ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཡིག་བརྒྱ་མ་གསར་པ། 《ནོར་སྐྱག》

ཚེ་རིང་དོན་གྲུབ།(ཟི་ལིང) 琼迈文学网 2022-12-04

  པ་པ་པོ་མས་ལྕི་བ་དང་ཨོང་བ་ལ་ནོར་གྱི་སྐྱག་པ་ཟེར། རྟ་ལུད་དང་རིལ་མ་ལ་རྟའི་སྐྱག་པ་དང་ལུག་གི་སྐྱག་པ་ཟེར་མིན་གོ་མ་མྱོང་ནའང་ལོས་ཟེར་བསམ། གལ་ཏེ་སུ་ཞིག་གིས་མི་དང་དུད་འགྲོ་དང་། དངོས་པོ་གང་ཞིག་སྐྱག་པར་བརྩིས་ཟིན་ཚེ་དེ་ལ་སེམས་གཏིང་ནས་མི་དགའ་བ་དང་། ཐ་ན་ཞེན་པ་གཏིང་ནས་ལོག་བཞིན་ཡོད་པ་ནི་ཆོས་ཉིད་རེད།

  པ་པ་པོ་མ་རྩེ་གཞུང་རྫོང་གི་མགོ་གཙོར་བཞག་ནས་རིང་པོ་མ་འགོར་བའི་དུས་ཏེ། སྤྱི་ཟླ་དང་པོའི་ཚེས་མགོར་ཞིང་ཆེན་གྱི་མགོ་གཙོ་མི་འགྱང་བར་རྩེ་གཞུང་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཐད་གཟིགས་ཞིབ་ཏུ་ཕེབས་རྒྱུ་ཡིན་པའི་བརྡ་འབྱོར། པ་པ་པོ་མ་སྔངས་སྐྲག་དང་བཅས་རང་སའི་སྟེང་གི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ནས་རང་རེའི་རྫོང་མཁར་བར་གྱི་གཞུང་ལམ་འགྲམ་གྱི“ནོར་སྐྱག”མང་པོ་ཡིད་ལ་དྲན་ནས་སྐྱུག་མེར་ལངས་ཤིང་། དེ་མ་ཐག་རྫོང་ཡོངས་ལ་འཕྲལ་མྱུར་བརྡ་སྦྱོར་བཏང་ནས་ཚོགས་འདུ་འཚོགས།

  པ་པ་པོ་མས་མ་གཞི་ནས་རང་རེའི་ས་ཆའི་སྐྱེ་ཁམས་གནད་དོན་གཙོ་བོ་ནི་གང་སར་ཕྱུགས་ཟོག་གི་སྐྱག་པས་གང་བ་དེ་ཡིན་པའི་སྐོར་མདོར་བསྡུས་ཙམ་བཤད་རྗེས་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་ཐག་བཅད་གཉིས་ཏེ། གཅིག་ནི་གང་མྱུར་སྒོས་རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་སའི་སྟེང་གི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ནས་རང་རེའི་རྫོང་མཁར་བར་གྱི་གཞུང་ལམ་འགྲམ་གྱི་ནོར་སྐྱག་བཏུ་དགོས་པ་དང་། གཉིས་ནི་ད་ལྟ་ནས་ཞིང་ཆེན་གྱི་མགོ་གཙོ་ཕྱིར་ཕེབས་རེག་བར་དུ་ནོར་ཚང་མའི་འཕོངས་ཏོར་འགྱིག་ཁུག་བསྐོན་ཏེ་ནོར་སྐྱག་ས་ལ་མི་དོར་བ་བྱ་དགོས་པ་དེ་རེད།

  ཚོགས་ཞུགས་མི་སྣ་འགའ་རེ་རང་གི་རྣ་བར་ཡིད་མ་ཆེས་པ་དང་འགའ་རེ་ཁོང་དགོད་ཤོར། མང་ཤོས་ཀྱིས་ནམ་རྒྱུན་ལྟར་ཐལ་མོ་ཐག་ཐག་རྡེབ་བཞིན་ཚོགས་འདུ་གྲོལ།

