མེ་ལོང་།

རྡོ་རྗེ་དོན་གྲུབ།(ལྷ་ས) 琼迈文学网 2023-04-01

  གྲོང་ཁྱེར་འདིའི་ཡོད་ཚད་ཀྱིས་སྔ་མོ་ནས་མུན་ནག་གི་ཨི་ཁུང་བརྟོལ་ཏེ། མཚན་མོ་ཞེས་པའི་ཚིགས་མལ་དེ་བསྐྱུར་ནས་ཉིན་མོ་ཞེས་པའི་ཚིགས་མལ་འདིར་སླེབས་ཟིན། འོན་ཏེ། ཞིབ་ཏུ་བསམས་ན། ང་རང་གཅིག་པུ་ད་དུང་མུན་ནག་གི་ཚིགས་མལ་དེ་རུ་གནས་ཡོད་པ་འདྲ་སྟེ། ཉིན་མཚན་མེད་པར་ནག་རོག་གེར་གནས་པའི་ཁང་རྙིང་དེའི་རྐྱེན་ནམ།ཡང་ན།མཐོ་སྒང་གི་གྲོང་ཁྱེར་ག་ལ་བ་འདིའི་སྣེ་གེ་མོར་འཐམ་པའི་ང་ལ་ཉི་འོད་ཀྱིས་ཕྱོགས་ཞེན་བྱེད་པ་ཡིན་ནམ། གང་ལྟར། ངས་དེར་ཁ་ཡ་ཡེ་ནས་བྱེད་ཀྱིན་མེད།

  ང་རང་གྲོང་ཁྱེར་འདིའི་སྣེ་གེ་མོར་བསྟིམས་ནས་ཉིན་ཁ་ཤས་ལས་འགོར་མེད་ཀྱང་། གཞི་ནས་ཤ་རུས་ལྟར་གྲོང་ཁྱེར་འདིའི་ཡོད་ཚད་གོམས་ལོབས་སུ་སོང་ཡོད་པར་ཁས་འཆེ། རེད་དེ། ཁང་རྙིང་འདིའི་ཉེ་འཁོར་གྱི་སྲང་ཤུར་རེ་རེ་ནི་ངའི་དྲན་ངོགས་ན་ཆུ་ལྟར་རྒྱུག་ཅིང་། ཐ་ན། ང་རང་སྡོད་སའི་ཁང་བརྩེགས་དེའི་ལྟག་རྒྱབ་ན་ཡོད་པའི་ལས་ཁུངས་ཆེ་གེ་མོའི་སྒོ་བྱང་དང་། ལས་ཁུངས་དེའི་ར་སྐོར་ན་བསྒྲིགས་པའི་རླངས་འཁོར་དག་ངའི་མིག་ལམ་དུ་འོད་ཀྲིག་ཀྲིག་བྱེད་ལ། དེ་བས། ང་ཚོའི་གཞིས་ཁུལ་དེའི་ཉེ་འཁོར་ན་ཡོད་པའི་ཚོང་རའི་སྒོ་བྱང་དེ་དག་ཀྱང་ངའི་དྲན་ངོགས་ནས་གློག་བརྙན་བཞིན་འཆར་འོང་།

  གང་ལྟར། ང་རང་གྲོང་ཁྱེར་འདིའི་མི་ཚོགས་ཀྱི་ཁྲོད་དུ་འཚངས་ནས་དུས་ག་ཙམ་ཕྱིན་ནའང་། ཐ་ན། རང་ཉིད་ཀྱི་གྲིབ་གཟུགས་ཀྱང་ཡལ་བར་གྱུར་ཞིང་།དེ་ནི་གྲོང་ཁྱེར་འདིའི་དུ་སྨུག་གི་རྐྱེན་ཨེ་ཡིན་བསམས། ལན་རེར། རང་སེམས་ཀྱི་གཞུ་མོ་ནང་དུ་བཀུག་སྟེ་བསམ་བློ་བཏང་བའང་ཉུང་ཉུང་མིན། དེ་ལྟར། བསམ་བློའི་ཁུད་དུ་ཚུད་པའི་གཞུ་མོ་དེས་རང་སེམས་ལ་བརྡབ་གསིག་དང་འཁང་ར་བྱེད་པའི་མུར། མདུན་བསྐྱོད་ཀྱི་གོམས་འགྲོས་དེ་གཟོད་ནས་ཚོང་ཁང་ཆེ་གེ་མོ་ཞིག་གི་སྒོ་དྲུང་ནས་ཚོམ་པའི་མོད་ལ། ངས་མགོ་བོ་དགྱེ་ནས་བལྟས་ཚེ། “གལ་ཏེ་ཁྱེད་རང་མེ་ལོང་འདིའི་ཁ་གཏད་དུ་འགྲེང་དུས།ཁྱེད་ཀྱིས་གཟོད་ནས་རང་ཉིད་རྣལ་མ་དེ་མཐོང་ཐུབ།”ཅེས་པའི་ཚིག་རྐང་དེ་ཡིག་འབྲུ་ཆེ་ཆུང་རན་པར་བཀྲལ་འདུག དེ་དུས། ངའི་རྐང་པའི་རྡོག་སྣེའང་ཚོང་ཁང་འདིའི་ནང་རོལ་ཏུ་སྤོས་ཙ་ན། འོ་འཛིན་ཟུང་རབ་ཏུ་སྨིན་པའི་སྐྱེས་མ་ཞིག་གིས་མེ་ལོང་སྒོར་དབྱིབས་ཅན་ལག་པས་ཐེག་མི་ནུས་པ་ཞིག་དེ་གའི་ཞབས་ཞུ་པའི་རོགས་འདེགས་ལ་བརྟེན་ཏེ་ཕྱི་རོལ་ཏུ་དབྱུང་བའི་གླགས་དེར། ཚོང་ཁང་དེ་གའི་སྦྱིན་བདག་དང་ཞབས་ཞུ་པ་སོགས་ཆེ་ཆུང་ཚང་མའི་བློ་རྩེ་མེ་ལོང་དེར་འཁོར་ཞིང་། ཏག་ཏག་སྐད་ཅིག་མ་དེར། ང་ལྟ་བུ་བརྒྱ་ཕྲག་ལྷག་ཚོང་ཁང་འདི་གར་འཛུལ་ཀྱང་། སུ་ཞིག་གིས་ཚོར་གྱིན་མེད་པ་འདྲ། འོན་ཏེ། ཏག་ཏག་སྐད་ཅིག་མ་གཉིས་པ་དེར། འོ་འཛིན་ཟུང་རབ་ཏུ་སྨིན་པའི་སྐྱེས་མ་དེས“ཨ་རོགས། ལམ་གཟུར་ཡ། ང་ཚོའི་ལག་ནང་གི་འདི་ལྕགས་ཐོ་མིན་པ་མི་མཐོང་ངམ།”ཟེར་གྱིན་ཕྱི་རུ་ཕྱིན།དེའི་མུར། ངས་ཀྱང་ཨ་ལན་སྟེར་མ་ནུས་པར། འཛུམ་པའི་ཟོལ་བསྟན་ཀྱང་། མོས་ཕལ་ཆེར་མཐོང་མེད་པ་འདྲ་སྟེ། གང་ལྟར། ད་ནི་བུད་མེད་དེས་གྲོང་ཁྱེར་འདིའི་སྲང་མདོ་གང་རུང་ཞིག་ན་མེ་ལོང་དེར་བློ་རྩེ་གཅིག་ཏུ་འཁོར་ཏེ། ཕར་འགྲོ་ཚུར་འོང་གི་རླངས་འཁོར་གྱི་གཙང་པོའི་གཞུང་ན་མདུན་དུ་ཆས་ཀྱིན་ཡོད་ཨང་།

