རྟ་མགྲིན་འཚོའི་སྒྲུང་ཐུང་གསར་པ། 《སྲུང་འཁོར》

  དགོངས་པ་མ་ཚོམས།

  ཉི་མ་ལྷ་མོ་གཉིད་ལས་སད་དུས། མོའི་ཁ་པར་དུ་བརྡ་འཕྲིན་འགའ་འབྱོར་འདུག

  “ང་རང་ཉིན་ལྔའི་རྗེས་ངག་རྒྱུགས་ལ་འཇུག་དགོས་པས། གནས་སྐབས་སུ་ངོ་མ་ཁོམ་པ་མི་འདུག དུས་འགྱངས་བྱས་ཆོག་ན་ངག་རྒྱུགས་མཇུག་རྫོགས་དུས་ངས་ཁྱོད་བཙལ་ཡོང་། དངོས་གནས་དགོངས་དག་ཞུ།” ཕྱི་དྲོའི་ཆུ་ཚོད2:10སྟེང་།

  “མངལ་འཁོར་བ་ཐག་ཆོད་ཡིན་ནམ།” ཕྱི་དྲོའི་ཆུ་ཚོད2:35སྟེང་།

  “སང་ཉིན་གཟའ་ལྷག་པ་རེད། ཁྱོད་རབ་ཡིན་ན་སང་ཉིན་གནངས་ཉིན་བྱས་ནས་སྨན་ཁང་ལ་ཆས་དང་།” ཕྱི་དྲོའི་ཆུ་ཚོད3:04སྟེང་།

  “སྒོར500འདི་ཡིས་སྨན་རིན་ཁ་སྣོན་ཙམ་བྱོས་དང་། སྨན་ཁང་ལ་འགྲོ་རོགས་ཤིག་རྙེད་ཡོད་དམ།” ཕྱི་དྲོའི་ཆུ་ཚོད3:21སྟེང་།

  “དངོས་གནས་དགོངས་པ་མ་ཚོམས།” ཕྱི་དྲོའི་ཆུ་ཚོད3:25སྟེང་།

  ཉི་མ་ལྷ་མོས་འཕྲིན་པ་དེ་དག་ལ་རགས་ལྟ་ཙམ་བྱས་རྗེས། རེ་ཞིག་ཅི་མི་སྙམ་པར་མུ་མཐུད་དུ་མལ་སར་མལ་ཐུལ་གྱིས་མགོ་བོ་གཅུད་ནས་གཉིད་ལ་རོལ་པ་ན། དེ་ནི་རྨི་ལམ་ཁྲོད་ཀྱི་རྨོ་མོས་སྒྲོལ་མ་ཉེར་གཅིག་ངག་ནས་བཟློ་བའི་གདངས་དབྱངས་ལ་སླར་ཡང་སེམས་ཀྱིས་རོལ་བཞིན་པར་འདྲ། རེད་དེ། ཡུན་ཙམ་འགོར་མ་ཐག མོས་དོན་འགངས་ཆེན་ཞིག་དྲན་བྱུང་བ་ལྟར། མྱུར་སྟབས་ཀྱིས་མལ་ལས་ལྡང་སྟེ་རྩིས་འཕྲུལ་གྱི་གློག་སྒོ་ཕྱེ་བྱུང་། “རྒྱལ་ཁབ་ལས་བྱེད་པའི་རྒྱུགས་འབྲས་འཚོལ་བཤེར་དྲ་ཚིགས”ཞེས་པའི་ཡིག་འབྲུ་ཆེན་པོ་འགའ་ཉི་མ་ལྷ་མོའི་མཐོང་ལམ་དུ་འཕོས་ཡོང་དུས། མཐེབ་སྡེར་ངོས་ཀྱི་ཉི་མ་ལྷ་མོའི་འཛུབ་མོ་གློ་བུར་འགུལ་མེད་དུ་གྱུར། མོས་རང་གི་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་ཀྱང་དྲན་པས་ཟིན་གྱིན་མེད་པ་འདྲ་སྟེ། ས་སྲོད་འདིའི་ཉི་མ་ལྷ་མོར་དྲ་ཚིགས་ཕ་རོལ་གྱི་འཇིག་རྟེན་ལ་ཐད་ཀར་གདོང་གཏོད་པའི་གྲ་སྒྲིག་ཅིས་ཀྱང་མེད་པ་འདྲ།

  མོ་རང་དེ་ལྟར་རྩིས་འཕྲུལ་འཆར་ངོས་ལ་རེ་ཞིག་ཧད་ནས་ཡུན་ཙམ་ལུས་རྗེས། སླར་ཡང་རྩིས་འཕྲུལ་གློག་སྒོ་བརྒྱབ་བྱུང་།

  ས་སྲོད་འདིའི་མཚམས་སྤྲིན་སྒེའུ་ཁུང་བརྒྱུད་དེ་ཉི་མ་ལྷ་མོའི་མཐོང་ལམ་ལ་འཕོས་དུས། མོས་རྩིས་འཕྲུལ་གམ་གྱི་མཛེས་ཆས་དམ་བུ་དག་ཕྱིར་བཏོན་ཏེ། གདོང་ལ་ཕུར་ཕུར་གྱིས་ཡག་ལས་བྱེད་མགོ་བརྩམས།

  སྦི་རག

  ཉི་མ་ལྷ་མོ་ཁང་མིག་ནས་ཕྱིར་འབུད་དུས། མུན་ཡོངས་སུ་རུབ་འདུག་ལ། ལམ་འགྲམ་གྱི་གློག་སྡོང་རེ་རེས་མཚན་མོ་འདིའི་མུན་པ་རེ་རེ་ཚོམ་བུ་ཚོམ་བུ་བྱས་ཏེ་འཇོམ་བཞིན་པ་འདྲ། ཉི་མ་ལྷ་མོས་ལུས་སྟོད་གློག་སྡོང་ལ་བསྙེ་སྟེ་དེ་གར་ཡུན་རིང་དུ་འགྲེང་ནས་བསྡད།

