ལུག་རྫི་རྒན་པོའི་ཀི་རིང་།

ཚུལ་ཁྲིམས་དབང་འདུས། 琼迈文学网 2023-03-01

  ཞོགས་པའི་སྐྱ་རེངས་ཤར་རིའི་རྩེར་ཕོག་པ་དང་སྐལ་བཟང་གིས་དེ་རིང་ཡང་རྩྭ་ཆུ་འཛོམས་ས་ཞིག་ཏུ་ལུག་རྫིར་འགྲོ་དགོས་བསམ་བཞིན་གཡང་འཛོམས་ཀྱིས་གྲ་སྒྲིག་བྱས་པའི་རྫི་ཁུག་དེ་རྒྱབ་ཏུ་ཁུར་བ་དང་། འུར་རྡོ་ཆུ་མིག་དགུ་སྒྲིག་དེ་རྐེད་པར་བཏགས་ཞོར་ལུག་རྭའི་སྒོ་ཕྱེས། དེ་ནི་ཉིན་གཅིག་གསར་དུ་འགོ་བཙུགས་པའི་རྟགས་རེད།

  གཡང་འཛོམས་དང་མོ་ལས་ལོ་སྐོར་གཅིག་ཙམ་གྱིས་ཆེ་བའི་ཚོང་པ་ཞིག་དང་ལྷ་སར་བྲོས་འགྲོ་བརྩིས་བྱས་པར་ཕ་མ་རྒན་རྒོན་གཉིས་ཀྱིས་ཁ་ཏ་སློབ་གསོ་བྱས་ཏེ་མ་མངགས་པའི་གནས་ཚུལ་དེ་ལུག་རྫི་སྐལ་བཟང་གིས་གཞི་ནས་ཤེས།

  སྐལ་བཟང་ཡང་མི་བུ་གཞན་དང་འདྲ་བར་ན་ཚོད་དར་ལ་བབ་ཅིང་། སློབ་གྲྭར་ལོ་རེ་གཉིས་ཕྱིན་པས་ཡིག་རྨོངས་མིན་ཙམ་གྱི་རིག་གནས་ལྡན་པ་དང་། རོང་ཁུལ་ཞིང་པ་དཀྱུས་མ་ཞིག་གི་བུ་ཆུང་བ་རེད། བསམ་ཡུལ་ལས་འདས་པ་ཞིག་གམ་ཚེ་སྔོན་མའི་ལས་དབང་ཞིག་གིས་རྐྱེན་གྱིས་ས་ཁུག་གི་འབྲོག་སྡེའི་བུ་མོ་གཡང་འཛོམས་དང་ཁ་འཕྲད་དེ་གནས་དེ་རུ་འཚོ་བ་སྐྱོང་འགོ་བརྩམས། གཡང་འཛོམས་ཀྱི་ཁྱིམ་ལ་འཚོ་བ་ཆོད་ཙམ་གྱི་ལུག་བཅུ་གྲངས་ལས་མེད་རུང་གཞན་གྱི་འབྲོག་ཁྱིམ་བཞིན་ཉིན་ལྟར་ལུག་འཚོ་སྐྱོང་བྱེད་དགོས་ཀྱི་ཡོད། དགེ་འཕེལ་ཚང་ནི་ལུག་བརྒྱ་གྲངས་ཡོད་པའི་འབྲོག་ཁྱིམ་ཕྱུག་པོ་ཞིག་རེད་ལ། གོ་ཐོས་ལ་ན་ནིང་ལྷ་སར་སྒེར་ཁང་ཆེན་པོ་ཞིག་ཉོས་ནས་ད་ལྟ་ནང་མི་ཚང་མ་ལྷ་སར་བསྡད་ཡོད་ཟེར། དེ་སྔོན་དགེ་འཕེལ་ཚང་གིས་ལུག་རྫི་ཞིག་གླས་ཡོད་པ་དེ་གནས་ཚུལ་གང་ཡིན་མི་ཤེས་པ་ལོག་ཕྱིན་པ་རེད། སྐལ་བཟང་སླེབས་པ་ནས་བཟུང་ཁོས་དགེ་འཕེལ་ཚང་གི་ལུག་རྫི་བྱས།

