ང་། རང་ཉིད་ཀྱི་དར་ཆ་ཡིན།

ཟླ་འོད་མེད་པའི་མཚན་མོ་རེ་རེར།
ང་ཚོ་ཐུན་མོང་གིས་གསོས་པའི་མེ་ཕུང་དམར་བོའི་ངོགས་སུ་འཛོམས་དུས།
ལྗིད་ཏིག་ཏིག་གི་བརྗོད་བྱ་ནམ་ཡང་དྲག་ཏུ་འབར།
མདང་དགོང་ཡང་ཟླ་འོད་མེད་པའི་མཚན་མོ་ཞིག་རེད།
ཕྱི་རོལ་ན་འཁྱག་གྲང་ཤིན་ཏུ་རྣོ།
དགུན་ནམ་རིང་མོ་དེ་ལ་སུ་ཡང་གཉིད་མ་ཁུག
མདང་དགོང༌། ཟླ་འོད་མེད་པའི་མཚན་མོ་དེར།
ང་དང་མེ་ཏོག་མང་པོ་སེམས་མཐུན་ངང་ལྷན་དུ་བཞུར།
གོམ་སྟབས་འཇམ་ཞིང་ཡང་མོའི་ངང༌།
ཡུར་ཟིན་པའི་འཇིག་རྟེན་འདི་མ་དཀྲོགས་པར།
སྨིན་ལ་མ་རྙིད་པའི་གང་བུ་རེ་རེ་ལས།
ཞེ་མཐུན་པའི་གཏམ་གླེང་མང་པོ་ལྷུག་པོར་གྲོལ།
མེ་ཏོག་སེར་ཆེན་གྱིས་ངའི་རྣ་བར་ཤུབ་ཤུབ་ཏུ།
བུ་མོ། ལྷུང་ལྷུང་དུ་བཞུར་དང༌།
རྒྱང་རིང་དེ་རྒྱང་མི་རིང༌། ཟེར།
ལུག་རུ་དམར་པོ་ཞིག་གི་འཛུམ་མདངས་ཀྱིས།
ངའི་ལན་བུ་རེ་རེའི་སྣེ་མོ་འོད་ཟེར་གྱིས་བརྒྱན་
ཨ་ཀྲོང་དཀར་བོས།
ཀྱེ། ནམ་ཡང་སྐྱོ་བ་དག་མ་སྟོར།
དེ་ནི་ཁྱོད་ཀྱི་ལམ་བྲོ་ཡིན་གསུངས།
སྤང་རྒྱན་སྔོན་མོའི་ཚོམ་བུ་ལས།
བདག་ཡུན་རིང་དུ་བཞུད་པའི་རྐང་སེན་ལ་ངལ་གསོ་ཐོབ།
ཟླ་འོད་མེད་པའི་མཚན་མོ་དེར།
འུར་ཟིང་གི་སྣེ་མོ་རྩུབ་པའི་གྲོང་ཁྱེར་འདི་ནས།
ངས་ཁ་དོག་བཞིའི་འོད་ཟེར་གཡར་ཏེ།
རང་ཉིད་ཀྱི་པགས་སློག་དྲོན་པོ་དེ་སླར་ཡང་རྙེད་བྱུང༌།
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་། རང་ཉིད་ཀྱི་དར་ཆ་ཡིན།

2009-02-03 དཔལ་མོ། ཀློག་གྲངས། མཆན ཡོད།

ཟླ་འོད་མེད་པའི་མཚན་མོ་རེ་རེར།
ང་ཚོ་ཐུན་མོང་གིས་གསོས་པའི་མེ་ཕུང་དམར་བོའི་ངོགས་སུ་འཛོམས་དུས།
ལྗིད་ཏིག་ཏིག་གི་བརྗོད་བྱ་ནམ་ཡང་དྲག་ཏུ་འབར།
མདང་དགོང་ཡང་ཟླ་འོད་མེད་པའི་མཚན་མོ་ཞིག་རེད།
ཕྱི་རོལ་ན་འཁྱག་གྲང་ཤིན་ཏུ་རྣོ།
དགུན་ནམ་རིང་མོ་དེ་ལ་སུ་ཡང་གཉིད་མ་ཁུག
མདང་དགོང༌། ཟླ་འོད་མེད་པའི་མཚན་མོ་དེར།
ང་དང་མེ་ཏོག་མང་པོ་སེམས་མཐུན་ངང་ལྷན་དུ་བཞུར།
གོམ་སྟབས་འཇམ་ཞིང་ཡང་མོའི་ངང༌།
ཡུར་ཟིན་པའི་འཇིག་རྟེན་འདི་མ་དཀྲོགས་པར།
སྨིན་ལ་མ་རྙིད་པའི་གང་བུ་རེ་རེ་ལས།
ཞེ་མཐུན་པའི་གཏམ་གླེང་མང་པོ་ལྷུག་པོར་གྲོལ།
མེ་ཏོག་སེར་ཆེན་གྱིས་ངའི་རྣ་བར་ཤུབ་ཤུབ་ཏུ།
བུ་མོ། ལྷུང་ལྷུང་དུ་བཞུར་དང༌།
རྒྱང་རིང་དེ་རྒྱང་མི་རིང༌། ཟེར།
ལུག་རུ་དམར་པོ་ཞིག་གི་འཛུམ་མདངས་ཀྱིས།
ངའི་ལན་བུ་རེ་རེའི་སྣེ་མོ་འོད་ཟེར་གྱིས་བརྒྱན་
ཨ་ཀྲོང་དཀར་བོས།
ཀྱེ། ནམ་ཡང་སྐྱོ་བ་དག་མ་སྟོར།
དེ་ནི་ཁྱོད་ཀྱི་ལམ་བྲོ་ཡིན་གསུངས།
སྤང་རྒྱན་སྔོན་མོའི་ཚོམ་བུ་ལས།
བདག་ཡུན་རིང་དུ་བཞུད་པའི་རྐང་སེན་ལ་ངལ་གསོ་ཐོབ།
ཟླ་འོད་མེད་པའི་མཚན་མོ་དེར།
འུར་ཟིང་གི་སྣེ་མོ་རྩུབ་པའི་གྲོང་ཁྱེར་འདི་ནས།
ངས་ཁ་དོག་བཞིའི་འོད་ཟེར་གཡར་ཏེ།
རང་ཉིད་ཀྱི་པགས་སློག་དྲོན་པོ་དེ་སླར་ཡང་རྙེད་བྱུང༌།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།