  དེ་ལྟར། ངས་མེ་ལོང་ཆེད་ཚོང་ཁང་དེའི་སྒོ་འགྲམ་གྱི་མེ་ལོང་གང་རུང་གཅིག་ལས་བུད་མེད་དེར་མིག་སྐྱེལ་བྱས་ཤིང་། དྲང་མོར་བཤད་ན། ང་ནི་བུད་མེད་དེའི་མེ་ལོང་དེ་ཡིན་ན་ཅི་མ་རུང་སྙམ་པའི་སྣང་བ་ཞིག་ཀྱང་ངམ་ངམ་ཤུགས་ཀྱིས་སྐྱེས།

  སྦྱིན་བདག་མས་མེ་ལོང་གི་དབྱིབས་དང་ཆེ་ཆུང་སོགས་ཞིབ་འཇུག་བྱས་མཐར། མེ་ལོང་གྲུ་བཞི་མཐའ་སྐྱོར་ཅན་ཞིག་ང་ལ་འཕལ་ཀ་འཕྲོད་ཚུལ་དང་། བཟང་ལུགས་རྒྱན་ལུགས་བཤད་པའི་མཐར། ངས་ཀྱང་སྦྱིན་བདག་མས་མཛུབ་མོ་རི་སྟོན་གྱིས་འོས་སྦྱོར་བྱས་པའི་མེ་ལོང་དེ་ཉོས་ཏེ་ཁང་རྙིང་དེའི་གུད་དུ་ལོག་པ་ཡིན། བདེན་ཏེ། ངས་མེ་ལོང་དེ་ཤེལ་གྱི་ཆག་ཀྲུམ་གཅིག་ཏུ་མི་འགྱུར་ཆེད་དོན་ལྔ་སྣོད་དྲུག་པང་གི་མེ་ལོང་དེར་འཁོར་ཏེ་རང་ཁྱིམ་དུ་ལོག་པ་ཡིན། དེ་དུས། ལམ་འགྲམ་གྱི་མི་ཚོགས་ཀྱིས་ངའི་ཕྱོགས་སུ་ཕུར་ཚུགས་སུ་བལྟས་འདུག་པའང་པང་གི་མེ་ལོང་དེའི་འཆར་ངོས་གང་རུང་གིས་ང་ལ་གསལ་འདེབས་བྱས། དེ་ལྟར། རང་གིས་བཙལ་བའི་ཁང་རྙིང་དེའི་སྒོ་དྲུང་དུ་འཛུལ་དུས། སྒོ་ཐེམ་ནས་སྐྱེས་མ་ཡག་ཐག་ཆོད་པ་གཅིག་གིས་ལག་ཏུ་ཀོ་ཁུག་ཆུང་ཆུང་ཞིག་བཟུང་སྟེ། ངའི་ཕྲག་པར་གཟུར་བཞིན་འཛུམ་ཞིག་བསྟན་ཏེ་སོང་མོད། ཏག་ཏག་སྐབས་དེར། ངས་ཀྱང་མོར་འཛུམ་ཞིག་བསྟན་ཏེ་སྒོ་དྲུང་དུ་འཛུལ་བ་ཡིན།

