ཕ་ཡུལ།

ང་ནི། ཕ་ཡུལ་དེར།

ལས་དབང་གིས་ཁྲིད་པར་ཡིད་ཆེས་ཤིང་།

རྩྭ་ཐང་དང་གངས་རི།

ད་དུང་འཛད་མེད་ཀྱི་ཆུ་ཀླུང་སྟེ།

དེ་དག་གིས་དཔལ་གྱིས་མྱོས་པས།

ངས་ད་གཟོད།  ངའི་མགོ་ཐོག་གི་ནམ་མཁའ་དེར།

དྲི་མ་མེད་པ་ཚོར།

 

འོ་ཇས་གཏམས་པའི་དཀར་ཡོལ་འབྲུག་རིས་མ།

གྲང་འཁྱག་དང་ཚི་དྲེག་གིས་སིམ་པའི་པགས་ལྭ་རིང་བོ།

ད་དུང་། གནག་ཕྱུགས་རྗེས་ཀྱི་བརྐོས་རིས་ལྟ་བུའི་གཟུགས་གཞི་དེ་དག

རང་སེམས་སྒུལ་བྱེད་ཀྱི་དམངས་སྲོལ་ལམ།

སྙིང་དུ་འཆང་བའི་བློ་སྟོབས་ཤིག་གམ།

 

གང་ལྟར། རླུང་ནི་ལྷད་མེད་དུ་ལྡང་བཞིན།

དྲན་སྣང་རིགས་ཤིག་གི་གསེད་འགྲོལ་དུ་གྱུར་ལ།

ཉི་འོད་དེ་ལྟར་རིས་མེད་དུ་འཕྲོ་བཞིན།

རེ་བ་ཕྲན་ཚེགས་ཀྱི་དྲན་པ་གསོ།

 

རྟོག་སྣང་ཁྲོད་རྐྱོང་བཞིན་པའི་རྩྭ་ཐང་གི་རྒྱ་ཁྱོན།

འབྲོག་གླུ་ཁེར་རྐྱང་ཞིག་གིས་ཀྱང་སྟོང་ཆ་བསྐངས།

ངའི་ཕ་ཁྱིམ་གྱི་སྦྲ་སྒོར་ཉལ་བའི་འབྲོག་ཁྱི་དེས།

ད་དུང་ང་ངོ་ཤེས་སམ།

 

ཕ་ཡུལ་ནི། དེ་ལྟར་སྡང་སེམས་དང་ཡིད་ཆེས་ཁྲོད།

བསྐྲད་ཀྱང་འབྲལ་ཐབས་མེད་པའི་དྲན་གཞིར་གྱུར།

རྩོམ་ཁུངས། ༢༠༠༥ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ།

2009-12-16 སྒྲོམ་བརྟན། ཀློག་གྲངས། མཆན ཡོད།

ང་ནི། ཕ་ཡུལ་དེར།

ལས་དབང་གིས་ཁྲིད་པར་ཡིད་ཆེས་ཤིང་།

རྩྭ་ཐང་དང་གངས་རི།

ད་དུང་འཛད་མེད་ཀྱི་ཆུ་ཀླུང་སྟེ།

དེ་དག་གིས་དཔལ་གྱིས་མྱོས་པས།

ངས་ད་གཟོད།  ངའི་མགོ་ཐོག་གི་ནམ་མཁའ་དེར།

དྲི་མ་མེད་པ་ཚོར།

 

འོ་ཇས་གཏམས་པའི་དཀར་ཡོལ་འབྲུག་རིས་མ།

གྲང་འཁྱག་དང་ཚི་དྲེག་གིས་སིམ་པའི་པགས་ལྭ་རིང་བོ།

ད་དུང་། གནག་ཕྱུགས་རྗེས་ཀྱི་བརྐོས་རིས་ལྟ་བུའི་གཟུགས་གཞི་དེ་དག

རང་སེམས་སྒུལ་བྱེད་ཀྱི་དམངས་སྲོལ་ལམ།

སྙིང་དུ་འཆང་བའི་བློ་སྟོབས་ཤིག་གམ།

 

གང་ལྟར། རླུང་ནི་ལྷད་མེད་དུ་ལྡང་བཞིན།

དྲན་སྣང་རིགས་ཤིག་གི་གསེད་འགྲོལ་དུ་གྱུར་ལ།

ཉི་འོད་དེ་ལྟར་རིས་མེད་དུ་འཕྲོ་བཞིན།

རེ་བ་ཕྲན་ཚེགས་ཀྱི་དྲན་པ་གསོ།

 

རྟོག་སྣང་ཁྲོད་རྐྱོང་བཞིན་པའི་རྩྭ་ཐང་གི་རྒྱ་ཁྱོན།

འབྲོག་གླུ་ཁེར་རྐྱང་ཞིག་གིས་ཀྱང་སྟོང་ཆ་བསྐངས།

ངའི་ཕ་ཁྱིམ་གྱི་སྦྲ་སྒོར་ཉལ་བའི་འབྲོག་ཁྱི་དེས།

ད་དུང་ང་ངོ་ཤེས་སམ།

 

ཕ་ཡུལ་ནི། དེ་ལྟར་སྡང་སེམས་དང་ཡིད་ཆེས་ཁྲོད།

བསྐྲད་ཀྱང་འབྲལ་ཐབས་མེད་པའི་དྲན་གཞིར་གྱུར།

རྩོམ་ཁུངས། ༢༠༠༥ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།