ཟླ་བའི་འཇིག་རྟེན།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-02-09

ཟླ་བའི་མཐའ་འཁོར་ན་སྐར་མའི་གླིང་ཕྲན་ཞིག
ད་དུང   རྔོན་པའམ་ཁྱིམ་རྒྱུད་སེར་པོ་ཞིག
གྲུ་ཁ་གཞན་ཞིག་གི་ལྐོག་བརྡ་ཇི་བཞིན
ངའི་འཇིག་རྟེན་ཆུང་ཆུང་མེ་འོད་ལ་སྦར

དོ་དགོང་གི་མཚན་མོ་ཅི་འདྲའི་རིང
ངས   ཡང་བསྐྱར་རང་ཉིད་ཀྱི་མཚོ་ཁར་མེ་ཏོག་སྒྲུག་བཞིན
མཁའ་དབྱིངས་དང་ཟླ་བའི་དྭངས་གཙང་འཐུས

རྒྱང་རིང་གི་མཆོད་མེ
ངའི་རུས་གཏིང་ན་འཕགས་པའི་འོད་མདངས་སེར་པོ
སྐོམ་གདུང་དང་དྲན་ཤིང་བཞིན་ཚ་བས་འཁྱིལ

རེ་སྒུག་དུ་མའི་ཕ་རོལ་ནས
ཟླ་བའི་ལོ་མ་ཁུ་བྱུག་གིས་འདེགས་བཞིན
སྐར་མའི་བློས་བསླངས་མེ་ཏོག་གིས་དཀྲོགས
ང་རང   སྒེའུ་ཁུང་ནས་མཇལ་བའི་ཟླ་བ་དང་ལྷན་དུ
མཚན་མོའི་མཁའ་དབྱིངས་སུ་སྤྲོ་གསེང་གིས་ཕྱིན་ཡང
འཇིག་རྟེན་དོག་པའི་དབང་གིས
ངས    སུ་ཞིག་གི་རྡོག་སྒྲ་མ་ཐོས 


 

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བའི་འཇིག་རྟེན།

2009-02-09 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

ཟླ་བའི་མཐའ་འཁོར་ན་སྐར་མའི་གླིང་ཕྲན་ཞིག
ད་དུང   རྔོན་པའམ་ཁྱིམ་རྒྱུད་སེར་པོ་ཞིག
གྲུ་ཁ་གཞན་ཞིག་གི་ལྐོག་བརྡ་ཇི་བཞིན
ངའི་འཇིག་རྟེན་ཆུང་ཆུང་མེ་འོད་ལ་སྦར

དོ་དགོང་གི་མཚན་མོ་ཅི་འདྲའི་རིང
ངས   ཡང་བསྐྱར་རང་ཉིད་ཀྱི་མཚོ་ཁར་མེ་ཏོག་སྒྲུག་བཞིན
མཁའ་དབྱིངས་དང་ཟླ་བའི་དྭངས་གཙང་འཐུས

རྒྱང་རིང་གི་མཆོད་མེ
ངའི་རུས་གཏིང་ན་འཕགས་པའི་འོད་མདངས་སེར་པོ
སྐོམ་གདུང་དང་དྲན་ཤིང་བཞིན་ཚ་བས་འཁྱིལ

རེ་སྒུག་དུ་མའི་ཕ་རོལ་ནས
ཟླ་བའི་ལོ་མ་ཁུ་བྱུག་གིས་འདེགས་བཞིན
སྐར་མའི་བློས་བསླངས་མེ་ཏོག་གིས་དཀྲོགས
ང་རང   སྒེའུ་ཁུང་ནས་མཇལ་བའི་ཟླ་བ་དང་ལྷན་དུ
མཚན་མོའི་མཁའ་དབྱིངས་སུ་སྤྲོ་གསེང་གིས་ཕྱིན་ཡང
འཇིག་རྟེན་དོག་པའི་དབང་གིས
ངས    སུ་ཞིག་གི་རྡོག་སྒྲ་མ་ཐོས 


 

རྩོམ་ཁུངས། སྙན་ངག་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།