ཆགས་འཇིག

-རྨེའུ་རྒྱལ་པོའི་མཁར་ཤུལ་ལ་མཇལ་བ།

སྐྱེས་བུ་ཞིག་གློ་བུར་དུ་དྲན་ཞིང་།

སྐྱེས་བུ་གང་རུང་གི་ཚེ་གཅིག་ལུས་གཅིག

ནམ་ཡང་ཆགས་འཇིག་གི་ཕྱོགས་སུ་བགྲོད་པའི་གོམ་སྒྲ།

ལྗིད་ཏིག་ཏིག

 

སྐྱེས་བུ་ཞིག་གློ་བུར་དུ་དྲན་ཞིང་།

སྐྱེས་བུ་གང་རུང་གི་ཚེ་གཅིག་ལུས་གཅིག

དྲན་བྱུང་།  གོམ་པའི་མདུན་ན་སྡོད་པའི།

ལམ་ཐག་དང་ཀྱོག་ལམ་ནི་ཅི་ཡང་མ་ཡིན།

ལེགས་ཉེས་དང་དགེ་སྡིག   འབྱོར་བ་དང་བརྩེ་དུངས།

ཉི་ཟེར་གྱི་ངོགས་སུ་ལུས་པའི་གྱང་གོག་བཞིན།

སྨྲེང་སེམས་ཀྱིས་བྲིས་པའི་རི་མོ་བཞིན།

 

ཕྱི་གསལ་ནང་གསལ་གྱི་ཆགས་འཇིག

སྐྱེས་བུ་ཞིག་དང་སག་ལྷམ་ཆ་གཅིག་གི

འགྲོ་འོང་ལ་འབྲེལ་བའི་དགའ་སྐྱོ།

ཁུར་བོ་དང་རྒྱབ་གཟུགས། ད་དུང་སྒམ་བརླིང་།

སྐྱེས་བུ་ཞིག་གི་ཚེ་གཅིག་ལུས་གཅིག་ལ།

ཡོད་ཆོག་པའི་ང་རྒྱལ་དང་ཕྱི་མིག

འཛད་མེད་ཀྱི་མཆི་མ་དེ་དག

གློ་བུར་གློ་བུར་དུ་དྲན་ཞིང་།

སྐད་ཅིག་སྐད་ཅིག་ལ་རླུང་བུར་སིམ་བཞིན་པའི་

མཁར་གྱང་དང་གདུང་ལྕམ་ལྟ་བུར།

ང་ཚོ་ནམ་ཡང་ཆགས་འཇིག་གི་མགྲོན་པོ་ཡིན་པ་དྲན།

 

སྐྱེས་བུ་ཞིག་གློ་བུར་དུ་དྲན་ཞིང་།

སྐྱེས་བུ་གང་རུང་གི་ཚེ་གཅིག་ལུས་གཅིག

བསམས་ཤིང་བསམས་ན།

ཆགས་འཇིག་གིས་གློད་པའི།

སྐྱེས་བུ་ཆེ་ཆུང་གི་དབྱེ་མཚམས་ནས་གྱེས་པའི།

ཐེར་ཟུག་གི་ངོས་ཤིག་ཀྱང་ཡོད་པ།

ག་ལེར་དྲན་བྱུང་།

 

རྩོམ་ཁུངས། ༢༠༠༡ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆགས་འཇིག

2009-11-12 འབའ་རྡེའུ། ཀློག་གྲངས། མཆན ཡོད།

-རྨེའུ་རྒྱལ་པོའི་མཁར་ཤུལ་ལ་མཇལ་བ།

སྐྱེས་བུ་ཞིག་གློ་བུར་དུ་དྲན་ཞིང་།

སྐྱེས་བུ་གང་རུང་གི་ཚེ་གཅིག་ལུས་གཅིག

ནམ་ཡང་ཆགས་འཇིག་གི་ཕྱོགས་སུ་བགྲོད་པའི་གོམ་སྒྲ།

ལྗིད་ཏིག་ཏིག

 

སྐྱེས་བུ་ཞིག་གློ་བུར་དུ་དྲན་ཞིང་།

སྐྱེས་བུ་གང་རུང་གི་ཚེ་གཅིག་ལུས་གཅིག

དྲན་བྱུང་།  གོམ་པའི་མདུན་ན་སྡོད་པའི།

ལམ་ཐག་དང་ཀྱོག་ལམ་ནི་ཅི་ཡང་མ་ཡིན།

ལེགས་ཉེས་དང་དགེ་སྡིག   འབྱོར་བ་དང་བརྩེ་དུངས།

ཉི་ཟེར་གྱི་ངོགས་སུ་ལུས་པའི་གྱང་གོག་བཞིན།

སྨྲེང་སེམས་ཀྱིས་བྲིས་པའི་རི་མོ་བཞིན།

 

ཕྱི་གསལ་ནང་གསལ་གྱི་ཆགས་འཇིག

སྐྱེས་བུ་ཞིག་དང་སག་ལྷམ་ཆ་གཅིག་གི

འགྲོ་འོང་ལ་འབྲེལ་བའི་དགའ་སྐྱོ།

ཁུར་བོ་དང་རྒྱབ་གཟུགས། ད་དུང་སྒམ་བརླིང་།

སྐྱེས་བུ་ཞིག་གི་ཚེ་གཅིག་ལུས་གཅིག་ལ།

ཡོད་ཆོག་པའི་ང་རྒྱལ་དང་ཕྱི་མིག

འཛད་མེད་ཀྱི་མཆི་མ་དེ་དག

གློ་བུར་གློ་བུར་དུ་དྲན་ཞིང་།

སྐད་ཅིག་སྐད་ཅིག་ལ་རླུང་བུར་སིམ་བཞིན་པའི་

མཁར་གྱང་དང་གདུང་ལྕམ་ལྟ་བུར།

ང་ཚོ་ནམ་ཡང་ཆགས་འཇིག་གི་མགྲོན་པོ་ཡིན་པ་དྲན།

 

སྐྱེས་བུ་ཞིག་གློ་བུར་དུ་དྲན་ཞིང་།

སྐྱེས་བུ་གང་རུང་གི་ཚེ་གཅིག་ལུས་གཅིག

བསམས་ཤིང་བསམས་ན།

ཆགས་འཇིག་གིས་གློད་པའི།

སྐྱེས་བུ་ཆེ་ཆུང་གི་དབྱེ་མཚམས་ནས་གྱེས་པའི།

ཐེར་ཟུག་གི་ངོས་ཤིག་ཀྱང་ཡོད་པ།

ག་ལེར་དྲན་བྱུང་།

 

རྩོམ་ཁུངས། ༢༠༠༡ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།