ཁྱེད་ལ་བརྗོད་འདོད་ཀྱི་འོད་ལམ་ལམ་གྱི་སྐད་ཆ་དེ།(ཞར་བཀོད་གཅིག་ཡོད)

ལྷ་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-05

ཁྱེད་ལ་བརྗོད་འདོད་ཀྱི་འོད་ལམ་ལམ་གྱི་སྐད་ཆ་དེ
འོད་ལམ་ལམ་གྱི་མུ་ཏིག་གི་སྙན་ཤལ་བཞིན
བདག་གིས་སེམས་པའི་སྒྲོམ་བུར་ཡུན་རིང་ཉར

ལམ་གྱི་དཀྱོགས་མཚམས་སུ་ང་ཚོའི་མིག་མདངས་ཕན་ཚུན་འཕྲད
སེམས་ཀྱི་མཚོ་ངོས་སུ་ང་ཚོའི་སྐར་མ་ཕན་ཚུན་འཁྱུད
མཆུ་འདབ་ལ་སྔོན་མེད་ཞེན་ཆགས་ཤིག་འཛུམ་བཞིན
ཁྱེད་ཉིད་ཡང་ཟོར་དང་ལྡན་པར་ཁྱེད་ཀྱི་ལམ་དུ་སོང
ཕྱི་བལྟས་ཀྱི་མིག་མདངས་དེ་བདག་གིས་མཐོང་བའི་མོད
སྐྱེངས་པ་ལ་དུངས་པ་ཞིག་ཤར་བཞིན་ཁྱེད་ཉིད་ཀྱི་ལམ་དུ་སོང
ཁྱེད་ལ་བརྗོད་འདོད་ཀྱི་འོད་ལམ་ལམ་གྱི་སྐད་ཆ་དེ་ནམ་ཡང
ངའི་སེམས་པའི་ཆུ་གཏེར་གྱི་རླབས་ཀྱི་རྩེ་མོ་ན་མཆོང་ལྡིང་བྱེད
རྣམ་ཤེས་འབྲིད་པའི་དྲི་ཟ་མོ། དཔལ་གྱིས་སྒེག་པའི་མཁའ་འགྲོ་མ
ཁྱེད་ཉིད་བགྲོད་ལམ་གང་ཞིག་ན་འཇོ་སྒེག་དཔལ་གྱིས་སྐྱོད་དམ

ཞོགས་པའི་མཚམས་སྤྲིན་གྱི་གར་གྱིས་སྐྱོད
རྒོངས་ཀའི་ཉི་ཟེར་གྱི་མདངས་སུ་འཚེར

ནངས་མོའི་རྩྭ་མགོ་ན་འཚེར་བའི་ཟིལ་བ་རུ་ཆགས
ཆར་བ་བབས་རྗེས་སུ་བསྐྱོད་པའི་སྨུག་པ་རུ་རྒྱུ

ཁྱེད་ལ་བརྗོད་འདོད་ཀྱི་འོད་ལམ་ལམ་གྱི་སྐད་ཆ་དེས
ཟླ་འོད་འཕྲོ་བའི་ཆུ་ངོས་སུ་རྨི་ལམ་འཚོལ
རྩི་ཤིང་མྱུལ་བའི་མེ་ཁྱེར་བཞིན་འོད་སྣང་འགྱེད

འོད་སྣང་འཚེར་བའི་ལྷ་ལམ་གྱི་སྐར་མ་དེ
དངུལ་འོད་འཚེར་བའི་ཆུ་ཞབས་ཀྱི་ཟླ་གོར་དེ
ཁྱེད་ཀྱི་ཕྱག་མཐིལ་དུ་བཞག་ཚེ
ཁྱེད་ཀྱི་རྣམ་ཤེས་ལ་འོད་སྣང་འཚེར་རམ

འབྲིད་པ་ཆེ་བའི་རྨད་བྱུང་འཛུམ་མདངས་དེ
བསུང་ངད་ལྡན་པའི་མེ་ཏོག་ཨ་དཀར་དེ
ཁྱེད་ཀྱི་སེམས་པར་ཕུལ་ཚེ། ཁྱེད་ཀྱི་རྣམ་ཤེས་ལ་བཟི་སྣང་སྐྱེས་སམ

