་དེ་ནི་རང་གའི་སྤྱང་ཀི་ཞིག་ག་ལ་ཡིན། དོན་དངོས་སུ་དེ་ནི་མི་འགྱང་བའི་སྔོན་ལ་བུ་མོ་གཟུགས་མཛེས་མ་ཤིག་ཏུ་བརྫུས་ཤིང་། དེ་ནས་སྤྲུག་གསིག་གཅིག་གིས་སྤྱང་ཀི་ཆེན་པོ་ཞིག་ཏུ་བརྫུས་པའི་བདུད་འདྲེ་འཇིགས་སུ་རུང་བ་ཞིག་རེད། བདུད་འདྲེ་ཟེར་བ་ནི་བལྟས་བལྟས་རིག་རིག་ལ་མི་ཞིག་སྤྱང་ཀིར་གྱུར་པ་དེ་མིན་ན་གང་ཡིན། གལ་ཏེ་དེ་ལ་མི་ནས་སྤྱང་ཀིར་འགྱུར་བའི་རྫུ་འཕྲུལ་ཡོད་ན་སྤྱང་ཀི་ནས་དྲེད་མོང་དང་ཡང་ན་སེང་གེར་འགྱུར་མི་ཐུབ་པའི་ངེས་པ་མེད། ཐ་ན་དེ་ལས་ཀྱང་འཇིགས་སུ་རུང་བའི་དཔེར་ན་ལྕེ་འདོམ་པ་གང་ཙམ་དང་ལྕགས་ཀྱི་མཆེ་སྡེར་ཅན་སོགས་མིའི་འཆར་སྣང་ལས་བརྒལ་བའི་གཟུགས་སྣང་འཇིགས་སུ་རུང་བ་ཞིག་ཏུ་འགྱུར་མི་ཐུབ་པའི་ངེས་པ་མེད་ལ། ཡང་ན་སྔར་ནས་དེ་འདྲ་ཞིག་ཏུ་གྱུར་ཡོད་ཀྱང་སྲིད། ངས་འདི་ལྟར་མི་དྲན་ཐབས་མེད་རེད། ངས་བསམ་ན་ཁྱོད་ལའང་འདི་ལས་གཞན་པ་དྲན་རྒྱུ་ཡོད་མི་སྲིད། ཡིན་ནའང་དེས་ང་མ་ཟོས་པའི་རྒྱུ་མཚན་ཅི་ཡིན་ནམ། གཅིག་བྱས་ན་དེས་ང་ནི་གང་ལྟར་འཆོར་ས་མེད། ཕྱིར་ཡོང་ནས་དལ་ལྷོད་ངང་ཟོས་ཆོག་བསམས་པ་ཡིན་སྲིད། དེས་ན་དེ་ག་དུས་ཕྱིར་ཡོང་སྲིད། ཕྱིར་ཡོང་ནས་ང་ཅི་ལྟར་བཟའ་སྲིད། ངའི་དྲན་ཤེས་སླར་ཡང་ཕྱིར་ཁྱིམ་འདིར་བསྡུས། ཐབ་ཀའི་མེ་འོད་གཟིམ་ལ་ཉེ་ནའང་མོའི་ཉལ་གོས་ནང་ན་ཅི་ཡང་མེད་པས་ས་ངོས་སུ་ལེབ་བེར་འབྱར་འདུག་པ་མཐོང་ཐུབ། ངའི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱེད་ཀྱིན་པ་དང་ལུས་ལ་ཚ་བ་འཕེལ་ཏེ་ཧ་ཅང་མི་བདེ་བའི་སྣང་བ་སྐྱེས། ང་ཅུང་ཙམ་འགུལ་འདོད་ནའང་འགུལ་མ་ཕོད།

