འབོད་པ།(ཚན་པ་གསུམ)

སྟོན་ཁ།  བགྲེས་སོང་།

གྲང་རླུང་གི་གཟུགས་མེད་རྒྱ་ཡིས།

སྡོང་ལོ་ཡི་ཉ་མོ་འཛིན་བཞིན།

ས་རྡུལ་དང་སྨུག་ལོང་ཁྲོད་ན།

ཁང་རྩེག་གི་སྐྲ་ལོ་གཟེངས་ཤིང་།

ས་གཞི་ཡི་སྐྱི་གཉེར་བསྣན་འོངས།

 

ནུབ་ཁའི་འོད་སྨུག་གི་ཁྲོད་ན།

བགྲེས་སོང་ཞིག་འཁར་བར་བརྟེན་ཅིང་།

མི་ཚེ་ཡི་དགུན་ལ་བརྒལ་ཡང་།

ཤི་ཡང་ཕྱི་མིག་གི་རེ་བས།

ཕ་ཡུལ་གྱི་གཉེན་ཉེ་བསམ་འདུག

 

    གངས།

མདང་དགོང་།

གངས་དཀར་གྱི་འདབ་མའི་དོ་ཤལ།

རྨི་ལམ་གྱི་མཇིང་བར་ཁོན་ཞིང་།

རླན་གཤེར་གྱི་གཉིད་ལས་བསླངས་དུས།

མཆི་མའི་རྒྱུན་སྔས་མགོར་ཐིམ་འདུག

ཞོགས་པར།

གངས་དཀར་གྱི་གཞི་རུ་བསྐྱོད་ཅིང་།

ཁྱོར་པ་གང་དམ་པོར་བཟུང་ནས།

བྲང་ཁ་རུ་ཡང་ཡང་སྦྱར་དུས།

ཕ་ཡུལ་ཉིད་སྦྱར་བ་འདྲ་བྱུང་།

 

འབོད་པ།

མགོ་བོ་དགྱེ་ནས་ཨ་སྔོན་གྱི་ཆུ་འཛིན་ལ་བལྟས་ཏེ།

འཕྲུལ་སྣང་ངམ་སྟོང་སེམས་ལ་བརྟེན་ནས།

དྲོད་འཇམ་གཞན་ཞིག་འཚོལ་ཕྱིར་མཐོ་རུ་འཕགས།

ཡིན་ཀྱང་།

ཚེ་གཅིག་ལུས་གཅིག་གི་འཁྱམ་པོར་གྱུར་པ་སུས་དྲན།

འཇིག་རྟེན་གྱི་ཚ་གྲང་མ་ལུས་ཁྱོད་ཀྱིས་མྱངས་ཚར།

ཁྱོད་ཀྱིས་མ་བརྒྱུད་པའི་སྡུག་བསྔལ་གང་ཡོད།

(བར་སྣང་དུ་དམིགས་མེད་གཡོ་བའི་ཆུ་འཛིན)

ཕ་ཡུལ་གྱི་རི་ཆུར་མཆིལ་མའི་སེར་ཞགས་འཕངས་མྱོང་ལ།

ཕ་ཡུལ་གྱི་གཉེན་མིར་གདུང་བའི་གྲིབ་ནག་ཀྱང་བཀལ་མྱོང་།

སོས་ཟིན་པའི་རྨ་ཁ་ན་དོན་མེད།

འདས་ཟིན་པའི་ལོ་ཟླ་གླེང་དོན་མེད།

ཕ་ཡུལ་གྱི་གཉེན་ཉེས་ཁྱོད་ལ་མཛའ་བརྩེ་བཅངས་ཡོད།

ཚུར་ལོག་ཤོག

 

མ་ཡུམ་ས་གཞིའི་ཕང་བ་དང་བྲལ་བའི་ཆུ་འཛིན།

ཀྱེ་ཀྱེ།  གསན་པར་ཨེ་བྱུང་ལགས།

ཕྱི་ཡུལ་དུ་ཡོད་པའི་བདག་གི་སྤུན་ཟླ།

ཆུ་འཛིན་དང་ཁྱེད་ཚོར་ཁྱད་ཅི་ཡོད།

 

 

རྩོམ་ཁུངས། ༡༩༨༥ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབོད་པ།(ཚན་པ་གསུམ)