དམར་བོར་འབར་བའི་གཏན་གྱི་མེ་ལྕེ་བཞིན
ཁྱེད་ཀྱི་ཁ་བ་འབབ་པའི་དགུན་གྱི་འཚོ་བ་ལ
འོད་སྣང་དང་དྲོད་སྐྱིད་སྩོལ་བར་སྤྲོ་བ་ལ

                  དེ་ནི་ཁྱེད་ཡིན་ནམ།

ལྷོ་ནས་ཕེབས་པའི་ཁུ་བྱུག་གིས་མགྲིན་དབྱངས་གསར་དུ་འཁྲོལ་སྐབས
ཆུ་ངོས་སུ་ལམ་ལམ་འཚེར་བའི་ཉི་ཟེར་དེ
ཁྱོད་ཀྱི་ལྷད་མེད་འཛུམ་མདངས་ཡིན་ནམ

ཁ་བའི་མེ་ཏོག་སྟོང་འཇགས་ཀྱི་ཀློང་ལ་འཐོར་སྐབས
ལུང་བའི་འགག་འཕྲང་དུ་ཡལ་བའི་དྲིལ་བུའི་དབྱངས་སྙན་དེ
ཁྱེད་ཉིད་རྒྱང་དུ་སྐྱོད་པའི་གོམ་སྒྲ་ཡིན་ནམ

འཁྱགས་རོམ་རྒྱ་ལས་གྲོལ་བའི་ཆུ་ཕྲན་ཤང་ཤང་བཞུར་སྐབས
བདག་གི་སྐྲ་ལོར་བྱིལ་བྱིལ་མཛད་པའི་དྲི་བཞོན་དེ
ཁྱོད་ཀྱི་བརྩེ་ཞེན་གྱིས་ཁེངས་པའི་ཕྱག་མཛུབ་ཡིན་ནམ

རྐང་གླིང་གི་སྐད་སྒྲ་དཀན་གཟར་བྲག་ཅ་རུ་ལྡིར་སྐབས
གནའ་བོའི་གྲོང་སྡེ་ཡི་མཐོངས་ན་འཐིབས་པའི་དུད་སྨུག་དེ
ཁྱོད་ཀྱི་དྭངས་མཐའ་མེད་པའི་སྐྱོ་སྣང་ཡིན་ནམ

སྤུ་སྡུག་འདབ་ཆགས་ཡོད་ཚད་རྒྱང་དུ་འཕུར་སྐབས
མཛེས་སྡུག་གི་ནགས་ཚལ་ལས་ཐོར་བའི་སྡོང་ལོ་དེ
ཁྱོད་ཀྱིས་གཅིག་པུར་འཐེན་པའི་དངན་པ་ཡིན་ནམ

ལོ་ལེགས་ཀྱི་བསུང་ངད་རླུང་གིས་ཕྱོགས་བཅུར་འགྱེད་སྐབས
རྒོངས་ཀའི་ཉིན་བྱེད་ལས་གསེར་ལྟར་འཕྲོ་བའི་འོད་ཞགས་དེ
ཁྱོད་ཉིད་གནས་འདིར་འཁྲེང་བའི་ཕྱི་མིག་ཡིན་ནམ

འཁྱོལ་བར་དཀའ་བའི་མཚན་མོའི་འཆིང་རྒྱ་ལས་སླར་ཡང་གྲོལ་ཚེ
གངས་རྒྱན་མེ་ཏོག་གི་འདབ་མ་རུ་འཚེར་བའི་ཟིལ་ཐིགས་དེ
ཁྱོད་ཀྱིས་ངན་པར་རྨིས་པའི་རྨི་ལམ་གྱི་མཆི་མ་ཡིན་ནམ
ཆུ་གཏེར་འཇིངས་སུ་རླབས་ཀྱི་གར་སྟབས་གསར་དུ་འཕྱོ་སྐབས
བྱེར་བཞིན་པའི་མུན་པ་ལ་དགོད་པའི་ཐོ་རེངས་སྐར་ཆེན་དེ
ཁྱོད་ཀྱི་སྐྱ་རེངས་བསུ་བའི་འདྲེན་བྱེད་ཡིན་ནམ
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ལ་བརྗོད་འདོད་ཀྱི་འོད་ལམ་ལམ་གྱི་སྐད་ཆ་དེ།(ཞར་བཀོད་གཅིག་ཡོད)

2008-11-05 ལྷ་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།