གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས།

           A ཐོག་མའི་བསླུ་བྲིད།
ནུབ་ཕྱོགས་ཀྱི་གནམ་སའི་མཚམས་ནས་ཁྱེད་ཀྱི་ཟླ་བ་འཚེར།
བདག་ཡིད་ཀྱི་སྐར་ཚོམ་དེ་ཡང་ངང་གིས་མོག་པོར་གྱུར།
ཨེ་མ་གངས་དཀར་གྱི་ལྷ་མོ་ཡ།
ཁྱེད་དང་མཇལ་བའི་དུས་ནས་སུ་ཞིག་གི་བློ་ཁ་བདེ་མྱོང་ངམ།

བདག་གིས།
ལོ་རྒྱུས་ཀྱི་གླེགས་བམ་བསྐྱར་དུ་བཀླགས་ཤིང༌།
ལས་སྐལ་གྱི་བསམ་གཞིགས་བསྐྱར་དུ་བཙུགས་དུས།
འདས་དུས་ཀྱི་གཟུགས་བརྙན་སྐད་ཅིག་ལྷང་ངེར་བཀྲ
འབྱུང་འགྱུར་གྱི་མདུན་ལྗོངས་རབ་རིབ་གློ་བུར་འཁྱུགས།
དྲན་ཤེས་ཀྱི་རི་རབ་རྨང་ནས་ཉིལ་ལ་བརྩམས།
སྤྱིར་ན།
དཀའ་སྤྱད་ཀྱིས་གནས་འདིར་བསླེབས་ཚེ།
ཐམས་ཅད་རང་ལ་གཏོགས་དགོས་སྙམ།
འོན་ཀྱང༌།
བདག་གི་ཡོད་ཚད་རང་དབང་ན་མི་འདུག
ཁྱེད་ཀྱི་གསུང་རབ་དང་དཔའ་བོའི་ཕྱག་རྒྱ།
བདག རེ་སྒུག་དང་ཡི་རངས་ཁྲོད་ནས།
གོམ་པ་གང་རེ་གང་རེས།
མདུན་དུ་བསྐྱོད། ཡིན་ན་ཡང༌།
གནའ་བོའི་བགྲོད་ལམ་ད་ལྟ་གྲོག་མོར་གྱུར།
ཚེ་སྲོག་གི་ཕུང་པོ་དག་ཀྱང་འགྱུར་རྡོའི་གཟུགས་ཀྱིས་ཤི
ཡ་ཐོག་གི་ནགས་ཚལ་སྟུག་པོའི་གསེབ་ནས།
སྡོང་ལོས་ཤུ་སྒྲ་བསྒྲགས་པར་སྐྱི་རེ་གཡའ།
རྒྱ་སྟག་གི་ཐིག་ལེ། འབྲོང་རྒོད་ཀྱི་རྭ་ཁ།
བདག་གིས་དཀའ་བ་ཡོད་ཚད་ཁྱད་དུ་གསོད་ནུས།
འོན་ཀྱང༌། ཁྱེད་དང་འགྲོགས་པའི་ཐོབ་སྐལ་གྱིས་གཏན་དུ་དབེན་པ་འདྲ།
ཁྱེད་ཀྱིས། ཆོ་འཕྲུལ་སྒྱུ་མའི་གར་རམ་ཅི་ཞིག་གིས།
བདག ནམ་ཡང་མདུན་དུ་ཁྲིད།
ཨ་ཨ། ཁྱེད་ཀྱི་བསླུ་བྲིད། 

                Bདུས་ཚོད།
བར་སྣང་གི་སྐར་མདའ་ལོ་ཟླའི་འགྲོས་ཀྱིས་ལྷུང༌།
ཞག་གཅིག་གི་རྨི་ཐུང་སེ་གོལ་གཏོག་པའི་ཡུན།
སྐྲ་ཚོགས་ཀྱི་ཕྱེད་ཀྱང་སད་ཀྱིས་དཀར་བོར་བཀྲུས།
ཁྱེད་ལ་ཆགས་པའི་རྣམ་ཤེས་ཤིག
ཉིན་ནས་ཉིན་དུ་རྒུད་པའི་ལམ་ལ་ཞུགས།