  མོས་མཚན་མོ་འདིར་སེམས་གཏམ་ལྷུག་པར་བརྗོད་ཆོག་པའི་གྲོགས་པོ་ཞིག་རྙེད་ཀྱིན་མེད་པ་འདྲ།

  གྲོང་མཐའི་རླུང་བུ་དལ་གྱིས་ལྡང་སྟེ་གར་འགྲོ་ཆ་མི་འཚལ་པའི་ཉི་མ་ལྷ་མོའི་སྐྲ་ལོ་བསྐྱོད་ཙམ་བྱས་པས། གློ་བུར་མོས་སྐྲ་ལོ་རླུང་ལ་སྤུར་མཁན་གྱི་གསར་བུ་ཞིག་ཡིད་ལ་འཕོས་ཡོད་ངེས། མི་ཚེ་ཚོན་རྩི་ཡིས་རིས་སུ་ཕབ་བཞིན་པའི་གཞོན་ནུ་ཞིག་དྲན་ཡོད་ངེས། དེ་འདྲ་མིན་ན་མོའི་ངག་ནས“ཕ་ཡུལ་གཅིག་པའི་ལྷ་བཟོ་དེས་ད་ལྟ་ཅི་བྱེད་བཞིན་ཡོད་དམ”ཞེས་པ་བརྗོད་མི་སྲིད།

  ཉི་མ་ལྷ་མོར་གང་ཞིག་གིས་སྤོབས་པ་བསྩལ་བ་མི་ཤེས་མོད། མོས་ཐད་ཀར་ཕ་ཡུལ་གཅིག་པའི་ལྷ་བཟོ་གསར་བུ་དེར་ཁ་པར་བཏང་བྱུང་།

  ཉི་མ་ལྷ་མོ་གཅིག་པུ་ཟ་ཁང་ཆུང་ངུ་དེའི་ཕུགས་སུ་བསྡད་ཡོད་པ་མཐོང་དུས། ཁོས་དོན་ཅི་ཞིག་གི་མཐིལ་རྟོགས་པ་འདྲ་ལ་ཡང་ཅི་ཡང་ཧ་མ་གོ་བའི་ཚུལ་གྱིས་སྦི་རག་དམ་བུ་འགའ་ཉོས་ཏེ་མོའི་གམ་དུ་བསྡད། ལྷ་བཟོ་གསར་བུ་དེས་ཞྭ་མོ་མཆུ་རིང་ཞིག་གྱོན་ཞིང་ལུས་པོ་ཅུང་ཟད་རྒྱགས་པའང་ཆགས་འདུག་པ་འདྲ། ཉི་མ་ལྷ་མོས་ཁམས་བདེ་ཞུ་བའི་དོད་དུ་ཨུ་ཚུགས་ཀྱིས་བཅོས་འཛུམ་ཞིག་གཏད་རྗེས་ངག་ནས་ཚིག་གཅིག་ཀྱང་མ་ཁྲོལ།

  ཁོ་གཉིས་དེ་ལྟར་ཁུ་སིམ་མེར་ཅི་ཙམ་འགོར་བ་མ་ཚོར་མོད། “སང་ཉིན་ཅི་བྱེད་དགོས། ངའི་རོགས་ལ་སྨན་ཁང་དུ་སོང་ན་ཁོམ་མམ” ཞེས་པའི་ཉི་མ་ལྷ་མོའི་ཚིག་འདིས་ཁོ་གཉིས་དབར་གྱི་དོགས་མི་བདེ་པའི་ལྷིང་འཇགས་ཁད་ཀྱིས་དཀྲོགས།

  “ཨ།” ལྷ་བཟོ་གསར་བུས་མིད་ཀྱི་ཟས་ཀྱང་ཕྱིར་ཕུད་ལ་ཁུལ་གྱིས་འདི་ལྟར་ལན་ལྡོན།

  “ཡུན་རིང་མི་འགོར། མོ་ནད་རེད། རོགས་པ་ཞིག་དགོས་འདུག······ ” ཉི་མ་ལྷ་མོས་ད་དུང་ཅི་ཞིག་ལབ་འདོད་ཡོད་པ་འདྲ།

  མོས་མུ་མཐུད་དུ“ད་ལོའི་རྒྱུགས་འབྲས་སླེབས་འདུག འོན་ཀྱང་ངས་ད་དུང་བལྟས་མེད། ད་ནི་གནས་འདིར་སྡོད་པའི་ལོ་ལྔའི་གན་རྒྱའང་ལོངས་ལ་ཉེ་བས། གལ་སྲིད······ གལ་སྲིད་རྒྱུགས་འཕྲོད་མེད་ཚེ། ད་ནི་ཕ་ཡུལ་ལ་ལོག་དགོས་པ་འདྲ”ཞེས་བརྗོད་ཞོར། གསར་བུ་ལྷ་བཟོས་ཉོས་ཡོང་པའི་སྦི་རག་དམ་བུའི་ཁ་དམ་ལྕགས་སྒོར་དག་རེ་རེ་བཞིན་གཏོར་བར་བྱེད།

  ལྷ་བཟོ་གསར་བུས་སྦི་རག་དམ་བུ་ཞིག་དལ་གྱིས་ཁ་རུ་བཙུགས་ནས“ཕ་ཡུལ་དུ་ཡང་བསྐྱར་རྒྱུགས་སྤྲད་ཆོག་པ་ཨེ་རེད” ཅེས་དྲིས།

  ཉི་མ་ལྷ་མོས“ང་རང་སློབ་མཐར་ཕྱིན་ནས་ལོ་ངོ་བདུན་ལྷག་འགོར་ཟིན་པས། ད་ནི་རྒྱལ་ཁབ་ཀྱི་ལས་གནས་དངོས་ཤིག་ལ་རྒྱུགས་སྤྲོད་པའི་ཐོབ་ཐང་ཡོད་མི་སྲིད”ཅེས་ལན་འདེབས།

  “······” ཁོས་མགོ་བོ་སྨད་དེ་སྒྲོག་ཙེར་ཅེར་བཞིན་ཅི་ཡང་མི་སྨྲ།

  ཉི་མ་ལྷ་མོས་སླར་ཡང“ཟླ་འགའི་སྔོན་ལ་རྨོ་མོ་མ་འཚམ་དུས་ཀྱང་ཕ་ཡུལ་ལ་ལོག་མ་ཐུབ། ད་ནི་ཕ་ཡུལ་ཡང་ཕ་ཡུལ་དུ་མི་མཆིས་པ་འདྲ”ཞེས་བརྗོད་བཞིན་པའི་མོད་ལ། ཅི་ཞིག་གིས་ཉི་མ་ལྷ་མོའི་མགྲིན་པ་བསྒགས་པ་ལྟར། མོས་ངག་ནས་ཅིས་ཀྱང་ཚིག་རྔ་མ་ཁྲོལ། སྐད་ཅིག་མར་ཉི་མ་ལྷ་མོས་རང་གི་སྐེ་ལ་འབྲལ་མེད་བཏགས་ཡོད་པའི་སྲུང་འཁོར་ལྷམ་པ་དེ་ཤིན་ཏུ་ལྗིད་པའི་ཚོར་སྣང་འབྱུང་བཞིན་པ་འདྲ། མོས་དལ་གྱིས་ལག་ན་བཟུང་ཡོད་པའི་སྦི་རག་དམ་བུ་སྒྲོག་ཙེའི་སྟེང་ལ་བཞག་སྟེ། བྲང་གི་སྲུང་འཁོར་ལ་རེག་ཙམ་བྱས།

