འབག་སྐུ་ཞིག་གི་སྙིང་གཏམ།
ང་ལ་ཕྱག་སྐོར་བྱས་ནས་བྱ་བ་དེ་འདྲ་བཅོལ་ནས་ཅི་བྱེད
ང་ལ་མཐུ་སྟོབས་ཀྱི་ནུས་པ་ཅི་ཡང་མེད
ང་ལ་ཟས་གོས་ཕུལ་ནས་མཆོད་པ་དེ་འདྲ་བྱས་ནས་ཅི་བྱེད
ང་ལ་བདེ་སྡུག་གི་ཚོར་བ་ཅི་ཡང་མེད
ང་ནི་སྔོན་བྱོན་དམ་པ་ཚོས་མ་དཔེ་སྟོན་བྱེད་ཅིག་ཡིན
ང་ནི་ད་ལྟའི་སྡིག་ཅན་ཚོས་ལྷ་ཆོས་དྲན་བྱེད་ཅིག་ཡིན
ང་ནི་ལྷ་མིན་ཏེ
ལུས་པོ་འཇིམ་པ་ཡིན
ཁོག་པ་གཟུངས་གཞུག་ཡིན
ཤེས་ཨེ་བྱུང ང་ལྷ་མིན
དོན་དམ་གྱི་ལྷ་དེ་ཁྱོད་ཚོའི་རང་སེམས་ཡིན
བསླུ་མེད་ཀྱི་མགོན་དེ་ཁྱོད་ཚོ་རང་ཉིད་ཡིན
ང་ལ་ནུས་པ་མེད
ང་ལ་ཚོར་བ་མེད
ང་ནི་དངོས་པོ་ཞིག་ཡིན
ང་ནི་གཟུགས་བརྙན་ཞིག་ཡིན།
རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག