མཐིང་མདོག་གི་སེམས་སྒྲ

སྟོན་མཇུག་གི་ཆར་བ་ཟིམ་ཟིམ།
ལྗོན་གསེབ་ཀྱི་ལམ་ཕྲན་ལྗན་ལྗིན།
ནམ་རྒྱུན་ལྗོན་ཚལ་འདིར་གོམ་པ་འཇོག་དུས།
དྲན་གདུང་གི་ཤུགས་རིང་[སྟོན་རླུང་གྲང་མོར་འགྲན།
ཡིན་སེམས་ཀྱི་སྡོང་ལོ་ས་ལ་ལྷུག་ལྷུག་ཟགས།

དགོད་སྒྲ་ལྟར་རྒྱུན་མར་བཞུར་བའི་ཆུ་ཕྲན།
ཁྱོད་ལུས་ལྟར་ལྡེམ་ཞིང་མཉེན་པའི་ལྗོན་ཚོགས།
ཁྱོད་མཆུ་བཞིན་བརླན་ཞིང་འཇམ་པའི་ནེའུ་གསིང༌།
ཨེ་དྲན་ནམ།
བརྩེ་དུང་གི་ཆུ་མིག་ཐོག་མར་བརྡོལ་སའི་རྒྱ་ལྕང་གི་ལྗོན་ཚལ་འདི།

ལྗོན་གསེབ་ཀྱི་ལམ་ཕྲན་རེ་རེར་རྐང་རྗེས་མནའ་ཚིག་བཞག་ཡོད་ལ།
མཉེན་ལྕུག་གི་སྡོང་རྩ་རེ་ན་ཞིམ་མངར་གཏམ་རྒྱུད་རེ།
གྲངས་མེད་ཀྱི་བགྲང་བྱ་དྲན་པའི་སྨུག་ཀློང་ལས་ཡལ།
ཀྱི་ཧུད།
བཟོད་དཀའ་བའི་འགྱོད་གདུང་མཆི་མའི་རྒྱུན་དུ་འགྲིལ།
ཟླ་གཞོན་ལ་འཆར་ནུབ་ཡོད་པ་སུས་ཀྱང་ཤེས།
འཆར་ནུབ་དེ་འཕེལ་འགྲིབ་ཡིན་པ་ཁོ་བོས་བརྗེད།
ལོ་དེའི་སྟོན་ཁར་ཆར་ཞོད་མོད་ཅིང་མང༌།
སྟོན་དེའི་འཛིན་མ་སྨུག་པས་བཏུམས་ཤིང་འཐིབས།
སྨུག་མུན་གྱིས་བསྒྲིབས་པའི་བྱང་ཐང་དེ་ནས།
ཁྱོད་ཀྱི་རྡོག་སྒྲ་བོར།
འདབ་རྫབ་ཀྱིས་བརྫིས་པའི་ལམ་ཕྲན་དེ་ནས།
ཁྱོད་ཀྱི་འཛུམ་རིས་ཡལ།
ཨ་ཡ།
དྲན་པའི་མཚམས་སྤྲིན་ཡང་ནས་ཡང་དུ་ཤར་ཞིང༌།
དུང་ཞེན་གྱི་ཉི་འོད་གསལ་ནས་གསལ་དུ་གྱུར་ཡང༌།
དྲག་བརྡོལ་གྱི་ཆར་བ་འབབ་ཐེངས་དེས།
རྙོག་ཅན་གྱི་ཆུ་བོ་ཆེ་ནས་ཆེ་རུ་རྒྱས་ཤིང༌།
སྐྱོ་སྡུག་གི་སེམས་གཉིས་ཆུ་ངོགས་དང་ཆུ་ངོགས་སུ་བཞག་འདུག

སྟོན་མཇུག་གི་ཆར་བ་ཟིམ་ཟིམ།
ལྗོན་གསེབ་ཀྱི་ལམ་ཕྲན་ལྗན་ལྗིན།
ཡིད་སེམས་ཀྱི་སྡོང་ལོ་ས་ལ་ལྷུག་ལྷུག་ཟགས།
དྲན་གདུང་གི་ཤུགས་རིང་སྟོན་རླུང་གྲང་མོར་འགྲན།
ནམ་རྒྱུན་ལྗོན་ཚལ་འདིར་གོམ་པ་འཇོག་དུས།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐིང་མདོག་གི་སེམས་སྒྲ