  ཐང་ག་མང་པོའི་དཀྱིལ་དུ།

  ཁོའི་ཁང་མིག་ཏུ་ཐང་ག་མང་པོ་བཤམས་འདུག རྒྱོང་ཤིང་ངོས་ཀྱི་ཐང་ག་རེ་རེ་ནི་ཁོས་འབྲི་བཞེངས་བྱས་པ་རྐྱང་རྐྱང་ཡིན་ཟེར། ཉི་མ་ལྷ་མོས་གསར་བུ་ལྷ་བཟོ་དེས་གཉེར་བའི་ལྷ་རིས་ཚོང་ཁང་ཆུང་ངུའི་ཡང་ཕུགས་ན་ད་དུང་འདི་འདྲའི་ཁང་མིག་ཅིག་སྐུང་ཡོད་པ་བསམ་པའི་རྒྱ་ལའང་དྲན་མེད་ཚོད་རེད། མོའི་ཧ་ལས་པའི་མིག་ཟུང་གིས་བྲིས་འགྲུབ་བྱུང་ཡོད་མེད་ཀྱི་ཐང་གའམ་རི་མོ་མང་པོ་གཞི་གཅིག་ཏུ་མཐོང་ལམ་ལ་འགུག་དུས། ཉི་མ་ལྷ་མོ་རྨི་ལམ་ནང་གི་རྨོ་མོ་བཞུགས་པའི་དུས་ཚིགས་དེར་སླེབས་པ་དང་འདྲ་པར། བརྗོད་མི་བཏུབ་པའི་ཚོར་ཤེས་སྐྱེན་པོས་ཡོངས་སུ་བརླམས་སོང་བ་འདྲ། ཡང་སྔོན་ཏག་ཏག་ལ་འཐུང་པའི་སྦི་རག་གི་བཟི་ཁའང་ཇེ་རྒོད་དུ་མི་དམན་པ་བཏང་ཡོད་ངེས། ཉི་མ་ལྷ་མོས་སྣང་བ་རབ་རིབ་དེ་སྐད་ངག་ཡམ་ཡོམ་ལ་བསྒྱུར་ནས་ལབ་རྒྱུར།

  “ཅིའི་ཕྱིར་ཐང་ག་མང་པོའི་དཀྱིལ་དུ་མལ་ཁྲི་བཞག་པ་ཡིན།”

  “ཁང་མིག་འདིར་དྲོད་རླངས་མེད་ཅིང་ཚ་ཐབ་ཀྱང་མི་ཤོང་པས་ནངས་དགོང་ལ་ཤིན་ཏུ་འཁྱགས། ····· ཐང་གའི་རྒྱོང་ཤིང་དག་མལ་ཁྲིའི་མཐའ་རུ་བསྣུར་ཏེ། མལ་སར་བསྡད་ནས་ཐང་ག་བྲིས་ན་སྐྱིད་པོ་དཔེ་མེད་རེད། ཧ་ཧ།”

  གསར་བུ་ལྷ་བཟོ་ཡིས་འདི་ལྟར་ཉི་མ་ལྷ་མོས་བཏོན་པའི་དྲི་བ་ལ་གསལ་བཤད་བྱས་པའི་རྗེས་ལ་བརྗོད་བྱ་མི་གསལ་པའི་ཧབ་ཆ་ཞིག་ཀྱང་འཐེན་ཡོང་།

  སྐད་ཅིག་མར། ཉི་མ་ལྷ་མོས་རང་ཉིད་ཀྱི་སྡོད་ཁང་གྲུ་བཞི་དེའི་ཕྱེད་ཙམ་ཡང་མེད་པའི་ཁང་མིག་འདི་ནས་ཡུན་རིང་ཡུན་རིང་ཞིག་ལ་འཚོལ་བཞིན་པའི་ཚོར་ཤེས་སྟུག་པོ་དེ་གཞི་ནས་རྙེད་བྱུང་བ་འདྲ། མོས་མལ་ཁྲིའི་མཐའ་སྐོར་གྱི་རྒྱོང་ཤིང་ངོས་ན་གསལ་ལ་མི་གསལ་པའི་ཐང་ག་ལྟ་བུའི་རི་མོ་དག་ལ་རབ་རིབ་ཏུ་གྱུར་ཟིན་པའི་མིག་དབང་གིས་བྱིལ་བྱིལ་གཏོང་བཞིན། དལ་གྱིས་མལ་ཁྲིའི་དཀྱིལ་ལ་འགོས། ཡོད་ཚད་ནི་སྔ་མོ་ནས་བཀོད་སྒྲིག་བྱས་ཟིན་པའམ་ཡང་ན་ཅིས་ཀྱང་འབྱུང་སྲིད་པའི་ཆེས་སྤྱིར་བཏང་གི་མི་ཡུལ་གྱི་དོན་དག་ཕྲན་ཚགས་ཤིག་དང་ཆ་འདྲ་བར། མོ་དང་ཁོ་གཉིས་དེ་ལྟར་ཐང་ག་མང་པོའི་དཀྱིལ་དུ་འོ་མ་ཆུ་ལ་བསྲེས་པ་བཞིན་གཞི་གཅིག་ལ་དབྱེ་མེད་དུ་འཐིམ་བཞིན་གདའ།

  “འདི་ཅི་རེད། འདི་ཡང་ཕུད་དང་། ”

  “ཅི་ཞིག”

  “ཁྱོད་ཀྱི་སྐེ་ན་ཡོད་པ་འདི། ”

  “འོ། དེ་རྨོ་མོའི་སྲུང་འཁོར་ཡིན། ཕུད་མི་ཉན། ”

  “རྨོ་མོའི་སྲུང་འཁོར་ཁྱོད་ཀྱི་སྐེ་ལ་བཏགས་ནས་ཅི་བྱེད། ཡང་ཅིག་བཤད་ན······”

