ང་ཚོའི་ཁོར་ཡུག་གི་ཉེན་བརྡ།

          མངོན་ཚུལ་རིགས་ཤིག
ཚེ་རིང་ནོར་བུའི་སྐད་ཡིག་དཀྱིལ་རྒྱུགས་ཀྱི་
      ཐོབ་སྐར་༩༢ཡིན་མོད།
མིང་རིམ་ནི་འཛིན་གྲྭ་ཡོངས་ཀྱི་ཆེས་ཐ་མ་རེད་འདུག

          བར་ཁྱད།
ཉི་མ་ལྷ་མོ་གནས་ལ་འགྲོ་བའི
སྐེ་རྒྱན་རྡོ་ཡིན་ཅིང༌།
ཧྭ་པ་ཧྥེ་ཧྥེ་ཁྲོམ་ལ་ཕེབས་པའི
མགུལ་རྒྱན་གསེར་ཡིན།

      མིག་དང་དེའི་རིན་ཐང༌།
མིག་དགུ་ཅན་གྱི་གཟི་ཞིག་ལ་སྒོར་ཁྲི་ཚོ་ལྔ་ཡིན།
མིག་བཞི་ཅན་གྱི་ཁྱི་ཞིག་ལ་སྒོར་སྟོང་ཚོ་ལྔ་ཡིན།
མིག་གཉིས་ཅན་གྱི་མི་ཞིག་ལ་སྒོར་བརྒྱ་ཚོ་ལྔ་ཡིན།

     ནོར་བཅོས་གལ་ཆེན་ཞིག
རླན་གཤེར་ཕོར་བ་གང་དེ་ནི།
ལྷ་ལ་ལྟོས་ན་བདུད་རྩི་ཡིན།
མི་ལ་ལྟོས་ན་བདུད་རྩི་ཡིན།
ཡི་དྭགས་ལ་ལྟོས་ན་བདུད་རྩི་ཡིན།
དེ་ཙམ་དུ་མ་ཟད།
ལྷ་ལ་ལྟོས་ན་བདུད་རྩི་ཕོར་བ་གང་ཡིན།
མི་ལ་ལྟོས་ན་བདུད་རྩི་ཟོ་བ་གང་ཡིན།
ཡི་དྭགས་ལ་ལྟོས་ན་བདུད་རྩིའི་རྒྱ་མཚོ་ཞིག་ཡིན།

      བསླབ་བྱ་གསར་བ།
ད་ལྟ་ང་ཚོར་ཅི་ཡང་རུང་བ་འདྲ་མོད།
མི་རུང་བའང་ཡོད་དེ།
སྤྲང་པོ་ལ་མང་སྦྱིན་བྱེད་མི་རུང༌།
བགོས་སྐལ་ལ་ཉུང་ལེན་བྱེད་མི་རུང༌།
གཞུང་ཟས་ལ་རིན་དངུལ་སྤྲོད་མི་རུང༌།
ད་དུང༌། རྒྱུས་མེད་ལ་རོགས་རམ་བྱེད་མི་རུང༌།
སྤྱི་ཇུས་ལ་སེམས་ཁྲལ་བྱེད་མི་རུང༌།
… …
གལ་ཏེ་དེ་ལྟར་བྱས་ཚེ།
རྐང་སྣམ་གྱི་འདོམས་རལ་ནས་འགྲོ་བ་ལྟར།
མཆུ་ཙུག་སྣ་གཉེར་མང་པོ་བྱེད་འོང༌།

 

རྩོམ་ཁུངས། དམངས་ཁྲོད་དུས་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོའི་ཁོར་ཡུག་གི་ཉེན་བརྡ།

2008-11-09 འཇུ་སྐལ་བཟང་། ཀློག་གྲངས། མཆན ཡོད།

          མངོན་ཚུལ་རིགས་ཤིག
ཚེ་རིང་ནོར་བུའི་སྐད་ཡིག་དཀྱིལ་རྒྱུགས་ཀྱི་
      ཐོབ་སྐར་༩༢ཡིན་མོད།
མིང་རིམ་ནི་འཛིན་གྲྭ་ཡོངས་ཀྱི་ཆེས་ཐ་མ་རེད་འདུག

          བར་ཁྱད།
ཉི་མ་ལྷ་མོ་གནས་ལ་འགྲོ་བའི
སྐེ་རྒྱན་རྡོ་ཡིན་ཅིང༌།
ཧྭ་པ་ཧྥེ་ཧྥེ་ཁྲོམ་ལ་ཕེབས་པའི
མགུལ་རྒྱན་གསེར་ཡིན།

      མིག་དང་དེའི་རིན་ཐང༌།
མིག་དགུ་ཅན་གྱི་གཟི་ཞིག་ལ་སྒོར་ཁྲི་ཚོ་ལྔ་ཡིན།
མིག་བཞི་ཅན་གྱི་ཁྱི་ཞིག་ལ་སྒོར་སྟོང་ཚོ་ལྔ་ཡིན།
མིག་གཉིས་ཅན་གྱི་མི་ཞིག་ལ་སྒོར་བརྒྱ་ཚོ་ལྔ་ཡིན།

     ནོར་བཅོས་གལ་ཆེན་ཞིག
རླན་གཤེར་ཕོར་བ་གང་དེ་ནི།
ལྷ་ལ་ལྟོས་ན་བདུད་རྩི་ཡིན།
མི་ལ་ལྟོས་ན་བདུད་རྩི་ཡིན།
ཡི་དྭགས་ལ་ལྟོས་ན་བདུད་རྩི་ཡིན།
དེ་ཙམ་དུ་མ་ཟད།
ལྷ་ལ་ལྟོས་ན་བདུད་རྩི་ཕོར་བ་གང་ཡིན།
མི་ལ་ལྟོས་ན་བདུད་རྩི་ཟོ་བ་གང་ཡིན།
ཡི་དྭགས་ལ་ལྟོས་ན་བདུད་རྩིའི་རྒྱ་མཚོ་ཞིག་ཡིན།

      བསླབ་བྱ་གསར་བ།
ད་ལྟ་ང་ཚོར་ཅི་ཡང་རུང་བ་འདྲ་མོད།
མི་རུང་བའང་ཡོད་དེ།
སྤྲང་པོ་ལ་མང་སྦྱིན་བྱེད་མི་རུང༌།
བགོས་སྐལ་ལ་ཉུང་ལེན་བྱེད་མི་རུང༌།
གཞུང་ཟས་ལ་རིན་དངུལ་སྤྲོད་མི་རུང༌།
ད་དུང༌། རྒྱུས་མེད་ལ་རོགས་རམ་བྱེད་མི་རུང༌།
སྤྱི་ཇུས་ལ་སེམས་ཁྲལ་བྱེད་མི་རུང༌།
… …
གལ་ཏེ་དེ་ལྟར་བྱས་ཚེ།
རྐང་སྣམ་གྱི་འདོམས་རལ་ནས་འགྲོ་བ་ལྟར།
མཆུ་ཙུག་སྣ་གཉེར་མང་པོ་བྱེད་འོང༌།

 

རྩོམ་ཁུངས། དམངས་ཁྲོད་དུས་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།