ང་རང་།

མི་རབས་ནས་མི་རབས་ལ་ཇུས་འགོད་བྱས་པའི་མདུན་ཤོག་ཆེན་པོ
ཤོག་ལྷེ་ཆེན་པོ་དེ་ཅི་ཙམ་བསློག་ཀྱང་སྔར་ལྟར་མདུན་ཤོག་ཅིག་ཡིན་ལ
ཡི་གེ་དེ་དག་དང་རི་མོ་དེ་དག་གིས་ཡང་སྙིང་ཅི་ཞིག་འཚོལ་གྱིན་ཡོད་དམ
བདག་གི་མིག་ཟུང་དེ་ཡང་ཅི་ཙམ་བསློག་ཀྱང་སྔར་ལྟར་མིག་ཟུང་ཞིག་ལས་མ་འདས
ང་ཡི་གདོང་ནས་ཡང་ཡང་བཀོག་ཀྱང་ལོ་ངོ་མང་པོའི་རྗེས་སུ་སྔར་ལྟར་འབག་ཅིག་དང
སྔར་ལྟར་སྨྲ་བྱེད་ཀྱི་ཁ་དང་ཉན་བྱེད་ཀྱི་རྣ་བ་མེད་པའི་ང་རང་ལས་གཞན་སུ་ཡོད་དམ
ཧ་ཅང་ཐག་རིང་གི་གནས་སུ   ང་ཡི་ལུས་པོ་དང་ང་ཡི་གདོང  ང་ཡི་ཡན་ལག
ང་ཡི་བྲང་ཁོག་ལ་ལྐོག་གྱུར་ངང་ལྷོག་ལྷོག་ཏུ་ལྡིང་གིན་པའི་སེམས་པ་དམར་ཆུང
ང་ཡི་སྤྱོད་པ་དང་ང་ཡི་འདས་པ་དང་ང་ཡི་མ་འོངས་པའི་ཁྲོད་གཡོ་བའི་གཟུགས་བརྙན་དག
ང་ཡིས་ད་ལྟའི་བར་དང་དོད་བྱས་ཟིན་པའི་ང་རང་དངོས་སམ་མི་གཞན་པ་དེ་དག
ངའི་ལུས་པོ་ལ་བཞུར་བའི་གཙང་པོ་དང་ངའི་ཉམས་སྣང་ལ་འབར་བའི་མེ་དཔུང
ངའི་སྐྲ་གསེང་ལ་ལྷབ་ལྷུབ་གཡོ་བའི་དར་ཚོན་གྱི་ལྡ་ལྡི་དང་རྒྱལ་མཚ་གྱི་བཀྲག་མདངས
གསེར་ཏོག  མི་ཉམ་པའི་ལོ་ཟླ  སྐྱེ་འཆི  ཡང་སྐོར་བསྐྱར་སྐོར་གྱི་དོན་སྙིང
ཆེས་ཐོག་མའི་རྒྱལ་སྲས་དང་ཆེས་མཇུག་མཐའི་གཏམ་རྒྱུད    ཟླ་འོད་འོག་ཏུ
དར་སྲབ་ཀྱི་ཤམ་བུ་བསྐྱོད་པའི་ཁྲོད་ན་མཆོང་ལྡིང་བྱེད་ཀྱིན་པའི་སྐྱེད་ཚལ
སྐྱེད་ཚལ་ཁྲོད་ཀྱི་སྟངས་སྟབས་དང་ཟློས་གར  སྐྱེད་ཚལ་ཁྲོད་ཀྱི་མེ་ལྕེ་དཀར་པོ
ཡོད་མེད་གཉིས་ཀྱི་མཚམས་ན་འཕག་འཚག་རྒྱག་གིན་པའི་དཀར་ནག་ཉིས་འདྲེས
དཀར་པོ   བཙུན་མོ་ཞིག་གི་སྐག  ས་རྩི   ནག་པོ    རྒྱལ་པོ་ཞིག་གི་འཛུམ་མདངས
དཀར་པོ   རྒྱལ་པོ་ཞིག་གི་གསེར་ཞྭ   ནག་པོ   རྟ་མཆོག་ཅིག་དང་ལྕག་ཚན
                                     ༢༠༠༡ལོའི་ཟླ་བཅུ་གཅིག་ཉིན་ལྷ་སའི་མགར་ཁང་དུ
 
རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་།

2008-11-30 ལྗང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།