མིང་མེད།

ཉི་སྐུ་བདེ་ཆེན་རབ་བསྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-30

སྡིག་པ་ར་རྩ   ནག་པོ་ནག་རྐྱང
རྩིག་པའི་སྒང་ལ  གཉིད་ཁུག་པ་འདྲ

རྩིག་པ་དཀར་ནག  ཉི་གྲིབ་ལྟ་བུ
སེམས་ཀྱི་སྟོང་གསལ  སྣོད་བཅུད་ལ་ཕོག

ཉི་མ་ཟླ་བ  གཟིམ་སྒོའི་སྒང་ལ
བདེ་བ་མཚོན་བྱེད  ཡབ་ཡུམ་ཁ་སྦྱོར

ལྕང་མའི་འོག་ལ  མི་དང་ཆང་ཕོར
རྨི་ལམ་རྨི་བཞིན  འཛུམ་མདངས་དམུལ་ལེ

དལ་འབྱོར་རིན་ཆེན  ཐོབ་དཀའ་འཇིག་སླ
ཀྭ་ཡེ་སྤྲིན་པ  ཀ་ཡེ་ཉི་མ

ས་མ་འབྲོག་གི   གྲོང་གསེབ་འདི་ལ
ས་རུབ་ཚར་སོང  ཆང་ཕོར་སྟོང་བ

ཉོན་མོངས་གྲིབ་ནག  ཐོབ་དཀའ་འཇིག་སླ
ཀྭ་ཡེ་སྤྲིན་པ  ཀྭ་ཡེ་ཟླ་བ

སྒོ་རའི་སྟེང་ལ  ཀ་ཁ་ག་ངའི
ཡི་གེ་བྲིས་བཞག  ཡིག་རྨོངས་ཡིན་པས

རྣམ་བཅུ་དབང་ལྡན  དོན་ཟབ་མ་གོ
ཀྭ་ཡེ་སྤྲིན་པ  ཀྭ་ཡེ་སྐར་མ
            ༢༠༠༤ལོའི་ཟླ༥བར།
 

རྩོམ་ཁུངས། ཚགས་པར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིང་མེད།

2008-11-30 ཉི་སྐུ་བདེ་ཆེན་རབ་བསྟན། ཀློག་གྲངས། མཆན ཡོད།

སྡིག་པ་ར་རྩ   ནག་པོ་ནག་རྐྱང
རྩིག་པའི་སྒང་ལ  གཉིད་ཁུག་པ་འདྲ

རྩིག་པ་དཀར་ནག  ཉི་གྲིབ་ལྟ་བུ
སེམས་ཀྱི་སྟོང་གསལ  སྣོད་བཅུད་ལ་ཕོག

ཉི་མ་ཟླ་བ  གཟིམ་སྒོའི་སྒང་ལ
བདེ་བ་མཚོན་བྱེད  ཡབ་ཡུམ་ཁ་སྦྱོར

ལྕང་མའི་འོག་ལ  མི་དང་ཆང་ཕོར
རྨི་ལམ་རྨི་བཞིན  འཛུམ་མདངས་དམུལ་ལེ

དལ་འབྱོར་རིན་ཆེན  ཐོབ་དཀའ་འཇིག་སླ
ཀྭ་ཡེ་སྤྲིན་པ  ཀ་ཡེ་ཉི་མ

ས་མ་འབྲོག་གི   གྲོང་གསེབ་འདི་ལ
ས་རུབ་ཚར་སོང  ཆང་ཕོར་སྟོང་བ

ཉོན་མོངས་གྲིབ་ནག  ཐོབ་དཀའ་འཇིག་སླ
ཀྭ་ཡེ་སྤྲིན་པ  ཀྭ་ཡེ་ཟླ་བ

སྒོ་རའི་སྟེང་ལ  ཀ་ཁ་ག་ངའི
ཡི་གེ་བྲིས་བཞག  ཡིག་རྨོངས་ཡིན་པས

རྣམ་བཅུ་དབང་ལྡན  དོན་ཟབ་མ་གོ
ཀྭ་ཡེ་སྤྲིན་པ  ཀྭ་ཡེ་སྐར་མ
            ༢༠༠༤ལོའི་ཟླ༥བར།
 

རྩོམ་ཁུངས། ཚགས་པར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།