  པ་པ་པོ་མས་ཁ་ཐུམ་བརྒྱབ་སྟེ་ལས་ཡུལ་དངོས་ལ་སོང་། ས་གནས་གསར་འགྱུར་ལས་ཁུངས་ཀྱིས་པ་པ་པོ་མས་འཇོར་རྒྱ་གྲམ་མ་བཟུང་བའི་འདྲ་པར་དང་བཅས་མགོ་གཙོ་སྐུ་དངོས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དུ་ཞུགས་བཞིན་པའི་གསར་འགྱུར་སྤེལ། རྫོང་ཡོངས་ཀྱི་གཞུང་ཞབས་པ་དང་ཉེན་རྟོག་པ། སྨན་པ། དགེ་རྒན། སློབ་མ། འབྲོག་པ་མང་ཚོགས་ཚང་མས་པ་པ་པོ་མས“སྐྱག་པ་སྐམ་པོ”རུ་འབོད་པའི་ཨོང་བ་བཏུས་ནས་གང་སར་མེ་སྒོང་བརྒྱབ། པ་པ་པོ་མས“སྐྱག་པ་རློན་པ”རུ་འབོད་པའི་ལྕི་བ་ཨ་འཐས་ས་དང་འབྱར་བ་རྣམས་ལ་འཇོར་རྒྱ་གྲམ་མ་བརྒྱབ་ནས་བཀོག་སྟེ་ཆུ་ནང་ལ་བཏབ། དགུན་འཁྱག་འདིར་ཡང་ཚང་མའི་གདོང་ནས་རྔུལ་ཆུ་བཞུར་ཞིང་མགོ་ནས་རླངས་པ་འཐུལ་གྱིན་འདུག་པས་པ་པ་པོ་མས་ཚང་མར་བསྟོད་བསྔགས་བྱས། འོན་ཀྱང་རིང་ཚད་ལ་སྤྱི་ལེ་ཉིས་བརྒྱ་ཉི་ཤུ་དང་ཞེང་ཚད་ལ་སྤྱི་ལེ་གཉིས(ལམ་གྱི་གཡས་གཡོན་གཉིས་ཀར་སྤྱི་ལེ་གཅིག་རེ)ཏེ་ས་མུའུ་འབུམ་དྲུག་དང་ཁྲི་དྲུག་སྟེང་གི་ཨོང་བ་བཏུ་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན། ལྷག་པར་དུ་ཞང་གང་གི་མང་ཚོགས་ཚང་མ་ལས་འགུལ་འདིར་མ་ཞུགས་ན་རྗེས་སུ་རྣམ་གྲངས་གཅིག་ཀྱང་མི་སྟེར་ཞེས་བཤད་ཡོད་ནའང་འབྲོག་པ་མང་ཤོས་ལ་ཐུན་མོང་རིང་ལུགས་ཀྱི་བསམ་བློ་མེད་པས་ངལ་རྩོལ་ལ་མི་ཞུགས་པར་མ་ཟད་ད་དུང་པ་པ་པོ་མས་གོ་ན་བཟོད་ཐབས་བྲལ་བའི་འཕྱ་སྨོད་སྣ་ཚོགས་བྱེད་བཞིན་ཡོད། ད་དུང་གདོང་ནས་རྔུལ་ཆུ་བཞུར་ཞིང་མགོ་ནས་རླངས་པ་འཐུལ་བཞིན་པ་ཚོས་ཀྱང་པ་པ་པོ་མ་དང་། ལྐོག་ཏུ་པ་པ་པོ་མའི“རྒྱུག་ཁྱི”རུ་འབོད་པའི་ལྟ་རྟོག་པ་ཚོ་ཕར་སོང་མ་ཐག་འཇོར་དང་སླེ་བོ་ས་ལ་གཡུགས་ནས་ཁ་པར་ངོས་ལ་ཅེར་འདུག་པས་གལ་ཏེ་འདི་ལྟར་སོང་ཚེ་ཟླ་གཅིག་འགོར་ནའང“ནོར་སྐྱག”བཏུས་མི་ཚར་བ་ཁོ་ཐག་རེད། པ་པ་པོ་མ་བྲེལ་བ་ལངས་ནས་ཡང་ཡང་སྐུལ་སློང་ཚོགས་འདུ་སྣ་ཚོགས་འཚོགས། མཇུག་མཐར་ཐེངས་འདིའི“སྐྱག་འཐུའི་ལས་འགུལ”ཁྲོད་ཀྱི་ཧུར་བརྩོན་ཅན་དག་ལ་གོ་གནས་སྟེར་བ་དང་། ཡང་ན་གོ་གནས་ཇེ་མཐོར་གཏོང་རྒྱུ་ཁས་བླངས། བྱེད་ཐབས་འདི་ལ་མངོན་གསལ་གྱི་ནུས་པ་ཐོན་ཏེ་ལ་ལ་ལས་ཡུལ་དངོས་ནས་དྲན་མེད་དུ་བརྒྱལ། མགོ་དགའ་རེའི་རྣ་ཅོག་གཉིས་ཀ་ཕྱིད་དེ་དབྱིབས་དང་ཁ་དོག་གང་གི་ཆ་ནས་ལན་བརྒྱར་བལྟས་ཀྱང་ལུག་གི་མཚེར་བ་གཉིས་དང་ཨ་ན་མ་ན་རེད། ལག་པ་གཉིས་ཀ་ཕྱིད་ནས་ཁབ་ཀྱིས་གཙགས་ཀྱང་ཚོར་བ་མེད་པ་སོགས་སྔོན་ཐོན་དཔེ་བཟང་གང་མང་བྱུང་། ཡིན་ཡང་ས་རྒྱ་ཆེ་དྲགས་པ་དང་ནོར་སྐྱག་མང་དྲགས་པས་གྲུབ་འབྲས་ཆེན་པོ་མ་ཐོན། པ་པ་པོ་མ་བྲེལ་བ་ལངས་ཏེ་དགོན་པའི་གྲྭ་བ་རྣམས་ཀྱང་ཁྲིད་ཡོང་ནས་ནོར་སྐྱག་བཏུ་རུ་བཅུག ད་དུང་ཧུར་བརྩོན་གྱིས་ནོར་སྐྱག་བཏུ་མིན་དེ་རྒྱལ་གཅེས་ཆོས་པ་ཡིན་མིན་གྱི་རྟགས་ཡིན་ཟེར།