  ད་ནི་རང་སེམས་སྙི་མོས་རང་ལ་ཅོ་འདྲི་བ་ལྟར། མི་ཆ་མེད་གཅིག་ལ་ཅིའི་ཕྱིར་འཛུམ་བསྟན་པ་ཡིན་ནམ་ཞེས་པའི་དྲི་བ་ཞིག་གིས་ང་ལ་གསལ་འདེབས་ཞུས་ཀྱང་། ཏག་ཏག་སྐབས་དེར། ངས་བློ་རྩེ་གཅིག་ཏུ་སྒྲིམ་སྟེ་མདུན་གྱི་མེ་ལོང་ངོས་སུ་མིག་ཟུང་བགྲད་དེ་བལྟས་པའི་མུར། མེ་ལོང་དུ་འཆར་བའི་རང་ཉིད་ཀྱིས་རང་སེམས་སྙི་མོར་ཅོ་འདྲི་བ་ལས་མ་འདས། དེའང་དགེ་མཚན་ཆེར་མ་མཆིས་ཏེ། དེའི་མུར། གཟའ་འཁོར་སྔོན་མའི་ལེའུ་དེ་མདུན་གྱི་མེ་ལོང་གི་གཞོགས་ཤིག་ནས་བསྐྱུར་ཏེ། རང་ཉིད་ཀྱི་སྐྲ་ཚུགས་དང་། ལྭ་བའི་གོང་ཁ་སོགས་འགྲིག་མིན་ཡང་བསྐྱར་མེ་ལོང་ཞེས་པའི་བརྙན་ཤེལ་བརྒྱུད་དེ་མགོ་ནས་རྡོག་སྣེ་བར་བསྐྱར་བལྟ་བྱེད་པའང་། ང་རང་ལས་ཁུངས་ཞེས་པའི་ར་སྐོར་དེར་འཛུལ་བའི་ཉིན་མོ་ནས་བཟུང་སྤྱི་འགྲོས་ལྟ་བུར་གྱུར་ཞིང་། འོན་ཏེ། ང་རང་མེ་ལོང་གི་འཁྲིས་སུ་བཅར་ནས་རང་ཉིད་ཀྱི་ཤ་རུས་གདོས་བཅོས་ཀྱི་ཕུང་བོ་ལ་བལྟ་དུས། ལན་རེར། མེ་ལོང་ངོས་སུ་འཆར་ཡོང་བ་ནི་ནག་རོག་རོག་གི་གྲིབ་གཟུགས་ཤིག་མིག་ལམ་དུ་རྒྱུ་ཞིང་། དེ་དུས། ང་རང་མེ་ལོང་ནང་གི་ནག་ཡོར་ཡོར་གྱི་གཟུགས་ཀྱི་ཕུང་པོ་དེའི་སྟེང་དུ་ཞེ་མེར་ཞིང་། མཆིལ་ཞགས་ཀྱང་འཕེན་འདོད་སྐྱེས་མྱོང་སྟེ།དེའང་ཞིབ་ཏུ་བསམས་ན། དེ་ལྟར་བྱེད་པར་རྔོ་མི་ཐོགས་པས་རང་སེམས་རང་གིས་གསོས་ཏེ།ཡང་བསྐྱར་མེ་ལོང་འཁྲིས་ཀྱི་ཆ་སྒམ་དེའི་གུད་ནས་སོ་མང་བླངས་ནས་ནག་ཅིང་འཁྱུག་པའི་སྐྲ་ལོའི་ཁ་ཕྱོགས་ཀྱང་ཕྱོགས་བཞི་མཚམས་བརྒྱད་ལ་བསྒྱུར། ཡིན་ཏེ། དུས་ཚོད་ཅེས་པའི་མཐོང་མེད་འཛིན་རེག་བྲལ་བའི་སྟོབས་ཤུགས་གང་དེས་ང་རང་ཁང་རྙིང་དེའི་གུད་ཀྱི་གྱང་ངོས་གང་རུང་དུ་བཀལ་བའི་མེ་ལོང་དེའི་མདུན་ནས་རྐང་པའི་རྡོག་སྣེ། ལས་ཚོགས་སུ་བསྒྱུར་པར་གསལ་འདེབས་ཞུས་པའང་། མདུན་གྱི་མེ་ལོང་དེ་ལས་འཆར་འོང་པ་གཞི་ནས་དྲན།ཏག་ཏག་སྐབས་དེར། ང་རང་ཁ་ཕྱིར་འཁོར་ཏེ་གྱང་ངོས་སུ་བཀལ་བའི་དུས་ཚོད་ལ་ལྟ་དུས། དུས་ཚོད་ཀྱི་མདའ་ཁབ་དེའང་ནུར་ནུར་མཐར། ཞོགས་པའི་ཆུ་ཚོད་བརྒྱད་པའི་ཚིགས་མལ་དེར་འགྲོས་ཚད་དང་སྟོབས་ཤུགས་གང་ཞིག་གིས་བདས་པ་ལྟར། ཐག་སྒྲ་དང་བཅས་ཏེ་མདུན་དུ་རྒྱུག་ཅིང་། དེ་དུས། ངའི་རྐང་པའི་རྡོག་སྣེ་དེའང་མེ་ལོང་མདུན་གྱི་པང་གཅལ་ནས་ལས་ཚོགས་སུ་བསྒྱུར་པ་ཡིན།

  གང་ལྟར། རྣམ་ཀུན་ངས་མེ་ལོང་ཞེས་པའི་བརྙན་ཤེལ་དེར་རང་ཉིད་ཀྱི་རང་གཟུགས་ཤིག་ཕབ་རྗེས། ཁང་བའི་ཨི་ཁུང་གང་ནས་ཕྱིར་བུད་དེ། ང་ཚོའི་གཞིས་ཁུལ་བརྒྱུད་དེ་མི་ཚོགས་ཀྱི་འདུ་ལོང་ཁྲོད་དུ་འཚངས་ལ། དོན་དམ་དུ། གྲོང་ཁྱེར་འདིའི་ལས་སྣེ་ཆེ་གེ་མོར་འཐམས་པའི་འགོ་ཁྲིད་གང་དང་། སྐྱེས་མ་གང་དེའི་རང་ཉིད་ཀྱི་རང་གཟུགས་ཀྱང་མེ་ལོང་ཞེས་པའི་བརྙན་ཤེལ་དེར་ཕབ་སྟེ།རྣོ་ལྕགས་ཨར་འདམ་གྱིས་གྲུབ་པའི་ཁང་མིག་གཅིག་ཏུ་ཆས་ཀྱིན་ཡོད་དེ། དེ་ལྟར། རྣམ་ཀུན་ངས་ཀྱང་མེ་ལོང་གི་བརྙན་ཤེལ་དེའི་ངོས་གང་རུང་དུ་རང་ཉིད་ཀྱི་ཚུལ་འཆོས་ཀྱི་རང་གཟུགས་དེ་ཕབ་རྗེས་ལས་ཁུངས་ཞེས་པའི་ར་སྐོར་དེར་འཛུལ་གྱིན་ཡོད།

