ལག་པ་མང་པོ།

ལག་པ་མང་པོས་བྲེལ་བྲེལ་ཟིང་ཟིང་ངང་ནས
འཕྲོག་རེས་རྒྱག་གིན་འདུག   གསོད་རེས་བྱེད་ཀྱིན་འདུག

ལག་པ་མང་པོས   བཟོས་ཤིང་སླར་ཡང་གཏོར་གྱིན་འདུག
ལག་པ་མང་པོ   གྲིབ་མའི་ནང་ལ་བསྲིངས་འདུག

ལག་པ་མང་པོ་གྲིབ་མའི་ནང་ནས་ཚུར་བསྲིངས་འོངས
ཁ་ནང་ནས   བྲང་ཁ་ནས  མ་བསམ་ས་ཞིག་ནས་ཚུར་བསྲིངས་འོངས

ལག་པ་མང་པོའི་བདག་པོ་སུ་ཡིན་ནམ  ཡ་མཚན་པ་ནི
ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ཀྱང་ཁས་ལེན་མཁན་མ་བྱུང
                                      ༢༠༠༡.༤.༢༡ཉིན་པེ་ཅིང་དུ་མ་ཡིག་ཕབ།

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལག་པ་མང་པོ།

2008-11-25 ལྗང་བུ། ཀློག་གྲངས། མཆན ཡོད།

ལག་པ་མང་པོས་བྲེལ་བྲེལ་ཟིང་ཟིང་ངང་ནས
འཕྲོག་རེས་རྒྱག་གིན་འདུག   གསོད་རེས་བྱེད་ཀྱིན་འདུག

ལག་པ་མང་པོས   བཟོས་ཤིང་སླར་ཡང་གཏོར་གྱིན་འདུག
ལག་པ་མང་པོ   གྲིབ་མའི་ནང་ལ་བསྲིངས་འདུག

ལག་པ་མང་པོ་གྲིབ་མའི་ནང་ནས་ཚུར་བསྲིངས་འོངས
ཁ་ནང་ནས   བྲང་ཁ་ནས  མ་བསམ་ས་ཞིག་ནས་ཚུར་བསྲིངས་འོངས

ལག་པ་མང་པོའི་བདག་པོ་སུ་ཡིན་ནམ  ཡ་མཚན་པ་ནི
ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ཀྱང་ཁས་ལེན་མཁན་མ་བྱུང
                                      ༢༠༠༡.༤.༢༡ཉིན་པེ་ཅིང་དུ་མ་ཡིག་ཕབ།

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།