སྦྲ་གུར་འཚོ།

རྒྱང་རིང་།   རྒྱང་རིང་།

སྤྲིན་དཀར་གྱི་འདབ་མ་བཞིན།

འོ་མས་ལས་དཀར་བའི་བརྩེ་སེམས་ཤིག

ཁྱེད་དང་ངའི་སྙིང་ཁར་ཅི་འདྲའི་མཛེས་ཨང་།

 

གཞན་དབང་དང་བཅོས་འཛུམ་གྱི་ཤུལ་ལམ་ན།

ཁྲེལ་གཞུང་དང་ཧམ་སེམས་ཀྱི་ཧྲག་བར་ན།

ནམ་ཡང་བཟོད་དཀའ་བ་གྱེས་བྲལ་གྱི་གདུང་བ་མ་ཡིན་ནམ།

 

ཁོ་བོ་སྦྲ་གུར་འཚོ་དང་མ་གྱེས་པའི་སྔ་ཉིན།

སྦྲ་གུར་འཚོ་དང་ཁོ་བོས་རྫོགས་རྟགས་མ་བཀོད་པའི་དུས་དེར།

ཁོ་མོས་བློ་འཛིན་གྱི་སྙན་ཆ་རེ་རེས།

ཁ་བ་དང་སྤང་ཐང་།   སྦྲ་ནག་དང་ཕུགས་བསམ་ལ་གསོན་ཤུགས་རྒྱས།

མེ་ཏོག་དང་ནོར་ནག     མཐོ་སྒང་དང་རྨ་ཆེན་གངས་རིར།

གཟི་བརྗིད་དང་སྤོབས་པ་འབར་དུས།

རང་ཉིད་དང་རང་ཉིད་ཀྱི་ལས་དབང་ཡུན་རིང་བསྒུག་རྗེས།

 

སྙན་ལྷང་ལྷང་གི་སྙིང་གཏམ་ཞིག

དྲོད་ལྕོག་ལྕོག་གིས་འོ་སྦྱོར་ཞིག

སྐྱོ་ཡུས་དང་མཆི་མའི་ཁྲོད་ནས།

མཐའ་མཇུག་གི་བརྩེ་སེམས་ལ་བདེ་མོ་བཞག

 

མཚན་མོ་དེའི་ཟླ་ངོགས་ནས།

དྲོད་མ་ཡལ་བའི་ལག་པ་གཉིས་ཀྱི་འབྲེལ་མཚམས་ལས།

འཐེན་མི་ཚར་བའི་དངན་པ་རེ་རེ།

འཇགས་མི་སྲིད་པའི་སྙིང་གི་འཕར་ལྡིང་རེ་རེ།

སྙིང་གིས་འཕར་ལྡིང་རེ་རེ།

སྤོས་མི་ཚར་བའི་གོམ་པའི་འདེགས་འཇོག་ལས་ཟད།

 

གསལ་ལ་མི་གསལ་བའི་ཟླ་ངོགས་དེར།

ཁོ་མོའི་ཕྱིར་མིག་གི་ཕྲེང་ཐག་རེ་རེས།

ངའི་རྐང་རྗེས་དང་གྲིབ་གཟུགས་བཙལ།

ལས་དབང་དང་གཏན་འདུན་རེ་རེ།

ལྷག་བསམ་གྱིས་ཡར་ལ་མཆོད།

 

ངའི་ཕྱིར་མིག་གིས་ཟུར་ལྟ་རེ་རེ་ལས།

ཁོ་མོའི་ལང་ཚོ་དང་འཛུམས་མདངས་རེ་རེ།

བརྩེ་སེམས་དང་གཞས་དབྱངས་རེ་རེ།

སྤང་ཐང་འདིའི་མཁའ་ན་བཏེགས།

 

མཚན་མོ་དེ་ནས་བཟུང་།

དུས་བཞིའི་གདུག་རྩུབ་རེ་རེ།

ཁེར་རྐྱང་གི་ན་ཟུག་རེ་རེ།

སྦྲ་ནག་དང་སྤང་ཐང་དུ་ངང་གིས་འཁྱུད།

 

རྒྱང་རིང་།  རྒྱང་རིང་གི་རོགས་ལོ།

རྒྱང་བཞུད་ཀྱི་སེམས་འགྱུ་ཕྲ་མོ།

མིག་ཆུའི་ཐིགས་པ་རེ་རེ།

གཙང་བོ་དང་རྨ་ཆུར་བསྐུར་དུས།

ངའི་ཁུ་ལོ།  ཁྱོད་ཀྱིས་མཐོང་ཨེ་བྱུང་།

ངའི་ཁུ་ལོ།  ཁྱེད་ཀྱིས་རྙེད་ཨེ་བྱུང་།

 

རྒྱང་རིང་།   རྒྱང་རིང་ནས།

སྤྲིན་དཀར་གྱི་འདབ་མ་ལྟ་བུའི།

འོ་མ་ལས་དཀར་བའི་བརྩེ་སེམས་ཤིག

ཁྱེད་དང་ངའི་སྙིང་ཁར་ཅི་འདྲའི་མཛེས་ཨང་།

 