  ངས་གྲོང་ཁྱེར་འདིའི་ཟུར་ངོགས་གང་རུང་ནས་མི་ཚོགས་དང་རླངས་འཁོར་གྱི་འཚང་ཁའི་ཁྲོད་ནས་རང་ཉིད་ཀྱི་འགྲོ་ལམ་རང་གིས་གཤགས་ཏེ་ལས་ཁུངས་ཕྱོགས་སུ་ཆས་པ་ཡིན། ལས་ཁུངས་གནས་སའི་དྲང་ཐད་ཀྱི་བཞི་མདོ་དེ་ནས་རྐང་པའི་རྡོག་སྣེ་གཞུང་ལམ་སྟེང་འཕྲེད་དུ་བཅད་པའི་གླགས་དེར། གཟའ་འཁོར་སྔོན་མར་མེ་ལོང་ཆེད་ཚོང་ཁང་ནས་འཕྲད་པའི་གཞོན་ནུ་མ་དེའང་།ཏག་ཏག་ངའི་མདུན་ཕྱོགས་སུ་གོམ་སྟབས་བསྒྱུར་བཞིན་ཏབ་ཅིག་གི་རིང་ལ་ངེད་གཉིས་ཀྱི་ཕྲག་མགོ་ཕྲད་ཙམ་གྱིས་ངའི་ཕར་རྒྱབ་ཏུ་ཡོལ་ཅིང་། དེའི་མུར། ངས་ཕྱི་མིག་འཕངས་ཙ་ན། མོའི་ནག་ཅིང་འཁྱུག་པའི་སྐྲ་ལོ་དེའང་རྦ་རླབས་ལྟར་ཕྲག་མགོ་ན་སྐྱོམ་ཞིང་། དེ་བས་ཀྱང་། འཕོངས་མགོའི་རྒྱགས་ཤིང་སྟུག་པའི་ཤ་རྡོག་དེའང་རྐང་པའི་རྡོག་འགྲོས་དང་བསྟུན་ནས་གཡས་གཡོན་གཉི་གར་དོ་མི་མཉམ་པར་ཕར་གཡུགས་ཚུར་གཡུགས་བྱེད་ཀྱིན་བཞི་མདོའི་གཞུང་ལམ་དེར་ཕར་བཅད་ཅིང་། དེ་དུས། ངའི་ཞེ་ལ་འཁོར་འོང་བ་ནི།མོའང་ད་ནངས་ཞོགས་པར་མེ་ལོང་ཆེན་མོ་དེའི་མདུན་ནས་དུས་ག་ཙམ་འགོར་བའི་སྐོར་ལ་བསམ་བློ་བཏང་། ཡིན་ནའང་། ཞིབ་ཏུ་བསམས་ན། མ་གཞིར་ངེད་གཉིས་ཀྱི་མེ་ལོང་དེ་མི་མཐུན་རྐྱེན།མེ་ལོང་དེའི་གུད་ནས་ཤོར་བའི་དུས་ཚོད་ཀྱང་མི་འདྲ་ཨང་སྙམ། ཏག་ཏག་སྐབས་དེར། ངའི་གཡས་ཟུར་གང་གང་ནས་གྲགས་ཡོང་བའི་དུང་བརྡ་རྣ་བར་གཟན་པ་ཞིག་གིས་ང་རང་རང་དབང་མེད་པར་བཞི་མདོ་དེ་ནས་ལོགས་ཤིག་ཏུ་དེད་ཅིང་། དེ་ནས། བཞི་མདོའི་གྲུ་ཟུར་གང་ནས་གཞོན་ནུ་མ་དེ་ཡང་བསྐྱར་མིག་གིས་འཚོས་ཀྱང་། མི་ཚོགས་དང་རླངས་འཁོར་གྱི་གསེང་ནས་མོ་རང་ངའི་མིག་ལམ་ནས་འཇའ་ཚོན་ལྟར་ཡལ་བར་གྱུར།

  དེ་ལྟར།ངས་བསམ་གཞིག་གི་ཁུར་བོ་དེའང་ལས་ཁུངས་ཀྱི་སྒོའི་དྲང་ཐད་ཀྱི་བཞི་མདོ་དེ་ནས་བསྐྱུར་ཏེ།རྐང་པའི་རྡོག་སྣེའང་གཞོན་ནུ་མ་དེའི་ཕྲག་སྟེང་ན་སྐྱོམ་པའི་སྐྲ་ལོ་ལྟར་ལས་ཁུངས་ཀྱི་ར་སྐོར་དུ་བསྒྱུར་བ་ཡིན།

  རེད་དེ། གཞུང་སྒྲུབ་ཐོག་ཁང་གི་སྒོ་དྲུང་གི་ཐད་ཀའི་གྱང་ངོས་ཀྱི་རྒྱ་ཁྱོན་ཧྲིལ་པོ་མེ་ལོང་ཆེན་མོ་ཞིག་གིས་ཟིན་ནའང་། ལས་གྲོགས་ཡོངས་ཀྱི་བཞི་ཆའི་གསུམ་ཙམ་མེ་ལོང་འདིར་གཞའ་ནས་འགྲོ་ཞིང་། ཡིན་ནའང་། ལས་གྲོགས་ཁ་ཤས་གཞུང་སྒྲུབ་ཁང་དུ་འཛུལ་ཁར་མེ་ལོང་འདིའི་མདུན་ནས་མགོ་ནས་རྡོག་སྣེ་བར་ཡང་ནས་ཡང་དུ་བལྟ་ཞིང་། ཐ་ན། སྐྱེས་པ་ཚོས་སྐྲའི་ཉག་མ་རེའང་ཞིབ་བུར་བལྟ་ལ།སྐྱེས་མ་ཚོས་ཀྱང་དེ་ལྟར་དུ་བལྟ་མོད། དེ་བས་ཀྱང་། མཆུ་སྒྲོས་ཀྱི་མཚམས་ཚིགས་སུ་བསྐུས་པའི་སྐག་ཚོས་ལའང་ཞིབ་བུར་བལྟ་བ་ནི་ཁོ་རང་ཚོའི་འཚོ་བའི་སྤྱི་འགྲོས་ལྟ་བུར་གྲུབ་འདུག

  ང་རང་ཡང་གཞུང་སྒྲུབ་ཐོག་ཁང་གི་ཁེར་ཐོག་གི་མེ་ལོང་དེར་བརྒྱུད་སྐབས། རང་ཉིད་ཀྱི་རང་གཟུགས་ངོ་མ་དེར་བལྟ་བར་དགའ་ཞེས་བརྗོད་ནའང་འཕལ་ཀ་འཕྲོད་འདུག དོན་དུའང་། འདི་གའི་མེ་ལོང་ནི་ཁང་རྙིང་དེའི་གུད་ཀྱི་མེ་ལོང་ལས་ཆེ་ལ། དེ་བས་ཀྱང་།ཨ་ཡེ་ཀྲང་ལགས་ཀྱིས་ཉིན་རེར་འཁྲུད་པའི་ངལ་འབྲས་སུ་མེ་ལོང་ངོས་ནི་དྭངས་ཤིང་གསལ།