                  Cགཏན་ཚིགས།
སེམས་ཀྱི་འདུན་པ་སྔར་ནས་བཅངས་ཡོད།
ཡིད་ཀྱི་སྟ་གོན་སྔར་ནས་བྱས་འདུག
(ཤིན་ཏུ་ཐོབ་དཀའ་བ་དེ།
ཤིན་ཏུ་ཐོབ་འདོད་ཆེ་བས)
ཁྱེད་དང་རེག་པའི་ཉིན་དེ་ནས་བཟུང༌།
ཁེར་རྐྱང་དང་བར་ཐག་གི་མྱ་ངན་ངང་གིས་འཁོར་ཡང༌།
བྱ་གླག་གིས་བཞག་པའི།
བྲག་ཐོག་གི་སྡེར་མོའི་དམར་དྲི་དང་བར་སྣང་གི
གཤོག་པའི་ཤུལ་རྗེས། ……བདག་གིས།
སྔར་ནས་ཚོར་ཞིང་བསམ་མྱོང༌།
ཁེར་རྐྱང་གི་སྡུག་གིས།
དཔའ་བོའི་གཟུགས་བརྙན་བསྐྲུན་པ་སུས་མ་མཐོང༌།

སེམས་ཀྱི་འདུན་པ་སྔར་ནས་བཅངས་ཡོད།
ཡིད་ཀྱི་སྟ་གོན་སྔར་ནས་བྱས་འདུག
(ཤིན་ཏུ་ཐོབ་དཀའ་བ་དེ།
ཤིན་ཏུ་ཐོབ་འདོད་ཆེ་བས)
ཁྱེད་དང་རེག་པའི་ཉིན་དེ་ནས་བཟུང༌།
དུས་ཚོད་དང་བར་སྣང་སིལ་བུར་གས་ནས།
ཐེ་རྡི་སིའི་གནའ་མཚོ་སླར་ཡང་བྲི་སྟེ།
གངས་ཀྱི་རྣམ་ཤེས་གསར་བ་ཞིག་སྐྱེ་ཞིང་འཕགས་ངེས་ལ།
བྲག་རྡོའི་བླ་སྲོག་རྒས་མེད་ཞིག་ཀྱང་འབྱུང་ཞིང་འཕེལ་སྲིད།
—འཁུན་སྒྲ་དང་ཟུག་གཟེར་གྱིས་ཅི་སྐྱོན།
ཨ་ཨ། ཁྱེད་ཀྱི་བསླུ་བྲིད།