རྩོམ་ཁུངས། ༢༠༠༤ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲ་གུར་འཚོ།

2009-11-01 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

རྒྱང་རིང་།   རྒྱང་རིང་།

སྤྲིན་དཀར་གྱི་འདབ་མ་བཞིན།

འོ་མས་ལས་དཀར་བའི་བརྩེ་སེམས་ཤིག

ཁྱེད་དང་ངའི་སྙིང་ཁར་ཅི་འདྲའི་མཛེས་ཨང་།

 

གཞན་དབང་དང་བཅོས་འཛུམ་གྱི་ཤུལ་ལམ་ན།

ཁྲེལ་གཞུང་དང་ཧམ་སེམས་ཀྱི་ཧྲག་བར་ན།

ནམ་ཡང་བཟོད་དཀའ་བ་གྱེས་བྲལ་གྱི་གདུང་བ་མ་ཡིན་ནམ།

 

ཁོ་བོ་སྦྲ་གུར་འཚོ་དང་མ་གྱེས་པའི་སྔ་ཉིན།

སྦྲ་གུར་འཚོ་དང་ཁོ་བོས་རྫོགས་རྟགས་མ་བཀོད་པའི་དུས་དེར།

ཁོ་མོས་བློ་འཛིན་གྱི་སྙན་ཆ་རེ་རེས།

ཁ་བ་དང་སྤང་ཐང་།   སྦྲ་ནག་དང་ཕུགས་བསམ་ལ་གསོན་ཤུགས་རྒྱས།

མེ་ཏོག་དང་ནོར་ནག     མཐོ་སྒང་དང་རྨ་ཆེན་གངས་རིར།

གཟི་བརྗིད་དང་སྤོབས་པ་འབར་དུས།

རང་ཉིད་དང་རང་ཉིད་ཀྱི་ལས་དབང་ཡུན་རིང་བསྒུག་རྗེས།

 

སྙན་ལྷང་ལྷང་གི་སྙིང་གཏམ་ཞིག

དྲོད་ལྕོག་ལྕོག་གིས་འོ་སྦྱོར་ཞིག

སྐྱོ་ཡུས་དང་མཆི་མའི་ཁྲོད་ནས།

མཐའ་མཇུག་གི་བརྩེ་སེམས་ལ་བདེ་མོ་བཞག

 

མཚན་མོ་དེའི་ཟླ་ངོགས་ནས།

དྲོད་མ་ཡལ་བའི་ལག་པ་གཉིས་ཀྱི་འབྲེལ་མཚམས་ལས།

འཐེན་མི་ཚར་བའི་དངན་པ་རེ་རེ།

འཇགས་མི་སྲིད་པའི་སྙིང་གི་འཕར་ལྡིང་རེ་རེ།

སྙིང་གིས་འཕར་ལྡིང་རེ་རེ།

སྤོས་མི་ཚར་བའི་གོམ་པའི་འདེགས་འཇོག་ལས་ཟད།

 

གསལ་ལ་མི་གསལ་བའི་ཟླ་ངོགས་དེར།

ཁོ་མོའི་ཕྱིར་མིག་གི་ཕྲེང་ཐག་རེ་རེས།

ངའི་རྐང་རྗེས་དང་གྲིབ་གཟུགས་བཙལ།

ལས་དབང་དང་གཏན་འདུན་རེ་རེ།

ལྷག་བསམ་གྱིས་ཡར་ལ་མཆོད།

 

ངའི་ཕྱིར་མིག་གིས་ཟུར་ལྟ་རེ་རེ་ལས།

ཁོ་མོའི་ལང་ཚོ་དང་འཛུམས་མདངས་རེ་རེ།

བརྩེ་སེམས་དང་གཞས་དབྱངས་རེ་རེ།

སྤང་ཐང་འདིའི་མཁའ་ན་བཏེགས།

 

མཚན་མོ་དེ་ནས་བཟུང་།

དུས་བཞིའི་གདུག་རྩུབ་རེ་རེ།

ཁེར་རྐྱང་གི་ན་ཟུག་རེ་རེ།

སྦྲ་ནག་དང་སྤང་ཐང་དུ་ངང་གིས་འཁྱུད།

 

རྒྱང་རིང་།  རྒྱང་རིང་གི་རོགས་ལོ།

རྒྱང་བཞུད་ཀྱི་སེམས་འགྱུ་ཕྲ་མོ།

མིག་ཆུའི་ཐིགས་པ་རེ་རེ།

གཙང་བོ་དང་རྨ་ཆུར་བསྐུར་དུས།

ངའི་ཁུ་ལོ།  ཁྱོད་ཀྱིས་མཐོང་ཨེ་བྱུང་།

ངའི་ཁུ་ལོ།  ཁྱེད་ཀྱིས་རྙེད་ཨེ་བྱུང་།

 

རྒྱང་རིང་།   རྒྱང་རིང་ནས།

སྤྲིན་དཀར་གྱི་འདབ་མ་ལྟ་བུའི།

འོ་མ་ལས་དཀར་བའི་བརྩེ་སེམས་ཤིག

ཁྱེད་དང་ངའི་སྙིང་ཁར་ཅི་འདྲའི་མཛེས་ཨང་།

 

རྩོམ་ཁུངས། ༢༠༠༤ལོའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།