  ལུག་རྫི་སྐལ་བཟང་ལ་མཐོང་ཆུང་བྱེད་མཁན་བྱུང་ལ། གཞོན་སོ་དཀར་ནས་རྒས་སྐྲ་དཀར་བར་ལུག་གི་རྨིད་རྗེས་དེད་ནས་མི་ཚེ་ཟད་དགོས་པར་ལས་ངན་རེད་ཅེས་སྙིང་རྗེ་སྐྱེ་མཁན་ཡང་མི་ཉུང་བ་ཞིག་བྱུང་། ཡང་འགའ་རེས་མཚར་སྣང་ཤར་ཏེ“ཁྱོད་རོང་ཁུལ་ལ་མ་བསྡད་པར་འབྲོག་པའི་འཚོ་བར་སྐྱེལ་རྒྱུའི་བསམ་བློ་དེ་ཇི་ལྟར་འཁོར་བ་རེད།”ཅེས་སྐད་ཆ་འདྲི།

  ཉེ་བའི་ལོ་འགའི་རིང་། སྒོ་ཕྱུགས་འཚགས་མཁན་གྱི་དུད་ཚང་ཇེ་ཉུང་དུ་སོང་ནས། ད་ཆ་ལུག་འཚོ་རྒྱུ་རག་པ་དེའང་ལས་སླ་པོ་ཞིག་ག་ལ་ཡིན། ཁོས་ལུག་འཚོས་ནས་ཕྱུག་པོ་ཆགས་དཀའ་རུང་ཞོ་འོ་མ་དང་། ཤ་མར་སོགས་འཚོ་བར་འདང་ངེས་ཡོད་པས། ཡང་ཁ་ཤས་ཀྱིས“སྐལ་བཟང་གིས་རྐུ་ཇག་འཕྲོག་གསུམ་གྱི་ལས་མ་བྱས་པར་ལུག་རྫི་བྱས་ཏེ་ཟས་གཙང་མས་རང་ཁ་རང་གསོ་ཐུབ་ཀྱི་འདུག”ཅེས་ལབ་གླེང་བྱེད་བཞིན་ཡིད་སྨོན་སྐྱེ་མཁན་ཡང་རེ་གཉིས་ཡོད་པའང་ཐོས་མྱོང་། ཡིད་སྨོན་སྐྱེ་མཁན་དེ་དག་ནི་ལུག་རྫིའི་དཀའ་སྡུག་མཐོང་མ་མྱོང་ལ་ལུག་རྫི་ནི་དེ་བས་བྱེད་མྱོང་མེད་མཁན་ཤ་སྟག་རེད།