  “ཕའེ། ད་སོ་མ་ད་རུང་མོའི་རུམ་ལ་འཛུལ་བའི་འཆར་གཞི་བཟོས་པ་མིན་ནམ། ད་ནི་ཨེན་ཙམ་མིན་ན་གཅིན་པའང་ཤོར་བར་ལྟོས་དང་། མི་ཟེར་བ་འདི་ངོ་མ……”ངའི་སྣང་བར་གཅིག་བྱས་ན་མོའམ་སྤྱང་ཀི་དེ་སྒོར་བུད་མེད་པར་ཁྱིམ་འདིའི་གནས་གང་ཞིག་ཏུ་ང་ལ་ཅེར་ནས་བསྡད་ཡོད། དེ་ལ་གཞན་གྱིས་དེ་མཐོང་མི་ཐུབ་ལ་དེས་གཞན་པ་མཐོང་ཐུབ་པའི་ཆོ་འཕྲུལ་ཡོད་པ་ཁོ་ཐག་ཡིན། དེས་ན་གལ་ཏེ་ང་རང་འགུལ་ཙམ་བྱས་ན་མོའམ་སྤྱང་ཀིའམ་ཡང་ན་ལྕགས་ཀྱི་མཆེ་སྡེར་ཅན་དེ་དེ་མ་ཐག་ངའི་སྟེང་ལ་མཆོང་མི་སྲིད་པའི་ངེས་པ་མེད། ཇ་ཡུན་ཙམ་གྱི་སྔོན་དུ་ང་ལ་ཤ་ཞོ་ཇ་གསུམ་གྱིས་མགྲོན་བྱས་པའི་ངོ་གདོང་དཀར་ལ་འཇམ་སྣང་སྟེར་བའི་བུ་མོ་དེ་དང་སྤྱང་ཀི་ཆེན་པོ་དེ་ད་ལྟ་མིག་ལམ་དུ་འཆར་རྒྱུ་མེད་པར་དེའི་ཚབ་ཏུ་ནམ་ཡང་མཐོང་མ་མྱོང་བའི་མིག་ཟུང་དམར་ནག་དང་ངོ་གདོང་གཉེར་མས་ཁེངས་པ། མགོ་སྐྲ་སྔོ་དཀར་གྱེར་དུ་གཟེང་བ། མཆེ་བ་སེར་ནག་མཐོ་གང་ཡོད་པའི་མིའམ་འདྲེའམ་ཅི་ཞིག་མིག་ལམ་ནས་ཡལ་ཐབས་མི་འདུག ངག་རྒྱུན་ལྟར་ན་གདོན་འདྲེ་མེ་ལ་སྐྲག་རབས་ཟེར། དེས་ན་ངས་མི་རིག་ནའང་ང་རིག་འདུག་པའི་འདྲེ་དེས་ཐབ་ཀའི་མེ་ཡོངས་སུ་ཏལ་རྗེས་ད་གཟོད་ང་བཟའ་རྩིས་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་ན་ཡིན་གཅིག་མིན་གཉིས་ཀྱིས་མེ་ཏལ་དུ་འཇུག་མི་རུང་། ཡིན་ནའང་ང་འགུལ་མི་ཕོད་ལ། དེ་བས་ཀྱང་ཡར་ལངས་ནས་མེ་འབུད་མི་ཕོད། ཡང་གཅིག་བཤད་ན་མེ་འདི་འདྲེ་མེ་ཡིན་ཡང་སྲིད། ད་དུང་ཁྱིམ་འདི་ཡང་འདྲེ་ཁྱིམ་ཞིག་སྟེ། གསལ་པོར་བཤད་ན་མོའང་བདུད་འདྲེ་དེས་ཆོ་འཕྲུལ་གྱིས་བརྫུས་པ་ཞིག་ཡིན་ཡང་སྲིད། རེད་ཡ། ས་མ་རུབ་གོང་དང་ཁངས་མ་བབས་སྔོན་ལ་མིག་གིས་མཐོང་ཚད་ན་འབྲོག་རུ་ཞིག་དང་། ཐ་ན་ནོར་བ་ལུག་བ་ཞིག་ཀྱང་རིག་རྒྱུ་མེད་པའི་ཐང་སྟོང་ཞིག་ཏུ་གློ་བུར་དུ་འདི་འདྲའི་ཁེར་ཁྱིམ་གང་ནས་ཡོང་། ད་ནི་གང་ལྟར་ཐར་ཐབས་ཡོད་པ་མ་རེད། ཡིན་ནའང་བདུད་འདྲེའི་ཁ་ཟས་མི་ཡིས་ཟོས་ན་མི་བདེ་བའི་ཚོར་སྣང་ཅི་ཡང