  “རྣམ་རྟོག་ལངས་ན་མར་བོབས། ”

  “······”

  “ཁྱོད་ཀྱིས་སྲུང་ཤུབས་གྱོན་ཆོག་ན། ངས་སྲུང་འཁོར་བཏགས་མི་ཆོག་པ་ཨ་མཚར།”

  “ཉི་མ་ལྷ་མོ་ཡ་ཉི་མ་ལྷ་མོ། དེ་ནི་ཁྱོད་ཚོ་བུད་མེད་རྣམས་སྲུང་བྱེད་མ་ཡིན་ནམ།”

  ཁོས་འདི་ལྟར་རྟ་འཚེར་བ་བཞིན་མོའི་མིང་ནས་བོས་ཏེ་ཧ་ཅང་དགོད་སྤྲོ་བའི་ཉམས་འགྱུར་སྟོན། ཡིན་ནའང་ཉི་མ་ལྷ་མོས་བརྗོད་ཟིན་པའི་སྐད་ཆ་དེར་དག་བཅོས་ཅི་ཡང་བྱེད་འདོད་མེད་པ་འདྲ།

  དེ་མ་ཟད་ཉི་མ་ལྷ་མོས་རྟག་ཏུ“མི་རེ་རེའི་མིང་ནི་མི་གཞན་དང་དབྱེ་བ་འབྱེད་བྱེད་གྱི་མཚོན་རྟགས་ཙམ་ཡིན་པའི་ཆ་ནས། ནོར་ལ་ཐོད་རྟགས་དང་ལུག་ལ་རྭ་ཚོན་ཞུགས་པ་དང་གཉིས་སུ་མེད”ཅེས་བརྗོད་ཅིང་། སྒོས་སུ་ལོ་འདི་འགར་མོ་ལོ་སུམ་ཅུར་སོན་ཟིན་པའི་བུད་མེད་ཅིག་གིས་ད་དུང་བྱིས་པ་ལོ་བདུན་ཅན་ཞིག་དང་འདྲ་པར། རྒྱུགས་ཤོག་མང་པོའི་སྟེང་དུ་རང་གི་རུས་མིང་ཡང་ནས་བསྐྱར་དུ་འགོད་དུས། མོས“ཉི་མ་ལྷ་མོ་ཞེས་པའི་ཡིག་འབྲུ་དེ་དག་ནི་བཙོན་མ་ཞིག་ལ་ཨང་རྟགས་ཀྱིས་འབོད་པ་ལྟར་རྣ་ལ་གཟན”ཞེས་བརྗོད་པ་ཐེངས་གཅིག་མིན།

  དེ་བས་མཚན་མོ་འདིར་ཉི་མ་ལྷ་མོ་ནི་རང་གི་གདོང་ལ་གཏད་དེ་མིང་གིས་འཛིན་མཁན་གྱི་གསར་བུ་ལྷ་བཟོ་འདི་ལའང་རེ་ཞིག་ཞེན་པ་ལོག་བཞིན་ཡོད་ཀྱང་སྲིད།

  གསར་བུ་ལྷ་བཟོ་ཡིས་ད་དུང་ཅི་ཞིག་ལ་སྒུག་བཞིན་ཡོད་པ་འདྲ།

  ཉི་མ་ལྷ་མོས“ཆར་བ་འབབ་དུས་ཁྱོད་ཀྱིས་ཆར་ལྭ་གྱོན་ནམ”ཞེས་ཅི་ཡིན་འདི་ཡིན་མེད་པའི་དྲི་བ་ཞིག་བཏོན།

  གསར་བུ་ལྷ་བཟོ་ཡིས་ཧ་མ་གོ་བ་འདྲ། “ཆར་བ? ད་ལྟ་ནི་དགུན་ཁ་རེད།”

  མོས་སླར་ཡང“ང་རང་ལོ་ལྔ་ལྷག་ལ་འགྲོགས་པའི་དགའ་རོགས་དེ་ཆར་ལྭ་གྱོན་པར་མི་དགའ། སྲུང་ཤུབས་རྟེན་རྒྱུར་ཡང་དགའ་བོ་མེད། འོ་རེད། ཁོས་ད་ཐེངས་ཀྱི་ཡིག་རྒྱུགས་ལ་སྐར་འབྲས་མཐོན་པོ་བླངས་འདུག ཉིན་ལྔའི་རྗེས་ངག་རྒྱུགས་ལ་གཞུག་དགོས་ཟེར”ཞེས་བརྗོད་བྱུང་།

  གློ་བུར་ཁང་མིག་ཆུང་ངུ་དེར་ཧ་ཅང་ལྗིད་པའི་སྨུག་པ་ཞིག་གིས་བསྐྱིལ་པ་དང་གཉིས་སུ་མེད་པར། སྔར་མེད་ཀྱི་ཁུ་སིམ་མེར་གྱུར། དེ་མུར་གསར་བུ་ལྷ་བཟོ་མལ་ཁྲི་ལས་བབས་ཏེ། ཐང་ག་མང་པོའི་གསེང་ནས་ཕར་སློག་ཚུར་སློག་བྱས་བྱས་མཐར། རྒྱོང་ཤིང་གཙང་མ་ཞིག་བཏོན་བྱུང་།

  ཉི་མ་ལྷ་མོས་མཆན་འོག་ལ་མནན་ཡོད་པའི་སྲུང་འཁོར་ཡར་བླངས་ཏེ་བྲང་ལ་སྦྱར་ནས། ཁང་མིག་འདིའི་ཁུ་སིམ་ལ་སེམས་ཀྱིས་རོལ་མྱོང་བྱེད་བཞིན་པ་འདྲ། མོའི་མིག་ཟུང་ཡང་བཙུམ་འདུག

  གསར་བུ་ལྷ་བཟོ་ཡིས“ཁྱོད་ཀྱིས་ང་ལ་ལྟོས་དང་། རེད། དེ་ལྟར་ཟུར་མིག་གིས་མདུན་ཕྱོགས་ལ་ལྟོས་དང་། ངས་ཁྱོད་རང་ལ་ཐང་ག་ལྟ་བུའི་རི་མོ་ཞིག་འབྲི”ཞེས་བརྗོད་པས། ཉི་མ་ལྷ་མོ་སླར་ཡང་སྦི་རག་གིས་བཟི་བ་ལྟར་སྣང་བ་ཡང་མོ་ཞིག་ལ་ཡོངས་སུ་འཐིམ་བཞིན་ཡོད་ངེས། མོས་ལུས་ཀྱི་བ་སྤུ་ཡོངས་ཀྱང་སྒུལ་ཙམ་མེད་པར་གསར་བུ་ལྷ་བཟོའི་མགོའི་སྐྲ་ལོ་ཕྱོགས་ལ་ཅུང་གསེག་པའི་ཟུར་མིག་གིས་འགུལ་མེད་དུ་བལྟས་འདུག

