གལ་ཏེ་ཁྱོད་རང་སྐྲག་ན།

གལ་ཏེ་ཁྱོད་རང་སྐྲག་ན།
བསམ་གཞིག་རིང་མོ་དེའི་རྒྱུན་ཐག་གཅོད་རན་ཡིན།
ནམ་ཞིག་མཇུག་འབྲས་སིལ་ཏོག་བཞིན་སྨིན་ཚེ།
ཁྱོད་རང་སྐྲག་པར་རྒྱུ་མཚན་ཡོད་མེད་སུ་ལ་འདྲི།

གལ་ཏེ་ཁྱོད་རང་སྐྲག་ན།
རི་བོའི་ཕ་རོལ་གྱི་སྨུག་ཀློང་ལ་རྒྱང་ལྟ་མི་བྱེད་པར་མཁྱེན།
མི་ཚེ་ནི་མ་གཞི་ནས་སྨུག་ཀློང་ཁྲོད་ཀྱི་རྫི་བོ་དེ་ཡིན་ཡང༌།
སྨུག་པ་ཡལ་ཚེ་རི་བོའི་ཕ་རོལ་ན་ད་དུང་རི་ཚོགས་ཡོད།

གལ་ཏེ་ཁྱོད་རང་སྐྲག་ན།
ཨ་སྔོན་གྱི་རྒྱ་ཁྱོན་ཅི་ཙམ་ཡོད་པར་དྲན་པ་མ་འཇོག
ནམ་མཁའི་ཁོང་གསེང་ན་རྒྱུ་བའི་སྤྲིན་པ་དེ་ཁྱོད་རང་མིན་པས།
གཤོག་པ་གཅིག་ཐོགས་ཡང་ཁྱོད་རང་ཤར་ལྷོ་གང་ལ་འཕུར།
གལ་ཏེ་ཁྱོད་རང་སྐྲག་ན།
ང་ལ་སྦྲེལ་བའི་ལག་རྡང་དེ་ལྷོད་རོགས།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གལ་ཏེ་ཁྱོད་རང་སྐྲག་ན།

2008-11-05 དཔལ་ལྡན། ཀློག་གྲངས། མཆན ཡོད།

གལ་ཏེ་ཁྱོད་རང་སྐྲག་ན།
བསམ་གཞིག་རིང་མོ་དེའི་རྒྱུན་ཐག་གཅོད་རན་ཡིན།
ནམ་ཞིག་མཇུག་འབྲས་སིལ་ཏོག་བཞིན་སྨིན་ཚེ།
ཁྱོད་རང་སྐྲག་པར་རྒྱུ་མཚན་ཡོད་མེད་སུ་ལ་འདྲི།

གལ་ཏེ་ཁྱོད་རང་སྐྲག་ན།
རི་བོའི་ཕ་རོལ་གྱི་སྨུག་ཀློང་ལ་རྒྱང་ལྟ་མི་བྱེད་པར་མཁྱེན།
མི་ཚེ་ནི་མ་གཞི་ནས་སྨུག་ཀློང་ཁྲོད་ཀྱི་རྫི་བོ་དེ་ཡིན་ཡང༌།
སྨུག་པ་ཡལ་ཚེ་རི་བོའི་ཕ་རོལ་ན་ད་དུང་རི་ཚོགས་ཡོད།

གལ་ཏེ་ཁྱོད་རང་སྐྲག་ན།
ཨ་སྔོན་གྱི་རྒྱ་ཁྱོན་ཅི་ཙམ་ཡོད་པར་དྲན་པ་མ་འཇོག
ནམ་མཁའི་ཁོང་གསེང་ན་རྒྱུ་བའི་སྤྲིན་པ་དེ་ཁྱོད་རང་མིན་པས།
གཤོག་པ་གཅིག་ཐོགས་ཡང་ཁྱོད་རང་ཤར་ལྷོ་གང་ལ་འཕུར།
གལ་ཏེ་ཁྱོད་རང་སྐྲག་ན།
ང་ལ་སྦྲེལ་བའི་ལག་རྡང་དེ་ལྷོད་རོགས།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།