                    Dལམ—གང་ནས། གང་ལྟར། གང་ལ… …
དམིགས་འབེན་མེད་ན་འགྲོ་ལམ་བྲལ་ཅིང༌།
འགྲོ་ལམ་གྱི་གཞུང་ནས་ཚེ་སྲོག་བསྲིངས་དགོས་ཡ།
བདག
གང་ནས་ཆས་པ།
ཀུན་གྱིས་མཁྱེན་ཀྱང༌།
ཇི་ལྟར་འོངས་པ།
སུ་ཞིག་གིས།
འདྲི་མྱོང༌།
དེ་ཡང་སྐབས་ཤིག་ལ།
བུད་མེད་ཀྱི་མཆི་མས་བདག་གི་འདོད་བློ་བརླན་ན་ཡང༌།
བརྩེ་དུང་གི་མེ་ཏོག་བདག་གི་སེམས་སུ་འཁྲེན་ན་ཡང༌།
ཁྱེད་དང་མཇལ་བའི་ཉིན་མོ་ནས་བཟུང༌། བདག་གིས།
ཡོད་ཚད་ཀྱི་ཡོད་ཚད་བཟོད་བསྲན་བྱེད་ཐུབ།
ད་ནི།
རི་ཚོགས་ཀྱི་བང་རིམ་གླུ་ངག་གིས་བརྟོལ་ནས།
རིགས་དྲུག་གི་ཡིད་དབང་སྨྱུག་རྩེ་ཡིས་བཀུག་ནས།
འཇིག་རྟེན་གྱི་སྐྱོ་གདུང་དང་མུན་པ་དྲུངས་ནས་དབྱུང་བར་འདོད།
(ཀྱེ། གཏན་ནས་གཏན་དུ་གཞན་ལ་བཤད་དགོས་པའི།
སྐད་ཆ། ཐོག་མར་རང་ལ་བཤད་དགོས་ཏེ།
ད་ནི་གཟུགས་སུ་གྲུབ་པ་འདི་ལགས།)
དམིགས་འབེན་མེད་ན་འགྲོ་ལམ་བྲལ་ཅིང༌།
འགྲོ་ལམ་གྱི་གཞུང་ནས་ཚེ་སྲོག་བསྲིང་དགོས་ཡ།
བདག
གང་ནས་ཆས་པ།
ཀུན་གྱིས་མཁྱེན་ཀྱང༌།
གང་གིས་བསྐྱལ་བ།
སུ་ཞིག་གིས།
བཤད་ཐུབ།
བདག་གི་ལམ་གྲོགས་ནི་ཆར་སྡོད་ཀྱི་བྱེའུ་ཡིན།
བདག་གི་ལམ་གྲོགས་ནི་ལྷག་བསམ་གྱི་གཤོག་ཟུང་ཡིན།
བདག་ལ་ཕུག་རོན་གྱི་ཚོགས་ཀྱིས་ཡང་ཡང་སྐྱེལ་མ་མཛད།
འོན་ཀྱང༌། སྟོན་རླུང་གིས་སྡོང་ལོ་དེད་ཅིང༌།
དགུན་གསུམ་གྱི་ཕོ་ཉ་ཉེ་དུས།
རྡུལ་སྨུག་གི་ཁྲོད་དུ། དུས་ཀྱི་འདབ་ཆགས།
རང་ཡུལ་ལ་ལོག་ཅིང༌། བདག་ལ།
ཡིད་སྨོན་དང་འདུན་མའང་བཅོལ།
བདག་ལ་མཚོན་ན།
སྐྱོ་སྣང་ནི་བདེ་སྐྱིད་ཅིག གོ་རྟོགས་ཤིག

                   Eལག་སྐྱེས།
ཁྱེད་གདོང་ལས་གྲུབ་པའི་སྙན་འཇེབས་སྤྲིན་གྱི་འགྱུར་ཁུགས།
ད་དུང་རྒྱང་ཐག་རིང༌།
ཁྱེད་གསུང་ལས་མཆེད་པའི་མཛེས་སྡུག་ཉིན་བྱེད་ཟེགས་མ།
ད་དུང་རྒྱང་ཐག་རིང༌།
རྒྱང་ཐག་རིང་ཡ་རྒྱང་ཐག་རིང༌། ཁྱེད་ཀྱི།
ཆ་ཤས་ཀྱི་ཆ་ཤས་དག་ཀྱང་ད་དུང་རྒྱང་ཐག་རིང་དོན་ཅི།

ཐག་རིང་ན།
ཁྱེད་ཀྱི་སྤྲིན་དཀར་བཀླུབས་པའི་སྐུ་ལུས།
ལྷུན་ཆགས། ལྐོག་གྱུར། གབ་ཚིག
ཟླ་གདོང་གི་དཀྱིལ་འཁོར་དུ་སྔར་བཞིན་ཡིད་སེམས་གཡོ།
—འཛུམ་བག་གི་ངོས་སུ་མིག་ཆུའི་དྲི་མ་འཐུལ་ན་ཡང༌།
—གདོང་རས་ཀྱི་བརྩེགས་རིམ་མཐུག་ནས་མཐུག་ཏུ་ཕྱིན་ན་ཡང༌།
བདག་གིས།
དམར་ཆུང་སེམས་པ་ལག་མཐིལ་ནས་མཐོ་རུ་བཏེགས།
མཐོ་རུ་བཏེགས་ཏེ། ཁྱེད་ལ་ཕུལ་དུས་ལོ་འདབ་རྒྱས།
ཡིད་སེམས་ནི་མ་གཞི་ནས།
ས་བོན་ཞིག་ཡིན་ལ་འབྲས་བུ་ཞིག་ཀྱང་ཡིན།
ཕྱི་ཕྱིར། ཕྱི་ཕྱིར།
བདག་ལུས་ཀྱི་བ་སྤུའི་མྱུ་གུ་ཕྱོགས་བཅུ་ནས་འབུས་ཤིང༌།
གསོན་ཤུགས་ཀྱི་འབྲས་བུའི་མགྲིན་གླུ་དབྱངས་སུ་གྱེར།
ལྗིད་ཏིག་ཏིག་གི་འབྲས་བུ་ཡ།
ཁྱེད་མིན་སུ་ལ་འབུལ།
ཨ་ཨ། ཁྱེད་ཀྱི་བསླུ་བྲིད།