  གསར་བུ་ལྷ་བཟོ་ཡིས་ཉི་མ་ལྷ་མོའི་ཕྱོགས་ལ་ལྟ་ཙམ་དང་རྒྱོང་ཤིང་ངོས་ལ་འབྲི་ཙམ་གྱིས་ཡུན་རིང་འགོར་རྗེས“ཁྱོད་ཀྱི་སྐེ་ན་ཡོད་པའི་སྲུང་འཁོར་དེ་དངོས་གནས་ཡག་པོ་འདུག འཇའ་ཚོན་བཞིན་འོད་མཚེར་བཞིན་འདུག”ཅེས་བརྗོད་བྱུང་།

  “སྲུང་འཁོར་འདི་ནི་ངའི་རྨོ་མོའི་སྲུང་འཁོར་ཡིན། ང་རང་སློབ་ཆེན་འགྲིམ་པའི་ལོ་དེར། རྨོ་མོས་མོའི་སྐེ་ཡི་སྲུང་འཁོར་བླངས་ཏེ་ངའི་སྐེ་ལ་བསྐྱོན། རྨོ་མོས་ལབ་པ་ལྟར་ན། འདི་ནི་རྣམ་ཤེས་ཤིག་གི་རྒྱུན་མཐུད་དང་མུ་བསྲིངས་ཡིན་པས་ནམ་ཞར་བྲང་དང་འབྲལ་མེད་གྱིས་ཟེར།”

  ཉི་མ་ལྷ་མོས་ཐེངས་མང་བརྗོད་མྱོང་པའི་སྲུང་འཁོར་དང་འབྲེལ་བའི་བརྗོད་པ་དེ། མཚན་མོ་འདིར་སླར་ཡང་ཇི་བཞིན་དུ་ལབ།

  ཉི་མ་ལྷ་མོ་ཐང་ཀ་མང་པོའི་དཀྱིལ་དུ་ཟུར་ཉལ་གྱིས། གསར་བུ་ལྷ་བཟོ་དེས་མཚམས་མཚམས་སུ་ཕྱི་ལྟག་ཕྱོགས་ལ་འདེད་ཙམ་བྱེད་པའི་སྐྲ་ལོ་རིང་མོ་མཐོང་ལམ་ལ་འགུག་བཞིན། སྨྲ་བ་མེད་པའི་འཇིག་རྟེན་གཞན་ཞིག་ཏུ་སླེབས་ཡོད་པ་འདྲ།

  མཁའ་འགྲོ་མ།

  སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས་རབ་ཏུ་ཕྱེ་བའི་འོད་རབ་དབུས་ན། ཕྱག་ཏུ་པད་མས་བརྒྱན་པའི་རྗེ་བཙུན་སྒྲོལ་མ་དལ་གྱིས་ཡར་བཞེངས་ཤིང་། ཐང་གའི་རྒྱོང་ཤིང་ངོས་དང་བྲལ་ཏེ་ཉི་མ་ལྷ་མོའི་ཡང་སྟེང་ལ་ཕེབས་ཡོང་དུས། ཉི་མ་ལྷ་མོས་རྨི་ལམ་དང་དངོས་ཡོད་ཅི་ཡིན་ཆ་མ་འཚལ་པ་འདྲ། མོས་གམ་ན་གཉིད་དུ་ཡུར་བའི་ལྷ་བཟོ་གསར་བུ་དེ་ཕུར་ཕུར་གྱིས་ལན་འགར་རྡེག་མོད། ཁོ་ནི་གྲིབ་ཀྱིས་མནན་པ་ལྟར་འགུལ་ཙམ་ཡང་མི་བྱེད། དེ་མུར་མོ་རང་སྡོད་པའི་མལ་ཁྲིའི་མཐའ་སྐོར་ན་མངོན་མེད་ཀྱི་རླབས་ཆེན་པོ་ཞིག་ཤུགས་ཀྱིས་འཕྱུར་ནས་ཡོང་བཞིན་ཡོད་པ་འདྲ།

  ཉི་མ་ལྷ་མོས་མལ་ཁྲིའི་མཐའ་ན་རྒྱོང་ཤིང་ངོས་སུ་གསལ་པའི་ཐང་ག་དག་ལ་ཡིད་འཇོག་བྱུང་དུས། ད་གཟོད་ཐང་ག་དེ་དག་ནི་མ་གཞིར་ཚོན་མདངས་མི་འདྲ་བའམ་ཡང་ན་སྐུའི་བཟོ་ལྟ་མི་འདྲ་བ་ཙམ་ལས་དོན་ལ་རྗེ་བཙུན་སྒྲོལ་མ་རྐྱང་རྐྱང་ཡིན་པ་མཐོང་། སྐད་ཅིག་མར། མོའི་ཡང་སྟེང་ན་སྐྱིལ་ཀྲུང་དུ་བཞུགས་པའི་རྗེ་བཙུན་མས་ཕྱག་གཡས་པད་མོ་དལ་གྱིས་ཕྱག་རྒྱ་གནང་བཞིན། གསུང་གང་ཞིག་འཇོན་མགོ་ཚུགས་ཤིང་གསུང་གི་འདེགས་འཇོག་དང་ལྷན་དུ་རྒྱོང་ཤིང་ངོས་ཀྱི་ཐང་ཀའི་བཀོད་རིས་གཞན་དག་ཀྱང་རིམ་གྱིས་འགུལ་བཞིན་ཡོད་པ་འདྲ། སྐད་ཅིག་མར་ཉི་མ་ལྷ་མོའི་ནང་སེམས་ཀྱི་འཇིགས་པ་ཇི་སྙེད་རྨེག་མེད་དུ་སྒྲོལ་བའི་ཉམས་སྣང་བྱུང་ཡོད་ངེས་ལ། འབྱུང་འགྱུར་དང་འཚོ་གནས་ཞེས་པའི་ཐ་སྙད་ལྗིད་པོ་དེ་དག་ཀྱང་མོའི་བློ་ངོ་ནས་རེ་ཞིག་ཁུར་མོང་བཞིན་ཧ་ཅང་ཡང་མོ་ཞིག་ཏུ་སྣང་ཡོད་ངེས།

