དུས་བཞི།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-09

     དཔྱིད་ཀ
མེ་འོད་ཀྱི་བདེ་དྲོད་བཞིན   སྙིང་ཉེ་ཡི་འཛུམ་མདངས་བཞིན
ཆུ་གཙང་པོ་དབྱངས་སྙན་ཁྲོལ་ལེ   བྱ་བྱེའུ་དྲུག་འགྱུར་གྱུར་རེ
མི་ཡུལ་ལ་གསོན་ཉམས་འབར་བས
ཏག་ཏག་ཕྱེ་མ་ལེབ་གཉིས   ཁྱེད་ཀྱི་སྐྱེད་ཚལ་ན་གར་ལ་རྩེན
    དབྱར་ཁ།
ནེའུ་གསིང་ལྗང་མདོག་གིས་བཞུར་བས
གསེར་སྦྲང་གི་འཐམ་འཁྱུད   མེ་ཏོག་གི་ལང་ཚོས་སྒུལ
ནགས་ལོ་ལྗང་ཁུའི་བསིལ་འོག་ན
ན་ཆུང་གི་སྙིང་གཏམ་ཤབ་ཤུབ་གླེང
      སྟོན་ཁ།
སྙེ་མའི་གསེར་མདོག་གི་ལང་ཚོ་ཁུར་དུ་ལྩི
ཁུག་རྟས་ཀྱང་ལྷོ་ཕྱོགས་སྙེག་དུས
ལོ་མ་སེར་པོའི་གྱེས་ཕྱག་ལས
མི་ཡུལ་གྱི་མཛེས་སྡུག་མཇུག་རྫོགས
      དགུན་ཁ།
ཁ་བ་དཀར་པོ་ལྷབ་ལྷུབ་ཏུ་བབས
རི་ལུང་གོས་དཀར་གྱི་མལ་ན་བདེ་བར་གཟིམས
ཆུ་མོའི་ལས་འཕྲོ་གསེར་མིག་གིས་གླེང་བཞིན
འཁྱུག་འགྲོས་ལས་མོད་པའི་མིག་ཆུ
ཁ་བའི་འདབ་མ་བཞིན་འཁྱག


 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་བཞི།

2009-02-09 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

     དཔྱིད་ཀ
མེ་འོད་ཀྱི་བདེ་དྲོད་བཞིན   སྙིང་ཉེ་ཡི་འཛུམ་མདངས་བཞིན
ཆུ་གཙང་པོ་དབྱངས་སྙན་ཁྲོལ་ལེ   བྱ་བྱེའུ་དྲུག་འགྱུར་གྱུར་རེ
མི་ཡུལ་ལ་གསོན་ཉམས་འབར་བས
ཏག་ཏག་ཕྱེ་མ་ལེབ་གཉིས   ཁྱེད་ཀྱི་སྐྱེད་ཚལ་ན་གར་ལ་རྩེན
    དབྱར་ཁ།
ནེའུ་གསིང་ལྗང་མདོག་གིས་བཞུར་བས
གསེར་སྦྲང་གི་འཐམ་འཁྱུད   མེ་ཏོག་གི་ལང་ཚོས་སྒུལ
ནགས་ལོ་ལྗང་ཁུའི་བསིལ་འོག་ན
ན་ཆུང་གི་སྙིང་གཏམ་ཤབ་ཤུབ་གླེང
      སྟོན་ཁ།
སྙེ་མའི་གསེར་མདོག་གི་ལང་ཚོ་ཁུར་དུ་ལྩི
ཁུག་རྟས་ཀྱང་ལྷོ་ཕྱོགས་སྙེག་དུས
ལོ་མ་སེར་པོའི་གྱེས་ཕྱག་ལས
མི་ཡུལ་གྱི་མཛེས་སྡུག་མཇུག་རྫོགས
      དགུན་ཁ།
ཁ་བ་དཀར་པོ་ལྷབ་ལྷུབ་ཏུ་བབས
རི་ལུང་གོས་དཀར་གྱི་མལ་ན་བདེ་བར་གཟིམས
ཆུ་མོའི་ལས་འཕྲོ་གསེར་མིག་གིས་གླེང་བཞིན
འཁྱུག་འགྲོས་ལས་མོད་པའི་མིག་ཆུ
ཁ་བའི་འདབ་མ་བཞིན་འཁྱག


 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།