               Fལྷ།
ལྷག་ཟེར་གྱི་དྲོད་འཇམ་ནུབ་རིས་བཀུག་ལ།
ས་སྲོད་ཀྱི་མཁའ་དབུགས་རབ་རིབ་ཡིན་ཀྱང༌།
ཉིན་མཚན་གྱི་དབྱེ་ཐིག་སྟེང་ནས་ཁྱེད་ཀྱི་འཇོ་སྒེག་གསལ།
བསྟོད་བསྔགས་དང་བཀུར་བསྟི་ངལ་བའི་རྒྱུ།
མཚན་སྙན་གྱི་བ་དན་དོན་གྱིས་དབེན།
དཔྱིད་དཔལ་གྱི་ལྗང་བུ་ཁྱེད་ཀྱི་དབང་དུ་གྱུར་ལ།
སྟོན་འབྲས་ཀྱི་བཅུད་ཀྱང་ཁྱེད་ཀྱི་དུས་ཚིགས་ཉིད།
ཁྱེད་རང་མ་གཞི་ནས་འཆར་ཡན་གྱི་སྙན་ཚིག་ཅིག་ལགས་ཏེ།
བདག་གི་ནི།
—སྒྲ་དབྱངས་ཀྱི་ལྷ་མོ་ཨོ།

             Gའདུན་པ།
བསླུ་བྲིད་ཀྱི་གསོར་འབིག་རིང་བོ་ཡ།
བདག་གི་ཡིད་མཚོའི་གཏིང་དུ་ཟུག
མ་ནོན་པའི་ཚོར་འདུ་ལུད་བྱུང༌།
ད་ལྟ་དུས་ལ་བསླེབས་བྱུང་ངམ།
བདག"མེལ་ཡའི་རྟགས་ཅན"གྱི་ནོར་ནག་ལ་བརྟེན་ནས།
དུས་རབས་ཉི་ཤུའི"ཀུ་ལུན་པུའུ"ཐེངས་ཤིག་བྱེད་ཆོག་པར་ཞུ།
(ཁྱེད་རང་སླར་དུ་གསན་མཐོང་བྱེད་ཆེད)
བདག ཏར་ཝུན་གྱི་གྲོགས་སུ་བསྡོངས་ནས།
ཁྱེད་ཀྱི་ཁོར་ཡུག་ལ་འཚོལ་སྡུད་ཀྱི་འགྲུལ་བཞུད་ཐེངས་ཤིག
བྱེད་ཆོག་པར་ཞུ། དེ་ལྟར་ལགས།
ད་ནི།
བདག་ལ་སྙན་ངག་གི་ཚེ་སྲོག་དང་ཚེ་སྲོག་གི
འཚོ་བཅུད། འཚོ་བཅུད་ཀྱི་ཤིས་པ་སྩོལ་ཅིག
རེ་ཞིག བདག་ནི།
མེ་དཔུང་གི་དྲོད་ཀྱིས་ཁྱེད་ཀྱི་བར་སྣང་ལ་སྦར་ཆོག་པར་ཞུ།
འཇའ་ཚོན་གྱི་ཚུལ་གྱིས་ཁྱེད་ཀྱི་བར་སྣང་ལ་སྤྲོས་ཆོག་པར་ཞུ།
བརྩེ་དུང་གི་དབྱངས་ཀྱིས་ཁྱེད་ཀྱི་སྙིང་ཁོང་ལ་སྒྲོག་ཆོག་པར་ཞུ།
ཨེ་མ།
གངས་དཀར་ལྷ་མོའི་བསླུ་བྲིད།
གངས་དཀར་གདོང་གི་སེང་རས… …
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས།

2008-10-30 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།