་མེད་པར་མ་ཟད་ད་དུང་ཁ་ལ་ཞིམ་ཞིང་ཕོ་བ་བརྒྱགས་པའི་ཚོར་སྣང་སྟེར་བ་འདི་ཅི་ཡིན། གཅིག་བྱས་ན་འདི་ཡང་བདུད་འདྲེའི་ཆོ་འཕྲུལ་ཞིག་ཡིན་ཡང་སྲིད། གཞི་ནས་མེ་འབར་མཚམས་ཆད་ནའང་ཐལ་ཁུང་ནང་ན་ད་རུང་མེ་དམར་གོར་རེར་འདུག་པ་དང་། སྦྲའི་ཁ་ཚུབ་ནས་བབས་པའི་ཁ་བའི་འདབ་མ་ཐབ་ཁུང་ནང་དུ་ལྷུང་སྟེ་སིར་སིར་གྱི་སྒྲ་བར་མེད་དུ་གྲགས་ཀྱིན་འདུག རིམ་བཞིན་ཁྱིམ་ཡོངས་ཇེ་ནག་ནས་ཇེ་ནག་ཏུ་གྱུར་པ་དང་མཉམ་དུ་ངའི་སྐྲག་སྣང་དང་སེམས་ཁྲལ་ཡང་ཇེ་ཐུར་སོང་། མཚམས་ཤིག་ཡོད་ཚད་མུན་པས་བཏུམས་ཏེ་ཅི་ཡང་མཐོང་རྒྱུ་མེད་ནའང་བདུད་འདྲེ་དེ་ད་དུང་ངའི་སྟེང་ལ་མ་མཆོངས་པར་མ་ཟད་གྲགས་འགུལ་ཅི་ཡང་མེད། གཅིག་བྱས་ན་སྤྱང་ཀིའམ་བདུད་འདྲེ་དེ་སྒོར་སོང་རྗེས་ཁྱིམ་འདི་ན་ཉེན་ཁ་ཅི་ཡང་མེད་ཀྱང་སྲིད། དེ་འདྲ་ཡིན་ཡང་ང་རང་སྔར་བཞིན་འགུལ་ཙམ་ཡང་བྱེད་མི་ཕོད། ལུས་པོ་འགུལ་མི་ཕོད་ནའང་དྲན་ཤེས་ཡང་བསྐྱར་མོའམ་སྤྱང་ཀིའམ་གདོན་འདྲེ་དེའི་རྗེས་བསྙེགས་ནས་བུད་སོང་། སྤྱང་ཀི་དེས་མཚམས་རེར་ལུས་སྟེང་གི་ཁ་བ་སྤྲུག་གསིག་བྱས་ནའང་ད་ཐེངས་དྲེད་མོང་དང་ཡང་ན་འཇིགས་སུ་རུང་བའི་ལྕགས་ཀྱི་མཆེ་སྡེར་ཅན་དེ་འདྲར་མ་གྱུར་པར་སྔར་བཞིན་སྤྱང་ཀིའི་གཟུགས་ཀྱིས་ཁ་བ་ཆེན་པོའི་ཁྲོད་དུ་ཐང་སྟོང་ན་འདུར་གྱིན་འདུག ཡང་མཚམས་རེར་འགྲོ་མཚམས་བཞག་ནས་ས་ལ་སྣོམ་སྣོམ་བྱེད་པ་དང་། ཡང་ན་ཁ་གནམ་ལ་འཁོར་ནས་ཟུག་སྐད་རེ་འབྱིན་རྗེས་མུ་མཐུད་དུ་འདུར་རྒྱུགས་བྱེད། འདི་ནི་གར་སོང་ཆ་མེད་དུ་གྱུར་ནས་ཡུན་རིང་འགོར་བའི་རང་གི་བཟའ་ཟླ་འཚོལ་བཞིན་པ་ལས་གཞན་ལ་འཚེ་བའི་དམིགས་ཡུལ་མེད་ཀྱང་སྲིད། དེས་ང་རང་ལའང་གནོད་འཚེ་ཅི་ཡང་མ་བཟོས་པ་མིན་ནམ། ཡིན་ནའང་འདི་ནི་བལྟས་བལྟས་རིག་རིག་ལ་བུ་མོ་ཡག་མ་ཞིག་ནས་སྤྱང་ཀི་ཆེན་པོ་ཞིག་ཏུ་གྱུར་པ་ཡིན་པས་ན་གདོན་འདྲེ་ཡིན་མིན་ཐེ་ཚོམ་མེད། སྐབས་འདིར་ངའི་སེམས་ལ་གདོན་འདྲེ་ལ་རྐང་རྗེས་མེད་ཟེར་བའི་བཤད་ཚུལ་ཞིག་ཡོད་པ་དྲན་ནས་ཞིབ་ཏུ་བལྟས་པ་ན་ངོ་མ་སུག་རྗེས་མི་འདུག