དྭངས་གཙང་གི་འཇུག་ངོགས།

-མགྲོན་ཁང་ཞིག་ཏུ་བུད་མེད་ཅིག་གིས་ཁྲུས་གསོལ་བའི་སྒྲ་ཐོས་པ།

བུད་མེད་ཁྱོད་ཀྱང་ང་དང་འདྲ་བར

གྲོང་ཁྱེར་འདིའི་མཚན་མོའི་ཁ་ཕྱེས་ཏེ

བག་ཆགས་ཀྱི་སྐར་ཕྲན་རེ་རེ་འཆམ་འཆམ་དུ་ཕུད་དུས

སང་ཉིན་ནི  ཨ་མའི་ནུ་མ་དང་ཁ་བཀར་རྗེས་ཀྱི་སང་ཉིན་ལྟ་བུ་ནི

ཁྱོད་དང་ང་ཡི   ངོ་མི་ཤེས་པའི་དུས་ཚོད་འདིའི་དགྲ་བོ་དང་འདྲ་བས

བཙོན་ཁང་ཕྱི་རོལ་གྱི་ཡུལ་ལྗོངས་ཞེས་པ་ནི

དོ་དགོང་གི་ཡུལ་ལྗོངས་འདི་རེད་ཨང

སྐབས་སུ་ཐོབ་པའི  ལྟར་སྣང་མ་ཡིན་པའི

ཁྱོད་ཀྱི་ཁྲུས་གསོལ་བའི་སྒྲ་འདི་ནི

རི་བོང་ཅལ་འདྲོགས་རྗེས་ཀྱི་ཕྱི་མིག་དཀོས་ཐག་དེ་ཡིན་པས

དོ་དགོང  གྲོང་ཁྱེར་འདིའི་ཕྱི་ནང་ཀུན་ཏུ

གཞུང་ལས་ཀྱིས་མཉམ་མ་བཞག་པའི་དུས་ཚོད་ཁོ་ན  གཉིད་དུ་ཡུར

འུ་གཉིས་ཀྱི་བར་ན་བཞེངས་པའི་ཨར་འདམ་གྱི་གྱང་ལག་དེ་ནི

ལམ་ཐག་གི་མཛེས་སྡུག་ཇི་བཞིན་སྲབ་མོར་སྣང་ལ

ཆོས་ལུགས་དང་ཀུན་སྤྱོད་ཀྱང་དེ་བཞིན་དུ་སྣང་བའི་དུས་འདི་ལ

ངས   སྐབས་སུ་ཉན་བཞིན་པ་ནི་ཁྱོད་ཡིན་ལ

མཚན་ལན་རེར

ང་རང་ཉིད་ཡིན་པ་འདྲ

སྦུ་གུ་ལས་ཟགས་པའི་ཆུ་དྲོན་མོ་དེ

དོ་དགོང་གི་མཚན་ལྗོངས་ལ་བཏང་བའི་འཁྱག་ཆུ་རེད་ཅེས་སྨྲེང་དོན

རྡོ་བའི་རྣམ་ཤེས་བཞིན་རང་དབང་ལྡན་པའི་སྣང་བ་འདི

སྐད་ཆ་དང་མཁའ་དབུགས་འཕྲད་པའི་དྲོད་རླབས་སུ་ལྕེབ་དགོས་པས

ལམ་ཐག་ནི་བར་དོའི་མཛེས་སྡུག་གཡེང་བྱེད་ཀྱི་ཐག་རྡང་དེ་དང་འདྲ

སང་ཞོགས་ཀྱི་དུས་ཚོད

སྒོར་ཤུན་བཤུས་པ་ལྟར་སྐྱ་ཐག་སེར་གསལ་དུས

ངེད་གཉིས་ནི  དགུན་གྱི་ཆུ་རྫ་ལྟར་དྲོད་ཀྱིས་བཏུམས་དགོས་པས

མགྲོན་ཁང་འདི་ནས  ཁྱོད་ཀྱི་ཁྲུས་གསོལ་བའི་སྒྲ་རྐྱང་རྐྱང་དེ

གདོད་མའི་སྤྱི་ཚོགས་ལྟར་ལྷིང་འཇགས་ཀྱིས་བསྐྱུར་ཡོད

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྭངས་གཙང་གི་འཇུག་ངོགས།

2009-12-21 ན་རོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།