  དེ་རིང་། ངས་ཀྱང་མེ་ལོང་དེའི་མདུན་ནས་རང་ཉིད་ཀྱི་མགོ་ནས་རྡོག་སྣེ་བར་ཞིབ་བུར་ལྟས་ལ། ཏག་ཏག་སྐབས་དེར། གཞུང་སྒྲུབ་ཐོག་ཁང་ཧྲིལ་པོའི་གཙང་སྦྲའི་འགན་གཅིག་ལྕོགས་སུ་བཞེས་མཁན་ཨ་ཡེ་ཀྲང་ལགས་ཀྱིས་ལག་གི་རས་ཕྱགས་ཀྱིས་རྡོ་གཅལ་ངོས་འབྱིད་ཞོར་ངའི་ཕྱོགས་སུ་ལྟས་ཏེ“གསར་བུ། རང་ཉིད་ཀྱིས་ཡིད་ཚིམ་པ་ཞིག་ལྟོས་དང་།རྣམ་ཀུན་ངས་མེ་ལོང་དེ་གཙང་མར་འཁྲུད་བཞིན་ཡོད་ལ། ལན་རེར། ཀྲུའུ་རིན་གྱིས་ང་ལ་བསྟོད་པའི་མཐེ་བོང་ཡང་བསྒྲེངས་མྱོང་།”ཞེས་ངའི་ཐོས་འཛིན་གྱི་བུ་གར་འཛུལ་བྱུང་། དེ་མ་ཐག ངས་མོ་ལ་ལན་ཅི་ཡང་མ་སློག་པར་གཞུང་ལས་ཁང་དུ་འཛུལ་བ་ཡིན།

  ལས་ཁུངས་ཀྱི་བྱ་བའི་ལྕི་ཡང་དེ་ལས་གྲོགས་ཚོའི་བཟོ་ལྟ་དང་།གདོང་གི་རྣམ་འགྱུར་གྱི་སྟེང་ནས་ཤེས་པར་མ་ཟད། ཉིན་གཅིག་གི་བརྗོད་གཞི་གང་ཡིན་པའང་ཤེས་ཐུབ་ལ།དོན་དུ། ལས་གྲོགས་ཚོའི་བཟོ་ལྟ་དང་རྣམ་འགྱུར་དེ་ནི་ཉིན་གཅིག་གི་བྱ་བའི་མེ་ལོང་གཅིག་དང་ཅི་འདྲའི་མཚུངས་ཨང་།

  སྐབས་འདིར།ང་རང་སྒེའུ་ཁུང་གུད་ཀྱི་མདུན་ཅོག་སྟེང་དུ་སྡོམ་རྒྱ་ལྟར་འཐེན་པའི་མཐེབ་གཞུང་།དེ་མིན།ཙིག་རྟགས་དང་བཅས་པའི་རྩིས་འཁོར་གྱི་སྡེ་ཚན་དང་ཉེ་བར་བཅར་ཏེ། ཅུང་ཙམ་ལ་ཧད་དེ་ལུས། སྐབས་དེར། ངའི་ཁ་གཏད་ཀྱི་ལས་གྲོགས་སྒྲོལ་མས་རྐུབ་སྟེགས་རྒྱབ་བསྙེས་མ་དེའི་ཚིགས་འཁོར་ལ་བརྟེན་ནས་ཕར་གཡོ་ཚུར་གཡོ་བྱེད་ཀྱིན་ངའི་སྟེང་ནས་བརྗོད་གཞི་གཅིག་འཚོལ་བཞིན་པའི་བཟོ་ལྟ་ཞིག་བསྟན་བྱུང་།

  “ཨ་རོགས། ཉིན་འདི་གར་སེམས་ཁམས་མི་དྭངས་སམ། ངག་ན་ཚིག་གཅིག་ཀྱང་མི་འདུག་པ་ཅི་རེད།”

  “ཧིན་ཧིན།”

  “… …”

  ཉི་མས་གྲོང་ཁྱེར་འདིའི་གྲུ་ཟུར་རེ་རེའི་ཨི་ཁུང་བརྟོལ་ཏེ། ད་ནི། རྣོ་ལྕགས་ཨར་འདམ་གྱིས་གྲུབ་པའི་ཁང་མིག་འདིའི་རྒྱ་ཁྱོན་གྱི་ཕྱེད་ཙམ་བཟུང་འདུག དེའང་། ལས་གྲོགས་སྒྲོལ་མའི་མིག་འབྲས་ཀྱིས་ངའི་ཕྱེད་ཀ་བཟུང་བ་དང་མཐུན་པར་སྣང་།

  ཞོགས་པ་འདིར། སྒྲོལ་མའི་མིག་ཟུང་ནི་ལག་པ་ཐོགས་པ་ལྟར་ངའི་སྟེང་དུ་འཁྱུད་འོང་བའི་ཚོར་བ་ཞིག་ངའི་མིག་ལམ་དུ་གློག་བརྙན་བཞིན་འཆར་འོང་ལ། དེ་མ་ཐག་མགྲིན་པའང་ཡོངས་སུ་བརྣངས་སོང་།

  “སྒྲོལ་མ། ཁྱེད་ཀྱིས་དེ་ལྟར་དུ་ངའི་སྟེང་དུ་ཅེར་ན། ང་ལ་གནོན་ཤུགས་བསྩལ་པ་མ་ཡིན་ནམ།”

  “ཁྱོད་ཀྱི་མིག་ནང་ལ་བལྟས་ན། སེམས་སུ་ཅི་དྲན་གྱི་ཡོད་པ་ཤེས་ཐུབ།”

  “ཅིའི་ཕྱིར།”

  “མིག་ཟུང་ནི་སེམས་ཀྱི་མེ་ལོང་ངོ་མ་དེ་མ་ཡིན་ནམ།”

  “ཧུན་ཧུན། ……”

  “ང་ལ་མི་དགའམ།”

  “… …”

  དོན་དུ། ང་རང་ལས་གྲོགས་སྒྲོལ་མ་ལ་དགའ་མིན་དེ་ངས་ཀྱང་མི་ཤེས།

  སྒྲོལ་མས་ཉི་འོད་ཀྱི་ཧྲག་བར་ནས་རྣམ་ཀུན་མོའི་སྲུང་འཁོར་ལྟ་བུར་གྱུར་པའི་མཛེས་སྤྲས་ཀྱི་ཡོ་བྱད་འཇུག་སའི་སྒམ་ཆུང་དེ་ལས་མེ་ལོང་ཆུང་ཆུང་གཅིག་ཕྱིར་བླངས་ཏེ། མོའི་རྣམ་ཤེས་ཀྱི་དབང་བོ་མེ་ལོང་ཆུང་ཆུང་དེར་ཞུགས་སོང་བ་འདྲ་སྟེ། གྲག་མེད་འགུལ་མེད་དུ་ལུས་སོང་། དེ་ལྟར། ཇ་ཡུན་གཅིག་གི་དུས་ཙམ་འགོར་རྗེས། མོས་ལག་གི་མེ་ལོང་དེ་ཡང་བསྐྱར་སྒམ་ཆུང་དེར་བཅུག

  “སྟོད་ལྭ་མདོག་ཅན་དེ་རིགས་བུད་མེད་ཚོའི་གྱོན་ཆས་མ་ཡིན་ནམ། དང་ཐོག་ཚོང་ཁང་གི་མེ་ལོང་མདུན་ནས་ལྟ་ཡག་མ་བྱས་སམ།”

  “སྦྱིན་བདག་མས་སྟོད་ལྭ་འདི་ང་ལ་འཚམ་རབས་བརྒྱ་བཤད་མཐར། ཚོང་ཁང་དེ་གའི་མེ་ལོང་མདུན་ནས་ཡང་དང་བསྐྱར་དུ་བལྟས་མཐར། འདི་བདམས་པ་ཡིན།”

  “… …”

  ཉིན་གུང་གི་ཉི་མས་སུ་ཞིག་ལ་གཞའ་བ་ལྟར། སྤྲིན་རིམ་དུ་ཡིབ་ཅིང་། གྲོང་ཁྱེར་གྱི་ཁང་བརྩེགས་རེ་རེའང་དུ་སྨུག་སྟུག་པོ་ཞིག་གིས་བཏུམས་ཤིང་།ངའི་མདུན་ཕྱོགས་ཀྱི་སྐྱ་རེངས་སྲང་ལམ་དང་བདེ་སྐྱིད་ལམ་གྱི་སྣོལ་མཚམས་ཏེ། བཞི་མདོའི་འགྲིམ་འགྲུལ་གྱི་བརྡ་དོན་གློག་གི་ཁ་དོག་ཀྱང་རབ་རིབ་ཏུ་གྱུར་པས། འགྲིམ་འགྲུལ་ཁ་ལོ་པ་དག་གིས་ཀྱང་སྔ་གཞུག་གི་བར་ཐག་དེའང་རླངས་འཁོར་གྱི་མེ་ལོང་དེ་ལ་བརྟེན་ཏེ་མདུན་དུ་བསྐྱོད་ཀྱིན་མཆིས།

  གལ་ཏེ། རླངས་འཁོར་གཅིག་ལ་མེ་ལོང་མེད་ཚེ། བར་ཐག་ཅེས་པ་དེའང་མེད་ཨང་། དེ་ལྟར་ན། མཇུག་འབྲས་ཅི་ཞིག་འབྱུང་ངམ།

  ངས་གཞུང་ལམ་གྱི་བཞི་མདོ་དེ་ནས། འོ་འཛིན་ཟུང་རབ་ཏུ་སྨིན་པའི་བུད་མེད་དེ་ཡང་བསྐྱར་མིག་གིས་འཚོས་ཀྱང་། ངའི་མིག་ལམ་དུ་སྨུག་སྲབ་བུ་ཞིག་གིས་གཏིབ་པས། ཅི་ཡང་རྙེད་མ་བྱུང་།

  དེ་ལྟར། ངས་ཀྱང་མི་ཚོགས་དང་རླངས་འཁོར་གྱི་འུར་ཟིང་རྒྱབ་ལོགས་སུ་བསྐྱུར་ཏེ། རང་གིས་བཙལ་བའི་ཁང་རྙིང་དེའི་གུད་དུ་འཛུལ་ནས་ལུས་ཀྱི་ལྗིད་ཚད་དེའང་འབོལ་ཁྲི་དེའི་གུད་དུ་ཕོག་སྟེ་གསེག་ཉལ་བྱས་ནས་གཉིད་ཀྱང་། གཉིད་ཅེས་པའི་ཐ་སྙད་དེ་དེར་མི་ཤོང་བའམ། ཡང་ན། རྡོ་ལ་རྡོ་མལ་དང་ས་ལ་ས་མལ་ཞེས་པ་བཞིན་དུ། མལ་ཁྲི་ཡོད་བཞིན་དུ་ང་རང་ཅིའི་ཕྱིར་འབོལ་ཁྲི་འདིའི་གུད་དུ་ལྷུང་བ་ཡིན་ནམ། ཡང་ན། སྒྱིད་ལུག་གི་གོམས་གཤིས་གང་ཞིག་གིས་ང་རང་འབོལ་ཁྲི་འདིའི་གུད་དུ་བཅུག་པ་ཡིན་ནམ། དེ་ལྟར། རང་གིས་རང་ལ་འཁང་ར་དང་ཅོ་འདྲི་བྱས་མཐར། འཕྲལ་མར་འབོལ་ཁྲི་དེའི་གུད་ནས་ཡར་དགྱེ། རེད་དེ།སྒེའུ་ཁུང་གམ་གྱི་མལ་ཁྲི་དེ་མཐོང་ལམ་དུ་ཟིན་ཀྱང་། ལུས་ཀྱི་ལྗིད་ཚད་དམ།ཡང་ན།ངལ་དུབ་ཀྱི་འཁུར་བོའམ་སྒྱིད་ལུག་གི་གོམས་གཤིས་ཤིག་གིས་མལ་ཁྲི་དེའང་མཐོང་ལམ་ནས་ཡལ་བར་གྱུར། དེ་དུས། ཁ་གཏད་ཀྱི་མེ་ལོང་དེར་འཆར་བའི་རང་གཟུགས་ཀྱིས་རང་ཉིད་ལ་སྡོངས་གྲོགས་མཛད་དེ། ཁང་རྙིང་དེའི་མཛེས་པ་དང་ལྷིང་འཇགས་བསྒོམས་ནས་བསྡད།

  ངོ་མ། འདི་ལྟར་ཇ་ཡུན་གཅིག་གི་དུས་ཙམ་འགོར་ཙ་ན། ངའི་དྲན་ངོགས་ཀྱི་མེ་ལོང་ལས་ལས་གྲོགས་སྒྲོལ་མའི་བཟོ་ལྟ་དང་། མེ་ལོང་ཆེད་ཚོང་ཁང་ནས་འཕྲད་པའི་བུད་མེད་དེའི་ལག་གི་མེ་ལོང་དུ་འཆར་བའི་མོའི་སྐྱེ་གཟུགས་དེ་ངའི་དྲན་ངོགས་གང་ནས་སྲུབས་ཀ་བརྟོལ་ཏེ་འཇུར་འོང་། ལན་རེར། ངའི་ཁ་གཏད་ཀྱི་མེ་ལོང་ངོས་སུ་འཆར་བའི་གཟུགས་བརྙན་དེ་ནི་གཞུང་ལམ་གྱི་བཞི་མདོ་ནས་འཕྲད་པའི་བུད་མེད་དེ་ཡིན་ན་ཅི་མ་རུང་སྙམ།

