ཁ་མི་གྲག་པའི་གཏམ་རྒྱུད།

ཁྲི་གོང་ཨོ་རྒྱན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-25

                           —སྙིང་གཅེསG.Bལ་ཕུལ་བ།
       
       གཅིག
སེམས་ཁོང་དུ་རྒྱུ་བ་ཁ་སང་ཡིན་ལ།
རྨི་ལམ་དུ་མཐོང་བ་ཁྱེད་དང་ང༌།
མིག་ཟུང་དུ་ཆགས་པ་ཁྱོད་ཀྱི་སྙིམ་པ་ལས་འཆོར་བའི།
ཕྱི་དྲོའི་མཚམས་སྤྲིན་དང༌།
སྤྱན་གྱིས་གཟིགས་པའི་སྐད་གདངས་གཉིས།
སྙུག་མིང་ལ་འཁྱུད་པའི་སྒྲ་གཟུགས་དེས།
དུ་བའི་རྗེས་བསྙེགས་པ་མ་གཏོགས།
བློས་གཏོང་བའི་གཏམ་རྒྱུད་གཞན་མ་མཆིས།

            གཉིས།
ཆར་བ་ཟིམ་ཟིམ་དུ་འབབ་པའི་ཉིན་ཞིག་ལ།
ཁྱེད་ཀྱིས་ཁ་བྱང་མེད་པའི་གཏམ་རྒྱུད་དེར་ཁ་གཡར་ཏེ།
འདེགས་འཇོག་གི་རི་མོ་ཁོ་བོའི་སྙིང་དུ་བཏབ་པ་ནས་བཟུང༌།
མཆུ་སྒྲོས་ཞབས་ཟུང་གིས་བསྐོར་བའི་དུས་ཡུན་ཅོག
རྩྭ་ཐང་གི་ལྷ་སྒྲུང་ཞིག
             
            གསུམ།
ཆ་མི་འཚལ་བའི་དུས་དེ་ནས།
བརྩེ་དུང་གི་དུས་བཞིའི་སྤྱིལ་བུར།
ཁ་བ་དང་ལོ་མའི་བཀྲག་མདངས་བཀྲ།
དྲི་མས་མ་གོས་པའི་ཡོད་ཚད་ང་ལ་བྱིན་པས།
གཏམ་རྒྱུད་དུ་ཚུད་པ་སྡུག་བསྔལ་ལས།
བརླན་བྱུང་བའི་སྙན་ངག
ཆུང་ཆུང་ཙམ་ཡང་གཏམ་རྒྱུད་དུ་མ་གྲགས།

             བཞི།
ཕྱི་ཕྱག་གི་གཡབ་མོས་བཅད་པས།
བཞུར་མ་མྱོང་བའི་མིག་ཆུའི་ཕྲེང་རྡོག་དང༌།
འཆད་མ་མྱོང་བའི་སྟོན་ཁའི་གྲེ་འགྱུར་གྱི་གསང་བ།
ལོ་ཟླའི་ཞལ་ཁྱིམ་ལ་བབས་ཤིང༌།
ཁྱེད་ཀྱིས་ཀྱང༌།
ཁོ་བོའི་སྤྱན་ཟུང་ལ་གཏོགས་པའི་རྨི་ལམ་ཕྲོགས།
སྐར་ཆ་གཅིག་ཙམ་གྱི་ཡུན་ལ་ཡང༌།
ངེད་གཉིས་ཁ་མ་བྲལ།
སྐབས་རེ་རེར།
ཁྱེད་ཀྱིས་རྒྱང་རིང་ནས་བསྲིངས་པའི་ཡིག་ཆུང་དེ།
འཇམ་གཉེན་གྱི་ཕྱག་ཟུང་ལ་འཁྱུད་པའི་བརྩེ་བ་ཇི་བཞིན།
ཁོ་བོའི་སྙིང་ཁོང་དུ་རྩེན་པའི་ཁྱེད་ཀྱི་གཟུགས་བརྙན།
ཡིག་འབྲུའི་རྩིབས་མར་འཁྱུད་དེ་ཁྱེད་ལ་འཐམས་ཞིང༌།
སྐྱོང་གདུང་གི་སྙིང་རུས་དེའང་མིག་གཉིས་ལས་ཐུར་དུ་བབས་མྱོང་བས།
ཡུད་ཙམ་གྱི་ངལ་གསོ་ལས་ཁོ་བོར་དབང་བ་ནི།
དཔྱིད་ཀའི་བུ་ཡུག་དང་ཁང་སྟོང་དུ་འཁྱམས་པའི་རྣམ་ཤེས་མ་གཏོགས།
ཁྱེད་ཀྱི་མིང་ཙམ་བསྐྱར་བའི་སྐལ་བའང་མ་ཐོབ།
ཁྱེད་ནི་རྒྱང་རིང་དུ་སྡོད་པའི་ཁྱིམ་བདག་དང༌།
ཁོ་བོ་ནི་ས་མཐར་འཁྱམས་པའི་མགྲོན་པོ་ལགས་པས།
ཁོ་བོར་མཆིས་པ་ནི་ངེད་གཉིས་མཉམ་དུ་བསྡེབས་པའི་གཟུགས་བརྙན་ གྱི་འཇིག་རྟེན་ཙམ་མོ་

             ལྔ།
རྒྱང་རིང་དུ་གཟིགས་པའི་མི་ཚེ་དེ།
རྒྱང་རིང་དུ་བྲོས་པའི་་རྟ་མཆོག་གི་རྨིག་སྒྲ་ཇི་བཞིན།
ད་རུང་ཁ་གྲགས་མ་མྱོང༌།
              1989.12.26

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་མི་གྲག་པའི་གཏམ་རྒྱུད།

2008-11-25 ཁྲི་གོང་ཨོ་རྒྱན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།