དབེན་སིམ།

དོ་དགོང
ཉལ་ཁང་འདི
ཉལ་ཁྲི་འདི
ང་རང་གིས་ཉོས་ཚར
སྒེའུ་ཁུང་ཕྱི་རོལ་ཏུ
ལྕགས་རི་དམར་པོ་ཞིག་དང
ལྕགས་རིའི་རྒྱབ་ཏུ
ཁང་བརྩེགས་མཐོན་པོ་ཞིག་གིས
ང་ཡི་མཐོང་ལམ་བཀག་ཡོད་ཚོད་ཡིན
ངས
ཁ་པར་ཞིག་ལ་སྒུག་པའམ
ཡང་ན
ཅི་ཡང་མི་སེམས་པར་སྡོད་རྩིས་བྱས
ང་ལ
རང་ཉིད་ནི
ལག་འཁྱེར་སྒམ་ཆུང་ཞིག་ཏུ
སུ་ཞིག་གིས་གང་དགར་བླུགས་པའི
གད་སྙིགས་སམ
རྩེད་ཆས་མཁོ་མེད་ཅིག་ཡིན་པའི་སྣང་སྐྱེས་བྱུང
སང་ཉིན་ཡང་བདག་པོ་སུ་ཞིག་གིས
སྒམ་ཆུང་དེ་གནམ་གྲུའམ་མེ་འཁོར་ལ་བཞག་སྟེ
ཡུལ་ཕྱོགས་གང་ཞིག་ཏུ་འཁྱེར་འགྲོ་གི་རེད
ངས
བསམ་བློ་སྟབས་བདེ་ཞིག་གཏོང་འགོ་བརྩམས
མགྲོན་ཁང་འདི་རུ
ང་རང་གཅིག་པུ་འགྲུལ་སྡོད་བྱེད་པ་ཡིན་ནམ
 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབེན་སིམ།

2008-11-09 ལྗང་བུ། ཀློག་གྲངས། མཆན ཡོད།

དོ་དགོང
ཉལ་ཁང་འདི
ཉལ་ཁྲི་འདི
ང་རང་གིས་ཉོས་ཚར
སྒེའུ་ཁུང་ཕྱི་རོལ་ཏུ
ལྕགས་རི་དམར་པོ་ཞིག་དང
ལྕགས་རིའི་རྒྱབ་ཏུ
ཁང་བརྩེགས་མཐོན་པོ་ཞིག་གིས
ང་ཡི་མཐོང་ལམ་བཀག་ཡོད་ཚོད་ཡིན
ངས
ཁ་པར་ཞིག་ལ་སྒུག་པའམ
ཡང་ན
ཅི་ཡང་མི་སེམས་པར་སྡོད་རྩིས་བྱས
ང་ལ
རང་ཉིད་ནི
ལག་འཁྱེར་སྒམ་ཆུང་ཞིག་ཏུ
སུ་ཞིག་གིས་གང་དགར་བླུགས་པའི
གད་སྙིགས་སམ
རྩེད་ཆས་མཁོ་མེད་ཅིག་ཡིན་པའི་སྣང་སྐྱེས་བྱུང
སང་ཉིན་ཡང་བདག་པོ་སུ་ཞིག་གིས
སྒམ་ཆུང་དེ་གནམ་གྲུའམ་མེ་འཁོར་ལ་བཞག་སྟེ
ཡུལ་ཕྱོགས་གང་ཞིག་ཏུ་འཁྱེར་འགྲོ་གི་རེད
ངས
བསམ་བློ་སྟབས་བདེ་ཞིག་གཏོང་འགོ་བརྩམས
མགྲོན་ཁང་འདི་རུ
ང་རང་གཅིག་པུ་འགྲུལ་སྡོད་བྱེད་པ་ཡིན་ནམ
 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།