  ལན་རེར། སྐལ་བཟང་གིས་རང་གི་མི་ཚེ་གཅིག་གི་རིང་རྫ་སྟོང་ལུང་སྟོང་ནས་འདི་ལྟར་ལུག་འཚོས་ནས་སྙིང་པོ་ཆེར་མི་འདུག་པ་བསམ་བློ་འཁོར་མ་མྱོང་བ་མིན་རུང་། སྔོན་ཆད་ཡིག་འབྲུ་རེ་གཉིས་ངོ་ཤེས་པ་དེའང་ད་ཆ་བརྗེད་ཟིན་པ་དང་། ཕོ་ལོ་སུམ་ཅུ་སོ་ལྔ་ལ་བརྒལ་བས་གཞན་གྱིས་གླ་མཁན་ཉུང་ཞིང་། ཁོའི་ངོས་ནས་བཤད་ན་ད་ལྟའི་གྲོང་ཁྱེར་ནང་གི་འཚོ་བའི་གོམས་འགྲོས་མགྱོགས་དྲགས་པ་དང་། ད་ནམ་ཙ་འདི་ལ་ཐུག་པའི་མི་ཞིག་ཡིན་པ་སོགས་ཡིད་ལ་དྲན་ཐེངས་རེར་སྤོབས་པ་ཉམས་འགྲོ། “ལས་ལ་གང་བསྐོས་མ་གཏོགས། སྣང་བར་གང་ཤར་མེད།”ཅེས་པའི་དཔེ་ལྟར་མུ་མཐུད་ལུག་རྫི་མི་བྱེད་ཀ་མེད་བྱུང་། ཡིན་ནའང་། འབྲོག་སྡེ་འདིའི་རྫི་བོར་མཚོན་ན་འདི་ལྟ་བུའི་ལས་དབང་ལ་སྐལ་བཟང་གཅིག་པུར་འཕྲད་པ་ག་ལ་ཡིན། “ང་རང་ཕྱུག་པོ་ཞིག་མིན་རུང་གཞན་ལ་བརྟེན་མི་དགོས་པར་རང་ཁ་རང་གསོ་ཐུབ་ཀྱི་ཡོད་པ་མ་ཟད། ལྟོ་ཕོག་ཕྲན་ཙམ་འོག་རང་དབང་དང་བྲལ་ནས་ལས་ཀ་བྱེད་མཁན་ཞིག་ལས་ལྷག་ཡོད།”ཅེས་སྐལ་བཟང་གྱིས་རང་སེམས་རང་གསོའི་ཚུལ་གྱིས་ལབ་རྡོལ་བྱེད་ཞོར། འཇམ་དབྱངས་བཀྲ་ཤིས་ཀྱིས་བླངས་པའི་གླུ་དེ་དྲན་ནས་དེ་མུར་ཧ་ཅང་ཡིད་ཚིམ་པའི་ཉམས་ཤིག་བསྟན་ཏེ་སྐད་གསང་མཐོན་པོས། “རྒྱང་རིང་རྒྱང་རིང་ཞིག་ན། མཛེས་པའི་རྩྭ་ཐང་ཞིག་ཡོད། མཛེས་པའི་རྩྭ་ཐང་དེ་ན། སྦྲ་ཆུང་གྲུ་བཞི་ཞིག་ཡོད། སྦྲ་ཆུང་གྲུ་བཞིའི་ནང་ན། བརྩེ་བའི་བུ་མོ་ཞིག་ཡོད། བརྩེ་བའི་བུ་མོ་དེ་ལ། དམ་བཅའི་མགུལ་རྒྱན་བསྒྲོན་ཡོད། རྒྱང་རིང་རྒྱང་རིང་ཞིག་ན། སྨུག་པའི་རི་བོ་ཞིག་ཡོད། སྨུག་པའི་རི་བོའི་སྟེང་ལ། གཡང་དཀར་ལུག་ཁྱུ་བཀྲམ་ཡོད།”ཅེས་ལེན་ཞོར་དུ་རྫི་ཇ་ཞིམ་པོ་ཞིག་བསྐོལ་དགོས་བསམ་སྟེ། ཆུ་རྫི་འགིས་གང་བླངས་ཏེ་ཐབ་ཀའི་ཐོག་མར་བཞག་བརྩིས་བྱས་པས། གློ་བུར་དུ་གཞིར་སྒྲ་དང་བཅས་ལུག་འདྲོག་པས་མགྱོགས་པོ་ཕར་བལྟས་པས་སྤྱང་ཀི་ཞིག་འཇབ་བུའི་སྟབས་ཀྱིས་ལུག་འགྲམ་བཅར་ཡོང་གི་ཡོད་པ་མཐོང་ཏེ་ཀི་ཐེངས་གཉིས་བཏབ་ཀྱང་གཞོན་དུས་ལྟར་སྐད་ཤུགས་མེད་པས། སྤྱང་ཀིས་ཕྱི་བལྟས་བྱེད་ཞོར་བྲོས་འདོད་ལ་མ་འདོད་ཀྱིས་རི་གདོང་ནས་ག་ལེར་ཕྱིན་སོང་ལ། བར་སྣང་ནས་གདིང་སྐོར་བྱེད་བཞིན་པའི་རྒོད་པོ་དེའང་ཕ་རིའི་བྲག་སྟེང་ལ་འཕུར་སོང་། དེ་ནི་སྐལ་བཟང་གྱི་ངོས་ནས་བཤད་ན་ཧ་ཅང་རྒྱུན་ལྡན་ཞིག་ཡིན་རུང་། དེ་ལ་མཐོང་ཆུང་བྱེད་རྒྱུ་ཡང་མེད་པ། གལ་སྲིད། ལུག་དག་ལ་གོད་ཆགས་འདྲ་བྱུང་ན་ལུག་བདག་གིས་གླ་ཕོག་སྤྲད་རྒྱུ་ཕར་ཞོག་ལུག་རྫིའི་ལས་ཀ་དེའང་ཤོར་ཉེན་ཆེ་བས། མགྱོགས་པོ་ཆུ་རྫི་འགིས་གང་དེ་མགོ་བྱོས་བྱས་ཏེ་ཐབ་ཀའི་ནང་བླུགས་པ་དང་མཉམ་དུ་སུར་སྒྲ་དང་བཅས་གོ་ཐལ་འཚུབ་སེ་བཏང་། “དེ་རིང་ཡང་རྫི་ཇ་དལ་མོ་ཞིག་བཏུང་རུ་བཅུག་མ་སོང་།”ཞེས་ཁོས་སྡིད་སྨོད་བྱེད་ཞོར་ལུག་རྗེས་ལ་བརྒྱུགས། ནམ་མཁའི་ཉི་མའང་སྐལ་བཟང་གི་སེམས་ཁམས་ལྟར་ཁ་དོག་སེར་པོ་ནས་སྐྱ་བོར་འགྱུར་གྱིན་འདུག་ལ་དེ་དང་བསྡོངས་ནས་ཕྱི་དྲོའི་བསེར་བུ་གྲང་མོ་ཞིག་བར་མཚམས་མེད་པར་རྒྱུ་མགོ་བརྩམས། རི་གདོང་གི་རྩྭ་རྩི་ཤིང་དག་ཤིག་ཤིག་འདར་བཞིན་འདུག སྐལ་བཟང་ནི་ལུག་ཁྱུ་དང་ཐག་ཉེ་སའི་རི་གདོང་དེར་ཕ་བོང་ཞིག་ཡོད་པ་དེའི་འགྲམ་དུ་རླུང་གཞའ་བྱས་ཏེ་སྤྱང་ཀི་བྲོས་སོང་སའི་ཕྱོགས་ལ་ཀི་རིང་རེ་གཉིས་བཏབ་ནས་བསྡད།