ཨ་ཁ། གདོན་འདྲེ་མིན་ན་ཅི་ཞིག་ཡིན། ཏག་ཏག་སྐབས་འདིར་ངས་རང་ཉིད་ལའང་རྐང་རྗེས་མེད་པ་ཚོར་ནས་སྔར་ལས་འཇིགས་སྐྲག་ཅིག་སྐྱེས་ཏེ་རང་ཉིད་ཀྱང་འདྲེ་རུ་གྱུར་སོང་བ་མིན་ནམ་སྙམ་པ་དང་། གལ་ཏེ་དེ་འདྲ་ཡིན་ན་ནི་བདུད་འདྲེའི་ཟས་ཏེ་ཤ་ཟོས་ཤིང་ཞོ་འཐུང་བའི་རྐྱེན་གྱིས་འདྲེ་རུ་གྱུར་པ་ཡིན་ལ། འདྲེ་རུ་གྱུར་ཟིན་པའི་རྐྱེན་གྱིས་སྤྱང་ཀིའམ་བདུད་འདྲེ་དེས་ཀྱང་ང་ནི་རང་གི་རིགས་སུ་བརྩིས་ནས་གནོད་འཚེ་མ་བྱས་པ་ཡིན་སྲིད་སྙམ། ཡང་གློ་བུར་དུ་ཨ་ཙི། འདི་ནི་རང་གི་དྲན་ཤེས་ཡིན་པ་ལས་ཕུང་བོ་མིན་པས་ན་རྐང་རྗེས་ཡོད་མི་སྲིད་བསམས་ནས་དེ་མ་ཐག་དྲན་ཤེས་ཕྱིར་ཕུང་བོར་བསྡུས། ཡུན་རིང་བར་འགུལ་ཙམ་ཡང་མ་བྱས་པར་གཞོགས་གཡོན་དུ་ཉལ་བའི་དབང་གིས་ལུས་པོ་ཧ་ཅང་མི་བདེ་བའི་ཚོར་སྣང་ཞིག་སྐྱེས་ཏེ་འགྲེ་ལོག་ཅིག་བརྒྱབ་ནས་གཞོགས་གཡས་སུ་ཉལ་བ་དང་མཉམ་དུ་ད་གཟོད་འཇིགས་སུ་རུང་བའི་བདུད་འདྲེ་དེས་ཁྱིམ་འདིའི་གནས་གང་ཞིག་ཏུ་རང་ཉིད་མིག་གིས་འཚོས་ཡོད་སྲིད་ལ། གལ་ཏེ་འགུལ་ཙམ་བྱས་ཚེ་དེས་མཆོང་ཐེངས་གཅིག་གིས་ལྕགས་ཀྱི་མཆེ་བ་རིང་པོ་དེ་ངའི་མགྲིན་པའི་རྩ་ཆེན་ནང་ལ་བརྡབས་ནས་གསོད་སྲིད་པ་ཡིད་ལ་དྲན་ནས་སྐྲག་འདར་ཞིག་བརྒྱབ་མོད། འོན་ཀྱང་ངའི་སྟེང་ལ་མཆོངས་མཁན་མ་བྱུང་། དེ་ནས་ང་ལ་སྤོབས་པ་ཅུང་ཙམ་རྒྱས་ཏེ་མགོ་བཀྱགས་ནས་ཁྱིམ་ལ་སྐོར་བལྟ་ཞིག་བྱས་ནའང་སྐབས་འདིར་མུན་པ་ཧ་ཅང་ནག་པས་ཅི་ཡང་མཐོང་རྒྱུ་མི་འདུག ཞིབ་ཏུ་ཉན་ན་སྦྲ་སྟེང་ལ་ཁ་བ་སག་སག་འབབ་པའི་སྒྲ་གོ་ཐུབ་པ་ལས་ཡོད་ཚད་ལྷིང་འཇགས་སེ་འདུག