2009-11-11 ལྗང་བུ། ཀློག་གྲངས། མཆན ཡོད།

སྟོན་ཁ།  བགྲེས་སོང་།

གྲང་རླུང་གི་གཟུགས་མེད་རྒྱ་ཡིས།

སྡོང་ལོ་ཡི་ཉ་མོ་འཛིན་བཞིན།

ས་རྡུལ་དང་སྨུག་ལོང་ཁྲོད་ན།

ཁང་རྩེག་གི་སྐྲ་ལོ་གཟེངས་ཤིང་།

ས་གཞི་ཡི་སྐྱི་གཉེར་བསྣན་འོངས།

 

ནུབ་ཁའི་འོད་སྨུག་གི་ཁྲོད་ན།

བགྲེས་སོང་ཞིག་འཁར་བར་བརྟེན་ཅིང་།

མི་ཚེ་ཡི་དགུན་ལ་བརྒལ་ཡང་།

ཤི་ཡང་ཕྱི་མིག་གི་རེ་བས།

ཕ་ཡུལ་གྱི་གཉེན་ཉེ་བསམ་འདུག

 

    གངས།

མདང་དགོང་།

གངས་དཀར་གྱི་འདབ་མའི་དོ་ཤལ།

རྨི་ལམ་གྱི་མཇིང་བར་ཁོན་ཞིང་།

རླན་གཤེར་གྱི་གཉིད་ལས་བསླངས་དུས།

མཆི་མའི་རྒྱུན་སྔས་མགོར་ཐིམ་འདུག

ཞོགས་པར།

གངས་དཀར་གྱི་གཞི་རུ་བསྐྱོད་ཅིང་།

ཁྱོར་པ་གང་དམ་པོར་བཟུང་ནས།

བྲང་ཁ་རུ་ཡང་ཡང་སྦྱར་དུས།

ཕ་ཡུལ་ཉིད་སྦྱར་བ་འདྲ་བྱུང་།

 

འབོད་པ།

མགོ་བོ་དགྱེ་ནས་ཨ་སྔོན་གྱི་ཆུ་འཛིན་ལ་བལྟས་ཏེ།

འཕྲུལ་སྣང་ངམ་སྟོང་སེམས་ལ་བརྟེན་ནས།

དྲོད་འཇམ་གཞན་ཞིག་འཚོལ་ཕྱིར་མཐོ་རུ་འཕགས།

ཡིན་ཀྱང་།

ཚེ་གཅིག་ལུས་གཅིག་གི་འཁྱམ་པོར་གྱུར་པ་སུས་དྲན།

འཇིག་རྟེན་གྱི་ཚ་གྲང་མ་ལུས་ཁྱོད་ཀྱིས་མྱངས་ཚར།

ཁྱོད་ཀྱིས་མ་བརྒྱུད་པའི་སྡུག་བསྔལ་གང་ཡོད།

(བར་སྣང་དུ་དམིགས་མེད་གཡོ་བའི་ཆུ་འཛིན)

ཕ་ཡུལ་གྱི་རི་ཆུར་མཆིལ་མའི་སེར་ཞགས་འཕངས་མྱོང་ལ།

ཕ་ཡུལ་གྱི་གཉེན་མིར་གདུང་བའི་གྲིབ་ནག་ཀྱང་བཀལ་མྱོང་།

སོས་ཟིན་པའི་རྨ་ཁ་ན་དོན་མེད།

འདས་ཟིན་པའི་ལོ་ཟླ་གླེང་དོན་མེད།

ཕ་ཡུལ་གྱི་གཉེན་ཉེས་ཁྱོད་ལ་མཛའ་བརྩེ་བཅངས་ཡོད།

ཚུར་ལོག་ཤོག

 

མ་ཡུམ་ས་གཞིའི་ཕང་བ་དང་བྲལ་བའི་ཆུ་འཛིན།

ཀྱེ་ཀྱེ།  གསན་པར་ཨེ་བྱུང་ལགས།

ཕྱི་ཡུལ་དུ་ཡོད་པའི་བདག་གི་སྤུན་ཟླ།

ཆུ་འཛིན་དང་ཁྱེད་ཚོར་ཁྱད་ཅི་ཡོད།

 

 

རྩོམ་ཁུངས། ༡༩༨༥ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།