  སྐལ་བཟང་ནི་ནངས་སྔ་མོ་ནས་ལུག་ཁྱུ་དེད་དེ་རྩྭ་སར་སོང་ནས་དགོང་མོ་མུན་རུབ་ཁར་གཞི་ནས་ཁྱིམ་དུ་སླེབས་ཀྱི་ཡོད་པས། ཉིན་ཀར་གཡང་འཛོམས་གཅིག་པུས་ཕོ་ལས་དང་མོ་ལས་ཟེར་རྒྱུ་མེད་པར་ཕྲུ་གུ་གཉོར་སྐྱོང་བྱེད་རྒྱུ་དང་། ཁྱིམ་ལས་བྱེད་རྒྱུ། ཕ་མ་རྒན་རྒོན་ལ་སྲི་ཞུ་བསྒྲུབས་པ་སོགས་ལས་ཀ་ཚང་མ་མོ་རང་གཅིག་པུས་འགན་འཁུར་དགོས་ཀྱི་ཡོད་པས། རྒྱུས་མེད་མི་ཡིས་གཡང་འཛོམས་ལ་བཟའ་ཟླ་མེད་སྣང་ཤར་བ་དང་། སྐལ་བཟང་སུ་ཡིན་ངོ་ཤེས་མཁན་ཡང་རྫི་བོ་ཁ་ཤས་ལས་མེད་ལ། “གཡང་འཛོམས་ཁྱོད་ཀྱི་ཕྲུ་གུ་གཉིས་པོའི་ཕ་སུ་རེད།”ཅེས་འདྲི་མཁན་བྱུང་མྱོང་། སྐབས་འགར་སྐལ་བཟང་ལུག་རྫིར་ཕྱིན་རྗེས་ནང་ལ་གནས་ཚུལ་འདྲ་བྱུང་ནའང་ཁྱིམ་ཚེས་གྲོང་རོགས་མ་གཏོགས་སྐལ་བཟང་ལ་རེ་བ་བཅོལ་ཐབས་བྲལ། མ་གཞི་ལག་ཐོག་ཁ་པར་ཡོད་རུང་ལུང་ཁུག་ཀྱག་ཀྱོག་ལ་ལུག་རྫིར་ཕྱིན་རྗེས་ཁ་པར་གྱི་བརྡ་བརྟགས་ཡོད་པའི་སྐབས་ནི་ཡོད་མྱོང་མེད།