ད་ནི་སྤྱང་ཀིའམ་བདུད་འདྲེ་དེས་ཅི་ཞིག་བྱེད་ཀྱིན་ཡོད་དམ། དེ་ཁ་བ་ཆེན་པོའི་ནང་འདུར་འདུར་མཐར་གཞི་ནས་རང་གི་ཟླ་བོའམ་ཡང་ན་སྤྱང་ཀིའམ་གསལ་པོར་བཤད་ན་སྤྱང་ཀིའི་གཟུགས་ཀྱི་བདུད་འདྲེ་གཞན་འགའ་ལ་ཐུག་རྗེས་དེ་ཚོ་ཨོང་ཙོག་ཏུ་བསྡད་དེ་མིའམ་ཡང་ན་སེམས་ཅན་གང་ཞིག་གི་སྲོག་འཕྲོག་པ་དང་ཡང་ན་བླ་བརྐུ་རྒྱུའི་ཐད་ལ་གྲོས་བསྡུར་བྱས་ནའང་གྲོས་འཆམ་མ་བྱུང་བས་སོ་སོས་ངུ་ཟུག་རེ་བྱས་རྗེས་སྔར་བཞིན་རང་རང་སར་སོང་། མོའམ་སྤྱང་ཀིའམ་བདུད་འདྲེ་དེས་ཀྱང་དོན་མེད་དུ་གཞན་ལ་འཚེ་བའམ་ཡང་ན་རང་ཉིད་དང་ཡང་ན་ཕྲུ་གུ་ལ་ཁ་ཟས་འཚོལ་ཆེད་མུ་མཐུད་དུ་ཁངས་ཆེན་ནང་འདུར་རྒྱུགས་བྱས། གཅིག་བྱས་ན་དེ་ལའང་རང་ཉིད་ཕར་ཞོག མིའི་རིགས་ཀྱིས་བལྟས་ནའང་སྙིང་རྗེ་བོ་འདུག་པའི་ཕྲུ་གུ་འགས་ལྟོགས་སྐོམ་ངང་ནས་བསྒུགས་ཡོད་ཀྱང་སྲིད། དེས་ན་དེས་ཀྱང་ལུ་གུ་དང་ཡང་ན་རི་བོང་། ཡང་ན་བྱིས་པ་ཞིག་ཨེ་རྙེད་ལ་བརྩོན་པར་ཡང་ཁག་མི་འདུག ང་ཚོ་མིའི་རིགས་ཀྱིས་ཀྱང་རང་ཉིད་དང་ཡང་ན་ཕྲུ་གུའི་ཆེད་དུ་སེམས་ཅན་གཞན་དང་ཡང་ན་གཞན་གྱི་ཕྲུ་གུ་དམར་གསོད་བྱས་དང་བྱེད་བཞིན་ཡོད་པ་མིན་ནམ། གཅིག་བྱས་ན་མོའམ་སྤྱང་ཀིའམ་གདོན་འདྲེ་དེའང་མ་ལྟོགས་ན་གཞན་ལ་འཚེ་བར་མི་བྱེད་ཀྱང་སྲིད། ཡང་ན་བདུད་འདྲེའང་མིའི་རིགས་དང་འདྲ་བར་བཟང་པོ་ཡོད་ལ་ངན་པ་ཡོད། བཟང་ངན་ཉིས་གཤིབ་ཅན་མང་ཤོས་ཡིན་ཡང་སྲིད། དེ་འདྲ་ཡིན་ཡང་ང་ནི་སྔར་བཞིན་སྐྲག ལྷག་པར་དུ་ངའི་སེམས་ལ་དེ་ནམ་ཞིག་ཕྱིར་ལོག་རྗེས་ང་ནི་རང་གར་མི་བསྐྱུར་ཁོ་ཐག་ཡིན་ལ། དེས་ན་ད་ལྟ་ཉིད་ལ་འབྲོ་ཨེ་ཐུབ་བལྟས་ན་མི་བཟང་ངམ་སྙམ་པ་དང་། སླར་ཡང་དེས་ཕྱི་རོལ་ན་ངའི་གྲགས་འགུལ་ལ་ཧྲག་ཉན་བྱེད་བཞིན་ཡོད་པའི་ཚོར་སྣང་ཞིག་སྐྱེས། གལ་ཏེ་དེ་སྦྲའི་སྒོ་ཁ་དང་ཡང་ན་ཁྱིམ་འདིའི་ཐག་ཉེ་ཞིག་ཏུ་ཡོད་ན་ཅི་བྱེད། དེ་ལྟར་ང་ཉལ་སའི་ནང་དུ་ཕར་འཁོར་ཚུར་འཁོར་བྱས་ཤིང་མི་དྲན་དགུ་དྲན་བྱས་ནས་ཡུན་རིང་འགོར། གཅིག་བྱས་ན་ད་ནི་ནམ་ལངས་པར་ཡང་ཉེ་སྲིད་ལ། དེས་ན་དེ་ནམ་མ་ལངས་སྔོན་ལ་ངེས་པར་དུ་ཕྱིར་ཡོང་སྲིད། ཕྱིར་ཡོང་ནས་ང་བཟའ་སྲིད་དམ། གཅིག་བྱས་ན་མི་བཟའ་ནའང་ཐང་། གལ་ཏེ་དེས་ཕྱི་རོལ་ཏུ་ལུ་གུ་ཞིག་དང་ཡང་ན་རི་བོང་ཞིག་རྙེད་ཡོད་ཚེ་ང་རང་དེ་བས་ཀྱང་བཟའ་མི་སྲིད། ཡང་དེ་སླར་ཡང་མོའི་གཟུགས་སུ་བརྫུས་ནས་ངའི་རུམ་ལ་འཛུལ་སྲིད་དམ། གལ་ཏེ་དེ་ལྟར་བྱས་ན་ཅི་བྱེད……

  རིམ་བཞིན་སྦྲའི་ཁ་ཚུབ་དང་ཧྲག་འདབས་ཇེ་དཀར་དང་ཇེ་གསལ་དུ་གྱུར་པས་ང་ལ་སླར་ཡང་སྐྲག་སྣང་སྐྱེས། མཚམས་ཤིག་ཁྱིམ་གྱི་ཡོད་ཚད་མག་མོག་ཙམ་མཐོང་ཐུབ། ཏག་ཏག་སྐབས་འདིར་ཁྱི་གསུམ་པོ་དུས་གཅིག་ལ་ཟུག་བཞིན་རྒྱང་རིང་དུ་བརྒྱུགས་སོང་ལ། དེ་ནས་ཟུག་སྐད་རྒྱག་བཞིན་ཕྱིར་ཡོང་། མཚམས་ཤིག་སྦྲའི་ཉེ་སར་སླེབས་པ་དང་ནོར་ལུག་གིས་ཀྱང་ངུར་དིར་འབའ་དིར་བྱེད་སྐབས་སྤྱང་ཀི་དེ་ཧྲག་འདབས་ནས་ཁྱིམ་ལ་འཛུལ་ཏེ་མོའི་སྔས་མགོ་རུ་ང་ལ་བལྟས་ནས་ཅུང་ཙམ་བསྡད་རྗེས་སྤྲུག་གསིག་ཅིག་བྱས་པ་ན་ངའི་ངོ་ལ་ཁ་བ་ཐོར་ནས་འཁྱག་སོབ་སོབ་ཏུ་གྱུར་པ་དང་དུས་མཚུངས་སུ་མོ་གཅེར་བུ་དམར་ཧྲེང་ངེར་གྱུར། མོས་ང་ལ་ལྟ་ཞོར་ཉལ་སའི་ནང་དུ་འཛུལ་ནས་མགོ་སྔས་ལ་བཞག ཅུང་ཙམ་ནས་མོས་གྱོན་པ་གོན་ཞོར་ཡར་ལངས། དེ་ནས་མེ་ཁ་གསོས་ཤིང་ཇ་བསྐོལ། ང་ཡང་གློ་བུར་དུ་གཉིད་ལས་སད་པ་ལྟར་ཡར་ལངས།

  “སད་བྱུང་ངམ།”མོས་འཛུམ་དང་བཅས་འཚམས་འདྲི་ལྟ་བུ་ཞིག་བྱས།

  “སད་བྱུང་།”ངས་འཛུམ་ཙམ་དང་བཅས་ཅི་མི་སྙམ་པའི་ཚུལ་གྱིས་ལན་འདེབས་ཞོར་སྐ་རགས་བཅིངས། རྟ་སྒ་བཟུང་ནས་སྒོ་ལ་འབུད་རྩིས་བྱས་པ་ན་མོས“སྔོན་ལ་ནངས་ཇ་ཐུངས་ཡ།”ཟེར།