2008-11-05 དཔའ་རྩེ། ཀློག་གྲངས། མཆན ཡོད།

སྟོན་མཇུག་གི་ཆར་བ་ཟིམ་ཟིམ།
ལྗོན་གསེབ་ཀྱི་ལམ་ཕྲན་ལྗན་ལྗིན།
ནམ་རྒྱུན་ལྗོན་ཚལ་འདིར་གོམ་པ་འཇོག་དུས།
དྲན་གདུང་གི་ཤུགས་རིང་[སྟོན་རླུང་གྲང་མོར་འགྲན།
ཡིན་སེམས་ཀྱི་སྡོང་ལོ་ས་ལ་ལྷུག་ལྷུག་ཟགས།

དགོད་སྒྲ་ལྟར་རྒྱུན་མར་བཞུར་བའི་ཆུ་ཕྲན།
ཁྱོད་ལུས་ལྟར་ལྡེམ་ཞིང་མཉེན་པའི་ལྗོན་ཚོགས།
ཁྱོད་མཆུ་བཞིན་བརླན་ཞིང་འཇམ་པའི་ནེའུ་གསིང༌།
ཨེ་དྲན་ནམ།
བརྩེ་དུང་གི་ཆུ་མིག་ཐོག་མར་བརྡོལ་སའི་རྒྱ་ལྕང་གི་ལྗོན་ཚལ་འདི།

ལྗོན་གསེབ་ཀྱི་ལམ་ཕྲན་རེ་རེར་རྐང་རྗེས་མནའ་ཚིག་བཞག་ཡོད་ལ།
མཉེན་ལྕུག་གི་སྡོང་རྩ་རེ་ན་ཞིམ་མངར་གཏམ་རྒྱུད་རེ།
གྲངས་མེད་ཀྱི་བགྲང་བྱ་དྲན་པའི་སྨུག་ཀློང་ལས་ཡལ།
ཀྱི་ཧུད།
བཟོད་དཀའ་བའི་འགྱོད་གདུང་མཆི་མའི་རྒྱུན་དུ་འགྲིལ།
ཟླ་གཞོན་ལ་འཆར་ནུབ་ཡོད་པ་སུས་ཀྱང་ཤེས།
འཆར་ནུབ་དེ་འཕེལ་འགྲིབ་ཡིན་པ་ཁོ་བོས་བརྗེད།
ལོ་དེའི་སྟོན་ཁར་ཆར་ཞོད་མོད་ཅིང་མང༌།
སྟོན་དེའི་འཛིན་མ་སྨུག་པས་བཏུམས་ཤིང་འཐིབས།
སྨུག་མུན་གྱིས་བསྒྲིབས་པའི་བྱང་ཐང་དེ་ནས།
ཁྱོད་ཀྱི་རྡོག་སྒྲ་བོར།
འདབ་རྫབ་ཀྱིས་བརྫིས་པའི་ལམ་ཕྲན་དེ་ནས།
ཁྱོད་ཀྱི་འཛུམ་རིས་ཡལ།
ཨ་ཡ།
དྲན་པའི་མཚམས་སྤྲིན་ཡང་ནས་ཡང་དུ་ཤར་ཞིང༌།
དུང་ཞེན་གྱི་ཉི་འོད་གསལ་ནས་གསལ་དུ་གྱུར་ཡང༌།
དྲག་བརྡོལ་གྱི་ཆར་བ་འབབ་ཐེངས་དེས།
རྙོག་ཅན་གྱི་ཆུ་བོ་ཆེ་ནས་ཆེ་རུ་རྒྱས་ཤིང༌།
སྐྱོ་སྡུག་གི་སེམས་གཉིས་ཆུ་ངོགས་དང་ཆུ་ངོགས་སུ་བཞག་འདུག

སྟོན་མཇུག་གི་ཆར་བ་ཟིམ་ཟིམ།
ལྗོན་གསེབ་ཀྱི་ལམ་ཕྲན་ལྗན་ལྗིན།
ཡིད་སེམས་ཀྱི་སྡོང་ལོ་ས་ལ་ལྷུག་ལྷུག་ཟགས།
དྲན་གདུང་གི་ཤུགས་རིང་སྟོན་རླུང་གྲང་མོར་འགྲན།
ནམ་རྒྱུན་ལྗོན་ཚལ་འདིར་གོམ་པ་འཇོག་དུས།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།