  ད་ལྟ། བུད་མེད་དེ་མེ་ལོང་ཆེན་མོ་དེའི་མདུན་དུ་ག་ལེར་འགྲེང་སྟེ། གསར་དུ་ཉོས་པའི་གྱོན་པ་ཞིག་ལ་ཚོད་ལྟ་བྱེད་ཀྱིན་ཡོད་དམ། ཡང་ན། གདོང་ལ་བབས་པའི་གཉེར་མ་རེ་རེ་མཐོང་སྟེ། རང་སེམས་སྙི་མོ་ཐང་ལ་བཞག་སྟེ་འབོལ་ཁྲིའམ་མལ་ཁྲིའི་སྟེང་དུ་གན་རྐྱལ་ཏུ་ཉལ་ཏེ། རྒས་གཉེར་གྱི་རླབས་རིས་དེའི་བཅོས་ཐབས་ཡག་ཤོས་གང་ཡིན་པ་སོགས་ཁ་པར་དུ་འཚོལ་གྱིན་ཡོད། ཐ་ན། ཁྱིམ་ཚང་གི་ལས་ཡོད་དོ་ཅོག་བསྐྱུར་ཏེ། ཟླ་ངོ་གཉིས་གསུམ་ཙམ་རིང་གི་ཟླ་ཕོགས་ལ་བརྗེས་པའི་ངོ་སྣུམ་དང་སྐྲ་འཁྲུད། སྐག་ཚོས་དེ་དག་མེ་ལོང་འཁྲིས་སུ་སྤུངས་ཏེ། གོ་རིམ་ལྟར་མཛེས་སྤྲས་བྱེད་ཀྱིན་ཡོད་ཨང་སྙམ།

  དོན་དུ། ངའི་ཁ་གཏད་ཀྱི་མེ་ལོང་དེའང་། མེ་ལོང་ཆེད་ཚོང་ཁང་ནས་འཕྲད་པའི་བུད་མེད་དེའི་ལག་གི་མེ་ལོང་དེ་ཡིན་པར་སྒོམ་ཞིང་། དེར་འཆར་བའི་གཟུགས་བརྙན་ཀྱང་བུད་མེད་དེ་ཡིན་པར་བསྒོམས་ཏེ་ཡུན་རིང་འགོར་བ་མ་ཡིན་ནམ།

  ཐ་ན། མེ་ལོང་ལས་འཆར་བའི་བྱ་དངོས་ཡོད་དགུའང་མཛེས་སྤྲས་ཞུགས་པའི་བུད་མེད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་བས། མེ་ལོང་དེའི་ཕར་ངོགས་ཀྱི་ཁྱིམ་ཚང་དང་།དེ་གའི་མེ་ལོང་དུ་འཆར་བའི་ཁྱིམ་ཚང་གི་འཚོ་བའི་བརྙན་རིས་ཤིག་མིག་ལམ་དུ་གློག་བརྙན་བཞིན་འཆར་འོང་། ཡིན་ཏེ། ངའི་སྟེང་འོག་དང་གཡས་གཡོན་གྱི་ཁྱིམ་ཚང་རེར་ཅིས་ཀྱང་མེ་ལོང་རེ་ཡོད་ལ། ཐ་ན། གཞིས་ཁུལ་འདི་དང་གྲོང་ཁྱེར་འདིའི་ཁྱིམ་ཚང་རེ་རེར་མེ་ལོང་རེ་ཡོད་ངེས་ཏེ། མེ་ལོང་དུ་འཆར་བའི་གཟུགས་བརྙན་ཀྱང་འབུམ་ཕྲག་ལྷག་ཡོད་ངེས། འོན་ཏེ། དེ་དག་གིས་རང་ཉིད་ཀྱི་རང་གཟུགས་རྣལ་མ་དེའང་བཏང་སྙོམས་སུ་བཞག་སྟེ། ཚུལ་འཆོས་ཀྱི་གདོང་འབག་ཅིག་གྱོན་ཏེ། འཇིག་རྟེན་གྱི་དཀར་ངོགས་སུ་རྦབ་རྡོ་བཞིན་འགྲིལ་གྱིན་ཡོད་པ་མ་ཡིན་ནམ་སྙམ།

  དེ་ལྟར། ངའི་དྲན་པ་རབ་རིབ་དེས་བློས་བསླངས་བྱས་པའི་གཟུགས་བརྙན་དེས་ང་ལ་ཚེ་སྲོག་གི་ཕྲ་ཕུང་བསྩལ་པ་ལྟར་འཕྲལ་མར་འབོལ་ཁྲི་ལས་སྒྱིད་ལུག་གི་གོམས་གཤིས་དང་ངལ་དུབ་ཀྱི་སྣང་བ་དེ་བསྐྱུར་ཏེ། གྱང་ངོས་སུ་བཀལ་བའི་མེ་ལོང་དེའི་མདུན་དུ་ཕྱིན།དེར་འཆར་བའི་གཟུགས་བརྙན་ལ་འཁང་ར་དང་མཆིལ་ཞགས་འཕངས་ལ། ལན་རེར། དྲན་ངོགས་ཀྱི་མེ་ལོང་དུ་འཇའ་མཚོན་བཞིན་འཁྱུད་འོང་བ་ནི། རྐང་བའི་རྡོག་པ་གཉིས་ལ་བརྟེན་ཏེ་འཚོ་བཞིན་པའི་ང་རང་ནི།ཆུ་རྡོ་གཅིག་ཏུ་ཁས་འཆེ། ཐ་ན། ལས་གྲོགས་སྒྲོལ་མས་ཀྱང་ང་རང་མོར་དགའ་རབས་བཤད་པ་དེའང་། མོར་ང་ལ་ཆ་རྒྱུས་མེད་པའི་དན་རྟགས་སུ་བསྙད་ཆོག དྲང་མོར་བཤད་ན། མོས་ཀྱང་རང་ཉིད་ལ་རྒྱུས་ལོན་གྱི་མེད་པ་འདྲ་སྟེ། མོས་མཐོང་བའི་རང་ཉིད་ནི་མོའི་རང་གཟུགས་རྣལ་མ་དེའི་ཚུལ་འཆོས་འབའ་ཞིག་ཡིན་པས་རེད།