  ངས་ཅི་ནུས་ཀྱིས་སྙིང་ཁམས་ལྷོད་ལ་ཕབས་ཏེ“ནངས་ཇ་འཐུང་མི་དགོས། ད་དུང་ལམ་ཐག་རིང་བས་ང་སྔ་ཙམ་ནས་འགྲོ་དགོས།”ཞེས་བཤད།

  མོས་ལག་གི་ལས་ཀ་བསྐྱུར་ཏེ་ང་དང་མཉམ་དུ་སྒོར་འབུད་ཞོར“ལམ་ཐག་རིང་ན་དེ་བས་ཀྱང་ནངས་ཇ་འཐུང་ན་འགྲིག”ཟེར།

  “ད་མིན། ངོ་མ་བཀའ་དྲིན་ཆེ།”

  མོས་མུ་མཐུད་དུ་ཨུ་ཚུགས་མ་བྱས་པར་ངའི་རྟའི་མཐུར་མདའ་ཕུར་བ་ལས་བཤིག་སྟེ་སྒ་བསྟོད་རེག་བར་དུ་རྟ་ཁ་བཟུང་ནས་བསྡད། ཕར་བལྟས་ན་མོས་ང་འགོག་རྩིས་མེད་པའམ་གསལ་པོས་བཤད་ན་ང་བཟའ་རྩིས་མེད་པ་འདྲ་བས་ངས་མོའི་ལག་གི་མཐུར་མདའ་ལེན་པ་དང་རྟ་ལ་ཞོན་པ་དུས་གཅིག་གིས“བདེ་མོ།”ཞེས་རང་གིས་ཀྱང་གོ་མི་གོ་ཙམ་བཤད་རྗེས་ལམ་ལ་ཆས་ཤིང་། རིམ་བཞིན་ཇེ་མགྱོགས་སུ་བཏང་།

  ཁྱི་གསུམ་པོས་རང་རང་ས་ནས་ཟུག་སྐད་རེ་རྒྱག་པ་ལས་ངའི་སྟེང་དུ་མ་བརྒྱུགས་ལ། ཐ་ན་གཅིག་གིས་མགོ་དགྱེ་བ་ཙམ་ལས་ཡར་ལའང་མ་ལངས། ངས་ཤེས་མེད་ཚོར་མེད་ངང་རྟ་ཁ་གསིག་པ་དང་ཡོབ་རྡུང་བྱས་ཏེ་ཇེ་མགྱོགས་སུ་བཏང་། ངའི་སྣང་བར་མོའམ་སྤྱང་ཀིའམ་ཡང་ན་ལྕགས་ཀྱི་མཆེ་སྡེར་ཅན་ཞིག་གིས་རྗེས་དེད་ནས་ཡོང་བཞིན་པ་འདྲ་བས་ཕྱིར་ལྟ་མ་ཕོད་པར་གང་མྱུར་གྱིས་མདུན་དུ་སོང་། ལུང་མདོ་ནས་རྟ་ཁ་དཀྱོག་ཞོར་ཕྱི་ལམ་དུ་བལྟས་པ་ན་ད་སོ་མའི་འབྲོག་ཁྱིམ་དང་སྒོ་ཕྱུགས་སོགས་ཁྱོན་ནས་མེད་པ་དང་། ཐ་ན་གནས་འདིར་ཁ་བའང་བབས་མི་འདུག

                                 ——2022ལོའི《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དེབ་གཉིས་པ་ལས་བདམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། 《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། 《ཚེ་སྲོག་ཁྲོད་ཀྱི་མཚན་མོ་ལྷག་མ་གཅིག》

2022-08-26 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།