  རྒྱུ་མཚན་ནི་ཉི་མ་ལྷ་མོ་ལོ་ན་བཅུ་དྲུག་སོན་པའི་དུས་ལྟར་བག་མེད་དང་དགའ་སྤྲོ་ལྷད་མེད་ཀྱིས་ཡོངས་སུ་མྱོས་ཏེ། རྗེ་བཙུན་མའི་གསུང་དབྱངས་ཀྱི་འདེགས་འཇོག་དང་ལྷན་དུ། བར་སྟོང་ན་མ་གཞི་ནས་མངོན་མེད་དུ་བཞུགས་ཡོད་པ་ལྟ་བུའི་མཁའ་འགྲོ་མའི་ཚོགས་ཀྱི་ལྷན་དུ། ཧ་ཅང་ཞི་བའི་ཉམས་ཀྱིས་སྤྲོ་གར་འཁྲབ་བཞིན་འདུག

  འདི་དག་ཡོད་ཚད་ཀྱིས་ཉི་མ་ལྷ་མོ་རྨི་ལམ་ལྟ་བུའི་འཇིག་རྟེན་ཞིག་ལ་ཁྲིད་ཅིང་། དེ་དུས་སློབ་ཆེན་འགྲིམ་དུས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མ་ཅིག་ལབ་སྒྲོན། ད་དུང་ལོ་ཆེན་མང་པོའི་རྣམ་ཐར་དུ་མཐོང་ཆོས་སུ་གྱུར་པའི་འཁྲབ་ཚན་དག་ད་ནི་མོའི་མི་ཚེ་རུའང་མངོན་བྱུང་ཞེས་སྐད་གསང་མཐོན་པོས་བརྗོད་ཅིང་། གར་ལ་རོལ་བཞིན་པའི་མཁའ་འགྲོ་མ་རེ་རེ་གཏད་དེ་འདི་ནི་ས་སྲོད་མཚམས་ལ་སྒྲོལ་མ་ཉེར་གཅིག་ཆག་མེད་དུ་འདོན་པའི་རྨོ་མོའི་བྱིན་རླབས་ཨེ་རེད་ཅེས་ཡང་ཡང་འདྲི། ད་དུང་རྨོ་མོ་ལགས་དངོས་གནས་པདྨ་ཅན་གྱི་ཞིང་བཀོད་ལ་བདེ་བར་བཞུགས་ཡོད་དམ་ཞེས་ཀྱང་འདྲི།

  དར་གོས་སྣ་ལྔས་རྒྱན་པའི་མཁའ་འགྲོ་མའི་ཚོགས་སུ་ཉི་མ་ལྷ་མོའི་ལུས་ན་སྲུང་འཁོར་འབའ་ཞིག་ལས་ཅི་ཡང་མེད་མོད། མོ་ལ་སྔར་མེད་ཀྱི་བདེ་སྣང་གིས་ཁྱབ་ཡོད་པ་འདྲ། ལྷག་པར་རྗེ་བཙུན་མའི་གཡས་མཐའ་ན་མེ་ཏོག་གི་ཆར་བ་གཏོར་བའི་མཁའ་འགྲོ་མ་དེ་མཐོང་འཕྲལ། ཉི་མ་ལྷ་མོས་ཅི་ཡིན་འདི་ཡིན་མེད་པར་རྨོ་མོ་ཞེས་མོའི་ཤ་རུས་ཀྱི་སྦུབས་ལ་བསྲེས་པའི་ཐ་སྙད་དེ་ངག་ནས་ཐོན་བྱུང་། མཁའ་འགྲོ་མ་དེས་ཀྱང་གཞི་ནས་རྨོ་མོའི་རང་གཟུགས་ཡིན་པའི་དཔང་རྟགས་སུ། ཉི་མ་ལྷ་མོའི་སྐེ་ཡི་སྲུང་འཁོར་དང་ཆ་འདྲ་བའི་སྲུང་འཁོར་ཞིག་བྲང་ནས་བཏོན་ཡོང་།

  ཏག་ཏག་ཉི་མ་ལྷ་མོས་ད་དུང་མཁའ་འགྲོ་མ་དེ་དང་རྨོ་མོའི་དབར་གྱི་མཐུན་ཆོས་གཞན་ཞིག་ཨེ་རྙེད་ཀྱིས་འཚོལ་བཞིན་པའི་ཡུན་ལ། མཁའ་འགྲོ་མ་དེས་ཐང་ཆི[1]་ལྡད་ཀྱིན་ལྡད་ཀྱིན་ཉི་མ་ལྷ་མོར་གཏད་དེ་ལག་ཟུང་བསྲིངས་ཡོང་པས། ཅི་ཞིག་སློང་བཞིན་པ་འདྲ། དེ་མུར་ཉི་མ་ལྷ་མོས་སྒྲེན་པོར་གནས་པའི་ལུས་པོའི་མགོ་རྔར་བྱིལ་ཙམ་བཏང་མཐར། ལག་ཟུང་ནི་རང་གི་སྐེ་ན་འཇའ་ཚོན་བཞིན་འོད་དུ་འཚེར་བཞིན་པའི་སྲུང་འཁོར་སྟེང་ལ་བབས།

  ཕྱི་ན་ཁ་བ་འབབ་བཞིན་ཡོད་པ་འདྲ།

  “མཁའ་འགྲོ་མ་ཞིག་ཁྱོད་ཀྱི་ལྟེ་བར་འཛུལ་བཞིན་འདུག”

  གཉིད་ལས་སད་མ་ཐག་པའི་གསར་བུ་ལྷ་བཟོ་ཡིས་ཉི་མ་ལྷ་མོ་སྒུལ་ཏེ་འདི་ལྟར་བརྗོད། སྐྱ་རེངས་སྔ་མོ་ནས་བཀྱགས་ཟིན་ནའང་ཁང་མིག་འདིར་ཉི་འོད་མི་ཕོག་པ་འདྲ།

  ཉི་འོད་མི་ཕོག་པའི་ཁང་མིག་དེར་ཉི་མ་ལྷ་མོས་མགོ་བོ་མལ་ཐུལ་གྱིས་གཅུད་དེ་འཕག་ཙམ་བྱས་མཐར་མུ་མཐུད་དུ་གཉིད་ལ་རོལ། ནངས་མོ་འདིར་མོ་རང་བཙོན་ལས་ཐར་བ་ཇི་བཞིན་སྔར་མེད་ཀྱི་བདེ་སྣང་གིས་ཁྱབ་ཡོད་པ་འདྲ།