  ཞིབ་ཏུ་བསམས་ན། ང་རང་གྲོང་ཁྱེར་ག་ལ་བ་འདིའི་གྲུ་ཟུར་གང་རུང་དུ་འཐམས་པའི་དུས་དེ་ནས་བཟུང་། ངས་ཀྱང་རང་ཉིད་ཀྱི་རང་གཟུགས་རྣལ་མ་དེ་མཐོང་མ་བྱུང་། བདེན་ཏེ། རྣམ་ཀུན་ལས་ཚོགས་སུ་འགྲོ་ཁར་མེ་ལོང་མདུན་ནས་ཆུ་ཚོད་ཕྱེད་ལྷག་བཏང་བ་མ་ཡིན་ནམ། ཡིན་ནའང་།རང་གཟུགས་རྣལ་མ་དེ་ད་དུང་རྙེད་མ་བྱུང་། དེ་ལྟར། མེ་ལོང་དང་ཉེ་བར་བཅར་ཐེངས་ཤིག་གིས་མེ་ལོང་ཆེད་ཚོང་ཁང་དེའི་སྦྱིན་བདག་མས“ཁྱེད་ལ་མེ་ལོང་གྲུ་བཞི་དབྱིབས་ཅན་འདི་འཕྲོད་པོ་འདུག”ཅེས་པ་དྲན་པའི་མེ་ལོང་ལས་འཆར་འོང་། ཏག་ཏག་སྐབས་ཐོག་འདིར། ངའི་བསམ་ཚོད་ཅིག་ལ་མི་ཡུལ་འདིར་མི་རེ་རེར་མེ་ལོང་མི་གཅིག་པ་རེ་ཡོད་པ་ཨེ་ཡིན་སྙམ། འོན་ཏེ། དེ་ལྟར་དུ་ཡིན་ཚེ། ཁོ་ཚོས་རང་གི་བྱད་གཟུགས་ངོ་མ་དེ་མཐོང་གིན་ཡོད་དམ། དེའི་མུར།ང་རང་གཅེར་རྗེན་དུ་བུད་དེ་མེ་ལོང་ངོས་ནས་རང་གཟུགས་ངོ་མ་དེར་ཅེར་ཀྱང་། ཡིན་ནའང་། ངས་ཇི་ལྟར་བཙལ་ཀྱང་རང་གཟུགས་རྣལ་མ་དེ་ད་དུང་རྙེད་མ་བྱུང་། ངའི་བསམ་ཚོད་ཅིག་ལ་རང་ཉིད་ཀྱི་རང་རྣམ་ངོ་མ་སྲུང་མཁན་དེ་རང་ཉིད་ཀྱི་གྲིབ་གཟུགས་མ་ཡིན་ནམ་སྙམ།དེ་ལྟར།མདུན་གྱི་མེ་ལོང་ངོས་སུ་ཧད་དེ་ལུས། རེད་དེ། མེ་ལོང་ངོས་ཀྱི་གཟུགས་བརྙན་དེར་སྡེར་མོ་ཐོགས་པ་ལྟར་ངའི་སྟེང་དུ་བསྲིངས་ཏེ། “ང་ལ་འཁང་ར་བྱེད་མི་དགོས། ང་ནི་རྣམ་ཀུན་ཁྱེད་ཀྱི་ཚུལ་འཆོས་ཀྱི་རང་གཟུགས་དང་འཚོ་བ། གསང་བ་སྲུང་མཁན་དེ་ཡིན།”ཅེས་ངའི་སྟེང་དུ་ཅེར་འདུག་ཅིང་། དེ་དུས།ང་རང་དངངས་སྐྲག་ཅིག་སྐྱེས་ཏེ་རང་ཉིད་ཀྱི་དབུགས་ཀྱི་རྒྱུ་བའང་ཆད་ཨེ་འགྲོ་སྙམ་པའི་སེམས་ཁུར་གཅིག་ཀྱང་མེ་ལོང་གི་གྲུ་ཟུར་གང་ནས་འཇུར་འོང་།

  ཡིན་ཏེ། རྣམ་ཀུན་ལས་ཚོགས་སུ་འགྲོ་ཁར་མེ་ལོང་འདི་དང་མཇལ་འཛོམས་བྱེད་པ་དེའང་སྤྱི་འགྲོས་ལྟ་བུར་གྲུབ་འདུག གཞིས་ཁུལ་འདིའི་ཁྱིམ་ཚང་རེ་རེ་དང་། ཐ་ན། མཐོ་སྒང་འདིའི་གྲུ་ཟུར་གང་རུང་ན་འཚོ་བཞིན་པའི་མི་ག་ལ་བ་དེ་དག་ལ་སྤྱི་འགྲོས་འདི་ལྟ་བུ་ཡོད་མེད་ལ་བསམ་བློ་བཏང་།

  ལན་རེར། མདོ་དབུས་མཐོ་སྒང་གི་ལྟེབ་ཁུག་གང་ན་འཚོ་བཞིན་པའི་མི་ག་ལ་བ་རེ་རེ་ཡིད་ངོར་འཆར་འོང་ཞིང་། དེའི་མུར། ཁོང་ཚོའི་ཚུལ་འཆོས་བྲལ་བའི་དྭངས་གསལ་གྱི་མིག་མདངས་དང་རང་གཤིས་ལ་བསམ་ཏེ། གྲོང་ཁྱེར་གྱི་གྲུ་ལོགས་གང་རུང་ན་རུལ་གྱིན་པའི་ང་ལྟ་བུ་གང་མང་ལ་ཞེ་སྤོ་གཏིང་ནས་ལང་སྟེ་ཁ་སྤོ་ཁ་ནས་ལང་འོང་བ་དེ་ཡིན་ཨང་།

  དྲང་མོར་བཤད་ན། མི་ཡུལ་འདིར་རླངས་འཁོར་དང་འཕྲུལ་རྟ་ལྟ་བུའི་མེ་ལོང་གིས་ད་གཟོད་རང་ཉིད་ཀྱི་རང་གཟུགས་ངོ་མ་དེ་སྲུང་ཡོད་པ་མ་ཡིན་ནམ།དེ་བས།བར་ཐག་ཅེས་པ་དེ་སྲུང་འཛིན་བྱས་ཡོད་པ་མ་ཡིན་ནམ། འདི་ནི་ད་གཟོད་ངའི་གཏམ་རྒྱུད་འདིའི་འགོ་རྩོམ་ས་དེ་ཡིན།

  རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། 2021ལོའི《ཇོ་མོ་གླང་མ》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མེ་ལོང་།

2023-04-01 རྡོ་རྗེ་དོན་གྲུབ།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།