སྲིན་བུའི་མིག་ཆུ།

          —སློབ་དཔོན་ཆེན་པོ་བཤད་སྒྲུབ་མཆོག་ལ་རྗེས་དྲན་དུ།
གནའ་དུས།
མི་ཡུལ།
ཚེ་སྲོག་གིས་ཁེངས་ཡོད་པར་ངེས།
འདབ་ཆགས་ཀྱི་གླུ་སྒྲ་དང༌།
རྩི་ཤིང་གི་གར་སྟབས།
ནམ་མཁའ་ན་ད་དུང་ཡལ་མེད།

འོན་ཀྱང༌།
ང་མི་ཡུལ་དུ་བསླེབས་དུས།
ངའི་འཇིག་རྟེན་ན།
གྲང་རེག་གིས་གཟིར་བའི་སྡོང་རྒན་ཞིག་མ་གཏོགས་མེད……

ཐར་ཐོར་དུ་ལུས་པའི་ཤིང་ལོ་ལས།
ངས་མེས་པོའི་གཏམ་རྒྱུད་ལ་ཉན།
ལོ་མའི་ཟིལ་དངར་ལ་ལྕེ་ལྡག་དང༌།
ལོ་མའི་འཇམ་ཤ་ལ་མཆིན་པ་གླན་ནས།
ང་འཚར་ལོངས་བྱུང༌།
ད་ནངས་ཡང༌།
དྲག་ཏུ་ལྡང་བའི་རླུང་དམར་གྱིས།
ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག
ནམ་མཁའ་ལ་ཁྱེར།
མི་མངོན་པའི་དབྱིངས་ལ་ཁྱེར།

སྙིང་ལ་མི་བཟོད་པའི་ན་ཟུག་ལངས་ནས།
ང་སྡོང་རྩེ་ནས་ས་ལ་ལྷུང༌།
སྲིན་བུ་ཞིག་གི་མིག་ཆུས།
ལྗོན་ཤིང་གི་རྩ་བ་བརླན་པར་བྱས……
 
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིན་བུའི་མིག་ཆུ།

2008-11-27 རྒྱ་ཡེ་བཀྲ་བྷོ། ཀློག་གྲངས། མཆན ཡོད།

          —སློབ་དཔོན་ཆེན་པོ་བཤད་སྒྲུབ་མཆོག་ལ་རྗེས་དྲན་དུ།
གནའ་དུས།
མི་ཡུལ།
ཚེ་སྲོག་གིས་ཁེངས་ཡོད་པར་ངེས།
འདབ་ཆགས་ཀྱི་གླུ་སྒྲ་དང༌།
རྩི་ཤིང་གི་གར་སྟབས།
ནམ་མཁའ་ན་ད་དུང་ཡལ་མེད།

འོན་ཀྱང༌།
ང་མི་ཡུལ་དུ་བསླེབས་དུས།
ངའི་འཇིག་རྟེན་ན།
གྲང་རེག་གིས་གཟིར་བའི་སྡོང་རྒན་ཞིག་མ་གཏོགས་མེད……

ཐར་ཐོར་དུ་ལུས་པའི་ཤིང་ལོ་ལས།
ངས་མེས་པོའི་གཏམ་རྒྱུད་ལ་ཉན།
ལོ་མའི་ཟིལ་དངར་ལ་ལྕེ་ལྡག་དང༌།
ལོ་མའི་འཇམ་ཤ་ལ་མཆིན་པ་གླན་ནས།
ང་འཚར་ལོངས་བྱུང༌།
ད་ནངས་ཡང༌།
དྲག་ཏུ་ལྡང་བའི་རླུང་དམར་གྱིས།
ངའི་བྱང་ཆུབ་ཤིང་གི་ལོ་མ་ཞིག
ནམ་མཁའ་ལ་ཁྱེར།
མི་མངོན་པའི་དབྱིངས་ལ་ཁྱེར།

སྙིང་ལ་མི་བཟོད་པའི་ན་ཟུག་ལངས་ནས།
ང་སྡོང་རྩེ་ནས་ས་ལ་ལྷུང༌།
སྲིན་བུ་ཞིག་གི་མིག་ཆུས།
ལྗོན་ཤིང་གི་རྩ་བ་བརླན་པར་བྱས……
 
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།