  དགོང་མོ་ལུག་སླས་རྭའི་ནང་བཏགས་ཟིན་རུང་ལུག་སྐེ་བཅུད་འགྲོ་དོགས་དང་། དྲེད་མོང་གིས་འཁུར་འགྲོ་དོགས་སོགས་གིས་སྐལ་བཟང་ནི་ལུག་རྭའི་སྒོ་ཁར་ཉལ་དགོས་ལ། མཚན་ནམ་ཕྱེད་ལ་ལུག་གི་འབའ་སྒྲ་གོ་མ་ཐག་དངངས་སྐྲག་དང་བཅས་ཡར་ལངས་ཏེ་ལུག་རྭའི་ནང་འགྲོ་དགོས་པ་ནི་སྐལ་བཟང་གི་ངོས་ནས་བཤད་ན་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། གཞན་ཡང་། ཉེ་བའི་ལོ་འགའི་རིང་འཛམ་གླིང་ཧྲིལ་པོར་བྱ་རིགས་ཆམ་རིམས་ཀྱི་ནད་དུག་ཞིག་ག་ས་གང་དུ་ཁྱབ་ནས་སྲོགས་ཆགས་མང་པོ་ཕྱི་མའི་ཡུལ་དུ་འཁྲིད་ནས་གྱོང་གུན་འཚབ་ཆེན་བཟོ་བཞིན་པ་དང་། ནད་དུག་དེ་ཡུལ་གཞན་ནས་འཕུར་ཡོང་བའི་ཁྭ་ཏ་ནག་པོས་འཁུར་ཏེ་འགོས་ཀྱིན་ཡོད་པ་གོ་ཐོས་བྱུང་བ་ནས་བཟུང་། ཉིན་མཚན་དབྱེར་མེད་ཀྱིས་འཇིགས་སྐྲག་དང་བཅས་ཏེ་ལུག་དང་མཉམ་འགྲོ་མཉམ་འདུག་མི་བྱེད་ཀ་མེད་བྱུང་།

  ཕྱི་དྲོའི་གྲིབ་ཆེན་གུག་པ་དང་སྐལ་བཟང་གིས་ཡང་གཞོན་ནུའི་དུས་སུ་ཉན་མྱོང་བའི་རྡོ་བ་ཆོས་གྲགས་ཀྱིས་བླངས་པའི་གླུ་དེ་དྲན་ཏེ་ངག་ནས་དབང་མེད་དུ། “ང་ཨ་ཕོ་ལུག་རྫི་མི་ཡི་ཐ་མ་རེད། ས་ཀྱོག་ཀོག་ཕྱོགས་རང་སྡོད་སའི་ཐ་མ་རེད། ལྷམ་རྐོ་ལྷམ་ལྷམ་རལ་ལྷམ་གྱི་ཐ་མ་རེད། བལ་འུག་རྡོ་ཁྲ་ཆུང་ལག་ཆའི་ཐ་མ་རེད། སྤང་བདེ་མོ་གཡང་དཀར་ལུག་གི་འཚོ་ས་རེད། རྩྭ་རྩི་ཏོག་ཟོས་ནས་ཤ་ཤེད་རྒྱས་ལེ་རེད། ང་ཨ་ཕོ་ལུག་རྫི་ལ་ལུང་གང་ལ་འགྲོ། དགུན་སྟོན་དཔྱིད་དབྱར་བཞི་གཡང་དཀར་ལུག་དང་འགྲོགས།་་་་་་་་”ཞེས་རྫི་གླུ་སྐྱུ་བོ་དེ་ལེན་བཞིན་ལུག་དེད་དེ་རི་གདོང་ནས་བུད་སོང་། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལུག་རྫི་རྒན་པོའི་ཀི་རིང་།

2023-03-01 ཚུལ་ཁྲིམས་དབང་འདུས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།