དངུལ་དཀར་གྱི་རྣ་ལོང་མ།

གཡང་ནོར་བུ་རྒྱལ་མཚན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-25

བྱིའུ་ཚོགས་དང་ཉི་ཟེར་གྱི་འདབ་གཤོག་ངོགས།
རྣ་ལོང་མས། མེ་ཏོག་གི་གཞུང་རྟའི་བར་ནས་རྩེད་ར་བཟོ་བཞིན།
རྒྱུགས་ཐེངས་གཅིག་གིས་སྦྲ་ནག་ལ་ཕྱི་མིག་བསྐྱུར་དུས།
འབྲི་མོ་དང་བེའུ་གཤར་སའི་རྫ་ཟོམ་ན། རྣ་ལོང་མའི་ལང་ཚོ་རྒྱས་ཞིང༌།
འུར་ཆ་ཁྲ་མོས་རང་ཉིད་ཀྱི་ཉིན་སྲིབས་འཇལ།

ལྷག་བསམ་དང་བརྩེ་འདང་གི་ཕར་ངོས་སུ།
རྣ་ལོང་མས། གསེར་ཕྱེ་འབབ་པའི་རི་ཀླུང་རྩི་བཞིན།
མཛའ་གླུ་དང་དགུན་ཆང་གི་རུམ་ཁ་ཕྱེ་དུས།
དངུལ་དཀར་གྱི་རྣ་རྒྱན་ཆ་གཅིག རྣ་ལོང་མའི་རྒྱན་ཆ་རུ་གྱུར་ཞིང༌།
འཇིག་རྟེན་འདིའི་ཡོད་ཚད་མཛེས་སྡུག་གིས་བྲིས།

སྨོན་འདུན་དང་གླུ་སྐད་མང་པོའི་ཆང་ཁ་ནས།
རྣ་ལོང་མས། མཚན་ངོགས་ན་འདར་བའི་གནས་འགྲོ་ཚོའི་ལས་དབང་འཁུར་གྱིན།
བྱིས་སྒྲུང་དང་རི་གླུ་རྟ་གོང་ནས་སྐྱོར་དུས།
མགོ་དཀྲིས་དམར་པོའི་གྲུ་ཁུག་ན། རྣ་ལོང་མའི་མིག་ཆུ་འཕྱོ་ཞིང༌།
གཡུ་བྱུར་རྒྱབ་གང་གི་བསླུ་བྲིད་གྲང་བསིལ་བསིལ།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངུལ་དཀར་གྱི་རྣ་ལོང་མ།

2008-11-25 གཡང་ནོར་བུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

བྱིའུ་ཚོགས་དང་ཉི་ཟེར་གྱི་འདབ་གཤོག་ངོགས།
རྣ་ལོང་མས། མེ་ཏོག་གི་གཞུང་རྟའི་བར་ནས་རྩེད་ར་བཟོ་བཞིན།
རྒྱུགས་ཐེངས་གཅིག་གིས་སྦྲ་ནག་ལ་ཕྱི་མིག་བསྐྱུར་དུས།
འབྲི་མོ་དང་བེའུ་གཤར་སའི་རྫ་ཟོམ་ན། རྣ་ལོང་མའི་ལང་ཚོ་རྒྱས་ཞིང༌།
འུར་ཆ་ཁྲ་མོས་རང་ཉིད་ཀྱི་ཉིན་སྲིབས་འཇལ།

ལྷག་བསམ་དང་བརྩེ་འདང་གི་ཕར་ངོས་སུ།
རྣ་ལོང་མས། གསེར་ཕྱེ་འབབ་པའི་རི་ཀླུང་རྩི་བཞིན།
མཛའ་གླུ་དང་དགུན་ཆང་གི་རུམ་ཁ་ཕྱེ་དུས།
དངུལ་དཀར་གྱི་རྣ་རྒྱན་ཆ་གཅིག རྣ་ལོང་མའི་རྒྱན་ཆ་རུ་གྱུར་ཞིང༌།
འཇིག་རྟེན་འདིའི་ཡོད་ཚད་མཛེས་སྡུག་གིས་བྲིས།

སྨོན་འདུན་དང་གླུ་སྐད་མང་པོའི་ཆང་ཁ་ནས།
རྣ་ལོང་མས། མཚན་ངོགས་ན་འདར་བའི་གནས་འགྲོ་ཚོའི་ལས་དབང་འཁུར་གྱིན།
བྱིས་སྒྲུང་དང་རི་གླུ་རྟ་གོང་ནས་སྐྱོར་དུས།
མགོ་དཀྲིས་དམར་པོའི་གྲུ་ཁུག་ན། རྣ་ལོང་མའི་མིག་ཆུ་འཕྱོ་ཞིང༌།
གཡུ་བྱུར་རྒྱབ་གང་གི་བསླུ་བྲིད་གྲང་བསིལ་བསིལ།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།