  ལྷ་བཟོ་གསར་བུ་དེས་སླར་ཡང་ཉི་མ་ལྷ་མོའི་རྣ་བར་གཏད་དེ“མདང་ནུབ་ངའི་རྨི་ལམ་དུ་ཁྱོད་ཀྱི་ལུས་ལ་ཐང་ཆི་ལྡད་བཞིན་པའི་མཁའ་འགྲོ་མ་ཞིག་ཞུགས་པ་རྨིས”ཞེས་བརྗོད།

  ཉི་མ་ལྷ་མོས་མགོ་བོ་མལ་ཐུལ་ལས་ཕྱིར་བཏོན་བྱུང་མོད། མདང་ནུབ་ཀྱི་དོན་དག་ཅི་ཡང་གླེང་འདོད་མེད་པ་འདྲ། མོས་ལྷ་བཟོ་གསར་བུས་ལབ་པའི་སྐད་ཆ་དག་བཏང་སྙོམས་སུ་བཞག་སྟེ། གསལ་ལ་མི་གསལ་པའི་ངག་གིས“ཕྱི་ན་ཁ་བ་འབབ་བཞིན་ཡོད་པ་འདྲ”ཞེས་ཆིག་ལབ་བྱེད།

  ལྷ་བཟོ་གསར་བུས་ཀྱང་ཉི་མ་ལྷ་མོའི་ཆིག་ལབ་ལ་ཡེ་ནས་ཉན་གྱིན་མེད་ཚོད་རེད། གློ་བུར་ཁོས་མཚར་སྣང་ཆེན་པོས“ཁྱོད་ཀྱི་སྲུང་འཁོར་མི་འདུག”ཅེས་བརྗོད་དེ། སྔས་འབོལ་ཡང་ཡར་སློག་ནས་འཚོལ་བཞིན་འདུག

  ཉི་མ་ལྷ་མོས་མུ་མཐུད་དུ་ཅི་མི་སྙམ་པར“ཕྱི་ན་ཁ་བ་འབབ་བཞིན་ཡོད་པ་འདྲ”ཞེས་སླར་ཡང་ཆིག་ལབ་ཐེངས་གཅིག་བྱེད།

  ལྷ་བཟོ་གསར་བུས་ཉི་མ་ལྷ་མོའི་བརྗོད་པ་དག་རྨང་ནས་ཐོས་ཀྱིན་མེད་པ་འདྲ། ཁོས་མུ་མཐུད་དུ་བརྗོད་རྒྱུར“ཁྱོད་ཀྱི་སྐེ་ན་རྨོ་མོའི་སྲུང་འཁོར་མི་འདུག”ཅེས་ལབ་བྱུང་། འདི་དུས་ཉི་མ་ལྷ་མོས་གཞི་ནས་གསར་བུ་ལྷ་བཟོར་གཏད་དེ། “སྲུང་འཁོར་མཁའ་འགྲོ་མས་ཁྱེར་སོང་། མཁའ་འགྲོ་མ་དེ་ངའི་རྨོ་མོའི་སྤྲུལ་བ་རེད”ཞེས་བརྗོད།

  ཉི་མ་ལྷ་མོས་མདོར་བསྡུས་དྲག་པའི་ཚིག་དུམ་འདི་བརྗོད་པའི་རྣམ་འགྱུར་ལ་བལྟས་ན། འཇིག་རྟེན་འདིའི་བྱ་དངོས་ཡོད་དོ་ཅོག་ཀྱང་འདི་ལྟར་ཚིག་ཉུང་དོན་འདུས་ཀྱིས་རྗོགས་ཚིག་བཀོད་ཆོག་པ་འདྲ། དེ་ཡང་མོའི་ངག་ནས་ཡང་ཡང་ཐོན་མྱོང་པའི“སྤྱི་ཚོགས་ནི་ཟློས་གར་ཚོགས་པ་ཞིག་དང་འདྲ་བར། འཁྲབ་གཞུང་ལས་འགོངས་མཁན་དེ་ནམ་ཡང་གར་སྟེགས་སུ་ཞུགས་མི་བཏུབ”ཅེས་པ་དང་། ཡང་ན“མི་དང་མིའི་དབར་གྱི་འབྲེལ་བ་ནི་ཀ་ར་ཐང་ཆི་དང་འདྲ། བལྡད་ནས་མངར་ཆ་ཡལ་ཚེ་གད་སྙིགས་སུ་གཡུགས་ངེས་ཡིན”ཞེས་པ་ལྟ་བུར་མི་དང་འཇིག་རྟེན་གྱི་ངོ་བོ་ལ་རང་ངོས་ཀྱི་བསྡུས་འགྲེལ་འཇོག་པ་དང་གཉིས་སུ་མེད་པར་འདུག

  རེད་དེ། གསར་བུ་ལྷ་བཟོ་ཡིས་ཉི་མ་ལྷ་མོའི་གསལ་བཤད་དེ་ཐོས་མ་ཐག མོས་སྔོན་དཔག་བྱས་པ་ལྟ་བུའི་ཡ་མཚན་གྱི་བརྡ་ཅི་ཡང་མི་སྟོན་པར། དེ་ལས་ལྡོག་སྟེ་ཁོའི་རྨི་ལམ་ལ་དངོས་གནས་སྔོན་དཔག་ནུས་པ་ཡོད་ཚུལ་བརྗོད་ཡོང་། ཁོས་ལབ་རྒྱུར“ངའི་ཁང་མིག་འདིར་རྗེ་བཙུན་སྒྲོལ་མའི་ཞལ་ཐང་ལྔ་བཅུ་ལྷག་བཞེངས་ཡོད་པས། རྗེ་བཙུན་མས་རྟག་ཏུ་ང་ལ་རྨི་ལམ་ལུང་བསྟན་གནང་ཡོང་། ཧ་ཧ་ཧ།” གསར་བུ་ལྷ་བཟོས་སླར་ཡང་བརྗོད་བྱ་མི་གསལ་པའི་ཧབ་ཆ་འཐེན་བྱུང་།

