མཐོ་རླབས་དམར་པོ།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-09

                        ——འདྲིས་ཆེ་བའི་བྱིས་པ་སྐོར་ཞིག་ལ།
       གངས་རྒྱན་ནོར་བུ།
རེ་སྒུག་དང་གངས་རིའི་མཁའ་དབྱིངས་སུ
ཁྱེད་ཀྱི་ཟླ་གམ་ཆུང་ཆུང་མཚར་སྡུག་གིས་སྨིན

        གངས་ཕྲུག་པ་སངས།
རྩྭ་ཐང་གི་བསམ་གཞིགས་རེ་རེ་ལས
ཡིད་འོང་གི་རྒྱང་བསྐྱོད་ཐོག་མ་འབུལ

       གངས་དཀར་གཡུ་སྒྲོན།
ཨ་ཕའི་ལྷག་བསམ་ན་འབར་བའི་སྲས་མོ་ཆུང་ཆུང
གངས་རི་དང་མ་འོངས་པའི་བག་སྟོན་བསུ་མཁན

        ཉི་མ་གཡང་འཛོམས།
ཉི་མ་ལྷ་ས་ནས་འོངས་བའི་མགྲོན་པོ
ཡུལ་སྐོར་བ་གང་ཞིག་གི་རྟོགས་སད་ཡིན

          ཟླ་བ་ཡར་འགྲུབ།
ལོ་ཟླའི་གོང་ཁ་ན་འཛུམ་པའི་ཟླ་བ་ཆུང་ཆུང
ཡར་ཟླ་བཅོ་ལྔར་དྭངས་གཙང་དང་འབྱོར་ཕྱུག་གིས་སྨིན

           ཟླ་བ་སྒྲོལ་མ།
ཨ་མའི་འདང་བརྩེ་དང་འོ་ཇ་འཐུང་བཞིན།
ཁ་བ་དཀར་པོའི་རི་ཚོགས་ལ་ཕྱི་མིག་བཞག

         བསོད་ནམས་རྒྱ་མཚོ།
མི་ཚེ་འདིའི་ཀློང་རིམ་གྱི་གཏིང་མཐའ་ཞིག་ན
ཁྱེད་ཀྱི་མར་མེ་ཆུང་ཆུང་གསེར་མདོག་གིས་འབར་ཡོད

         དོན་གྲུབ་རྒྱ་མཚོ།
ཞིང་གྲོང་གི་ཨ་མའི་སྨོན་ལམ་དཀར་པོས
གསེར་མདོག་གི་སྙེ་མ་རེ་རེར་དབུ་ཁྱུད་བྲིས

 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐོ་རླབས་དམར་པོ།

2009-02-09 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

                        ——འདྲིས་ཆེ་བའི་བྱིས་པ་སྐོར་ཞིག་ལ།
       གངས་རྒྱན་ནོར་བུ།
རེ་སྒུག་དང་གངས་རིའི་མཁའ་དབྱིངས་སུ
ཁྱེད་ཀྱི་ཟླ་གམ་ཆུང་ཆུང་མཚར་སྡུག་གིས་སྨིན

        གངས་ཕྲུག་པ་སངས།
རྩྭ་ཐང་གི་བསམ་གཞིགས་རེ་རེ་ལས
ཡིད་འོང་གི་རྒྱང་བསྐྱོད་ཐོག་མ་འབུལ

       གངས་དཀར་གཡུ་སྒྲོན།
ཨ་ཕའི་ལྷག་བསམ་ན་འབར་བའི་སྲས་མོ་ཆུང་ཆུང
གངས་རི་དང་མ་འོངས་པའི་བག་སྟོན་བསུ་མཁན

        ཉི་མ་གཡང་འཛོམས།
ཉི་མ་ལྷ་ས་ནས་འོངས་བའི་མགྲོན་པོ
ཡུལ་སྐོར་བ་གང་ཞིག་གི་རྟོགས་སད་ཡིན

          ཟླ་བ་ཡར་འགྲུབ།
ལོ་ཟླའི་གོང་ཁ་ན་འཛུམ་པའི་ཟླ་བ་ཆུང་ཆུང
ཡར་ཟླ་བཅོ་ལྔར་དྭངས་གཙང་དང་འབྱོར་ཕྱུག་གིས་སྨིན

           ཟླ་བ་སྒྲོལ་མ།
ཨ་མའི་འདང་བརྩེ་དང་འོ་ཇ་འཐུང་བཞིན།
ཁ་བ་དཀར་པོའི་རི་ཚོགས་ལ་ཕྱི་མིག་བཞག

         བསོད་ནམས་རྒྱ་མཚོ།
མི་ཚེ་འདིའི་ཀློང་རིམ་གྱི་གཏིང་མཐའ་ཞིག་ན
ཁྱེད་ཀྱི་མར་མེ་ཆུང་ཆུང་གསེར་མདོག་གིས་འབར་ཡོད

         དོན་གྲུབ་རྒྱ་མཚོ།
ཞིང་གྲོང་གི་ཨ་མའི་སྨོན་ལམ་དཀར་པོས
གསེར་མདོག་གི་སྙེ་མ་རེ་རེར་དབུ་ཁྱུད་བྲིས

 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།