རྒྱང་རིང་གི་སྐར་མ་འོད་ཆེན།

                              —རང་ལ་བྲིས་པ།

འཁྱག་སིབ་སིབ་ཀྱི་སྙིང་ཁར་སྤུངས་པའི་ཁ་བའི་འདབ་མ།
མིག་ཆུ་ལས་སྐྱུར་བའི་བསམ་དོན་རེ་རེ།
བྲག་ལ་རྡེབ་པའི་རླབས་རྒྱུན་གྱི་ཟེགས་མ་འཐོར་བའི་ཁྲོད་དུ།
དྲན་བྱུང་ངམ། རྒྱང་རིང་གི་སྐར་མ་འོད་ཆེན།

ཡོད་ཚད་གཉིད་དུ་ཡུར་བའི་འཇིག་རྟེན་ཞིག་ནས།
ཁྱོད་ཀྱིས་སེམས་འགྱུ་དམར་པོ་སྙིམ་པས་བཏེགས་ཏེ།
རྐང་པ་སྤོས་སར་རྗེས་ཤིག་ཡོད་དགོས་པའི་གནས་ལུགས་ཀྱིས།
ལང་ཚོའི་དམར་མཆོད་དྲག་པོའི་སྐྱོ་གཞས་དབྱངས་སུ་བཀུག་ནའང༌།
མི་ཁ་ཡི་ལྷགས་རླུང་ཁྲོད་དུ་འཚེར་དགོས་པའི་རེ་སྙེག་གི་མར་མེ་གཉོམ་པོ།
ལས་དབང་གི་གོ་འཛོལ་ཡིན་དུ་ཆུགས།

དམར་བོ་ཁྲག་གིས་སྦྲུམ་པའི་རེ་སྨོན་གྱི་རྣམ་ཤེས་ཕྲ་མོས།
རྨི་ལམ་གཞན་ཞིག་གི་རིན་ཐང་གཞལ་ཕྱིར།
སྙིང་ལ་འཛེར་བའི་འཁྱག་རླུང་གི་སྒོ་གླེགས་དལ་བུར་རྡུང་དུས།
ཁྱོད་ཀྱིས་གནག་སྣུམ་ལན་བུ་ཐུར་དུ་འཕྱང་བར་ལེ་བདའ་བྱས་ཤིང༌།
འཇིག་རྟེན་འདི་ཤིན་ཏུ་དོག་པའི་ཉམས་སྣང་གིས།
སྡུག་ཡུས་ཀྱིས་ཁེངས་པའི་ལས་དབང་གི་འཚོ་བ་རོལ།
འུ་ཐུག་གི་དགའ་དགོད་རེ་རེའི་འཛུམ་གཉེར་གསེབ་ཏུ།
རྫོགས་མཐའ་མེད་པའི་ལྷ་སྒྲུང་གི་འཆར་ཡན་སྦྲུམ།
ཁྱོད་རང་བུད་སའི་གྲུ་ཁ་རེ་རེ་ནའང་ཕྲག་དོག་གི་ཤོག་ཧྲུལ་འཛིང་བས།
ལས་ཀྱི་རྟོགས་བརྗོད་ཟབ་མོས་བཞག་པའི་གོམ་པར་ཡང་ལྩི་ཤོར།
འཚོ་བ་ནི་འགལ་ཟླས་གྲུབ་ཅིང༌།
མི་ཚེ་མ་གཞི་ནས་སྐྱོ་གར་ཞིག་ཡིན་པའི་ངེས་པའང་ཁྱོད་ཀྱིས་དེ་དུས་རྙེད།

ལང་ཚོའི་གསང་རྒྱ་ཉར་བའི་སྙན་ངག་རེ་རེས།
ད་གཟོད་ཁྱོད་ཀྱི་སེམས་ངོ་རྟོགས་ཐུབ་ཅིང༌།
ཁེར་རྐྱང་གི་རྣམ་ཤེས་ཤིག་གི་ཕམ་ཉེས་གླེང་ཐུབ།
ཡིན་ནའང༌།
ཁྱོད་ཀྱི་དྲན་ཤེས་སུ་ནེམ་ཐིག་སྦྱིན་མཁན་སུ་ཞིག་ཡོད་མྱོང་ངམ།

རྒྱང་རིང་ན་འཚེར་བའི་སེམས་ཁོང་གི་སྐར་མ་འོད་ཆེན།
ནག་ཐིང་ངེར་ཡོད་པའི་འཇིག་རྟེན་དུ་དལ་གྱིས་འགྲིམ་དུས།
ཁྱེད་ད་དུང་ཡང་ཆེས་ཐོག་མའི་ས་སྒང་དེ་རུ་སྔར་བཞིན་འགྲེང༌།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱང་རིང་གི་སྐར་མ་འོད་ཆེན།

2009-02-02 པདྨ་འཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།