  སྒྲོལ་མ།

  “ཁྱོད་ཀྱི་དགའ་རོགས་སྒྲོལ་མ་ཟེར་བའི་བུད་མེད་དེའི་གམ་དུའང་མཁའ་འགྲོ་མ་ཁྱོད་ཀྱི་རྨི་ལམ་དུ་སླེབས་སམ།”

  ཉི་འོད་མི་ཕོག་པའི་ཁང་མིག་ཏུ་ཉི་མ་ལྷ་མོ་མལ་ལས་ལྡང་སྟེ། གསར་བུ་ལྷ་བཟོས་མཚན་ལམ་དུ་བྲིས་པའི་རང་ཉིད་ཀྱི་ཐང་ག་ལྟ་བའི་རི་མོ་ལག་ཏུ་བཟུང་ནས་ནང་སེམས་ཀྱི་དོགས་གནད་ལྟ་བུའི་དྲི་བ་ཞིག་བཏོན།

  ཐང་ག་ལྟ་བུའི་རི་མོའི་ངོས་སུ། ཉི་མ་ལྷ་མོའི་སྐེ་ན་སྲུང་འཁོར་ལྷམ་པ་འཇའ་ཚོན་བཞིན་འོད་དུ་འཚེར་གིན་འདུག

  གསར་བུ་ལྷ་བཟོ་ཡིས“མཁའ་འགྲོ་མ་ནི་ཁྱོད་ཀྱི་སྐེ་ཡི་སྲུང་འཁོར་གྱིས་བསླུས་པ་འདྲ། རྗེ་བཙུན་མའི་འཁོར་ན་མཁའ་འགྲོ་མ་ག་ལ་མཆིས། ཧུ་ཧུ། རེད་དེ་མཁའ་འགྲོ་མ་ཁྱོད་ཀྱི་ལྟོ་བར་ཞུགས་པ་ནི་ཅིས་ཀྱང་ལེགས་པའི་དོན་བྱ་ཡིན་ངེས”ཞེས་བརྗོད།

  ཉི་མ་ལྷ་མོས་ཁོའི་སྐད་ཆ་ལ་འཐད་པའི་བརྡ་རུ་མགོ་བོ་ལྡེམ་ཙམ་བྱས་ཏེ། ལག་གཡས་ཀྱིས་གོམས་གཤིས་ལྟར་བྲང་དཀྱིལ་ལ་རེག་ཙམ་བྱེད་མོད། ལག་པར་འཛིན་བྱར་འགྱུར་ངེས་པ་གཅིག་ཀྱང་མེད་མཐར། ལག་ཟུང་སླར་ཡང་རང་ཉིད་བྲིས་ཡོད་པའི་རི་མོའི་རྒྱོང་ཤིང་ལ་འཇུས།

  ཉི་མ་ལྷ་མོས་ཅི་ཡང་མི་སྨྲ་བར་ཡུན་ཙམ་འགོར་རྗེས། སླར་ཡང་ངག་སྒོ་ཕྱེ་བྱུང་།

  “སྒྲོལ་མས་ཐེངས་འདིའི་རྒྱུགས་འབྲས་ཇི་འདྲ་བླངས་འདུག”

  “འཕྲོད་མི་འདུག་ཟེར། ཡིན་ནའང་མོ་ནི་མཐར་ཕྱིན་ནས་ལོ་གསུམ་མ་གཏོགས་འགོར་མེད་པས། ད་རུང་གོ་སྐབས་ཡོད་ངེས།”

  “དངོས་གནས་དེ་རེད། མོ་ལ་ད་དུང་གོ་སྐབས་ཡོད་ངེས། འོན་ཀྱང་ལོ་ངོ་བདུན་ལྷག་ལ་འདི་ལྟར་རྒྱུགས་ལ་ཞུགས་པའང་དངོས་གནས་སླ་མོ་མི་འདུག ང་ལ་ལྟོས་དང་། ད་དུང་གར་འགྲོ་གང་འདུག་མེད་པའི་འཁྱམ་པོ་ལྟར་ལུས་ཡོད།”

  “ཐེངས་འདིའི་རྒྱུགས་འབྲས་ཁྱོད་ཀྱིས་ད་རུང་བལྟས་མེད་པ་མ་ཡིན་ནམ།”

  “······”

  “ཁྱོད་རང་སྒྲོལ་མ་དང་གཉེན་སྒྲིག་སྲིད་དམ།”

  “ལོ་ངོ་བཞིའི་རྗེས་ལ་སྒྲོལ་མས་ད་དུང་རྒྱུགས་འཕྲོད་མེད་ན། ང་ཡིས་མོ་དང་གཞིས་ཁྱིམ་བསྐྲུན་འདོད།”

  “འོ་ན་རྒྱུགས་འཕྲོད་ཚེ།·····”

  “རྒྱུགས་འཕྲོད་ཚེ། མོ་རང་ང་ལ་ཅི་ལྟར་དབང་།”

  “······”

  ཉི་འོད་མི་ཕོག་པའི་ཁང་མིག་འདི་སླར་ཡང་ཁུ་སིམ་མེར་གྱུར།

  ཉི་མ་ལྷ་མོས་ཐང་གའི་རྒྱོང་ཤིང་ལྟ་བུ་ཞིག་མཆན་ལ་བཙིར་ནས། ཁ་བ་ཆགས་པའི་སྲང་ལམ་དུ་ཆེ་ཆུང་རན་པའི་རྐང་རྗེས་ཕབ་བཞིན་དལ་གྱིས་བགྲོད་བཞིན་གདའ།

  “ང་ཕ་ཡུལ་དུ་ལོག་པའི་ལམ་ན་ཡོད། བདེ་མོ་བྱོས། ཁྱོད་ཀྱི་བྱ་བ་ལམ་འགྲོ་ཤོག” སྔ་དྲོའི་ཆུ་ཚོད9:25སྟེང་།

  ཉི་མ་ལྷ་མོ་གློག་སྡོང་ཞིག་གི་འགབ་ཏུ་འགྲེང་ནས་ཁ་པར་ངོས་ལ་འབབ་བཞིན་པའི་ཁ་བའི་འདབ་མ་ཡང་ཡང་ཕྱིས་ཏེ། ཡིག་འབྲུ་འདི་དག་གཏགས་ནས་བསྐུར་རྗེས་མུ་མཐུད་དུ་ལམ་ལ་བགྲོད།

                                                                                         2022/10/15ཉིན་བྲིས།
                                                                                                                            2022/10/25ཉིན་བཅོས།

མཆན། [1]泡泡糖

རྩོམ་སྒྲིག་པ། གངས་དགའ། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།