  གནམ་གཤིས་ཇེ་འཁྱག་ནས་ཇེ་འཁྱག་རེད། མཚམས་ཤིག་གློ་བུར་དུ་བྱང་རླུང་དྲག་ཏུ་གཡུགས་པ་ན་ནོར་གྱི་འཕོངས་ཏོའི་འགྱིག་ཁུག་རྣམས་ཤོག་སྦག་གས་པ་ལྟར་སྦག་སྦག་གྲགས། ནོར་རྣམས་འདྲོགས་ནས་གང་སར་བྲོས། འགའ་རེ“ཆུ་ལམ་བཅོས་སྐྱོང”ཟེར་བའི་རྡོ་རགས་མཐོན་པའི་ཁ་ནས་ལྡིང་རྗེས་སུག་པ་བཅག འགའ་རེའི་སྒལ་ཚིགས་སྐེ་ཚིགས་བཅད་ནས་དེ་མ་ཐག་ཏུ་ཤི། དུས་མཚུངས་སུ་ནོར་མང་པོའི་ཨོང་ཏོའི་འགྱིག་ཁུག་རླུང་གིས་ཁུར་ཏེ་རླུང་རྟ་གཏོར་བ་དང་གཉིས་སུ་མེད། ལག་འདུག་མི་ཐུབ་པ་འགའ་རེས་པར་དང་བརྙན་བླངས་ནས་སྐད་འཕྲིན་རྒྱབ་ལྗོངས་སུ་སྤེལ་པར་པ་པ་པོ་མ་དྲག་ཏུ་ཁྲོས་ཏེ་འདི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས་གཏན་འགོག་བྱེད་དགོས་ཟེར།

  དྲག་རླུང་རིམ་བཞིན་འཇགས་ཤིང་ཁ་བ་བབས། ཁ་བ་ཇེ་ཆེ་ནས་ཇེ་ཆེ་རེད། ཆུ་ཚོད་ཕྱེད་ཙམ་གྱི་རྗེས་སུ་རྩེ་གཞུང་རྩྭ་ཐང་དར་དཀར་གྱིས་གཡོགས་པ་ལྟར་གྱུར་ཏེ་ནོར་སྐྱག་ཕར་ཞོག བྱི་ལོང་ས་འབུར་རྣམས་ཀྱང་མི་མཐོང་བར་གྱུར། གནམ་གཤིས་སྔོན་བརྡ་ལྟར་ན་རྩེ་གཞུང་ས་ཁུལ་ལ་ཁངས་ཆེན་འབབ་རྒྱུ་རེད་ཟེར།

  “天助我也!”པ་པ་པོ་མས་དགའ་འབོད་བསྒྲགས། པ་པ་པོ་མའི་རྒྱུག་ཁྱི་ཚོས་དེ་བས་ཀྱང་ཐལ་མོ་བརྡབས་ཤིང་ས་ལྡིང་གནམ་ལྡིང་བྱས། ཏག་ཏག་སྐབས་འདིར་ཞིང་ཆེན་གྱི་མགོ་གཙོ་རྩེ་གཞུང་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཐད་གཟིགས་ཞིབ་ཏུ་ཕེབས་རྒྱུའི་འཆར་གཞི་བསྒྱུར་ཟིན་པའི་བརྡ་འབྱོར།

                                                                   2022.12.4

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཡིག་བརྒྱ་མ་གསར་པ། 《ནོར་སྐྱག》

2022-12-04 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།