སུ་ནི་སྙན་ངག་པ་དེ་ཡིན།

སྙན་ངག་པ་ནི་སྙན་ངག་འབྲི་མཁན་དེ་ཡིན

སྙན་ངག་མི་འབྲི་བ་དེ་ཡིན

 

གྲགས་སྐམ་གྱི་ཆེད་དུ་རྒྱུག་པའི་མི་དེ་ཡིན

ཁ་རོག་གེར་འདུག་པའི་མི་དེ་ཡིན

 

ལྷག་བསམ་དཀར་བའི་མི་དེ་ཡིན

སེམས་གནག་པའི་མི་དེ་ཡིན

 

མགོ་སྐོར་གཏོང་བའི་མི་དེ་ཡིན

གཡོ་འོག་ཏུ་ཚུད་པའི་མི་དེ་ཡིན

 

ཐང་དུ་འགྱེལ་བའི་མི་དེ་ཡིན

ཀེར་རེར་འགྲེང་བའི་མི་དེ་ཡིན

 

གཅེར་བུར་བུད་པའི་མི་དེ་ཡིན

ལྭ་བ་གྱོན་པའི་མི་དེ་ཡིན

 

ཕྱི་རོལ་དུ་འགྲོ་བའི་མི་དེ་ཡིན

ནང་དུ་ལུས་པའི་མི་དེ་ཡིན

 

ཕུགས་བསམ་ཅན་གྱི་མི་དེ་ཡིན

ཉི་ཚེ་བའི་མི་དེ་ཡིན

 

དྲང་གཏམ་སྨྲ་བའི་མི་དེ་ཡིན

སྐྱག་རྫུན་ལབ་པའི་མི་དེ་ཡིན

 

ལྟག་པར་དགྱེ་བའི་མི་དེ་ཡིན

ཞུམ་ཞུམ་འགྲོ་བའི་མི་དེ་ཡིན

 

……

ཁྱོད་ནི་གང་ཡིན

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སུ་ནི་སྙན་ངག་པ་དེ་ཡིན།

2009-11-28 མོག་ཟླ། ཀློག་གྲངས། མཆན ཡོད།

སྙན་ངག་པ་ནི་སྙན་ངག་འབྲི་མཁན་དེ་ཡིན

སྙན་ངག་མི་འབྲི་བ་དེ་ཡིན

 

གྲགས་སྐམ་གྱི་ཆེད་དུ་རྒྱུག་པའི་མི་དེ་ཡིན

ཁ་རོག་གེར་འདུག་པའི་མི་དེ་ཡིན

 

ལྷག་བསམ་དཀར་བའི་མི་དེ་ཡིན

སེམས་གནག་པའི་མི་དེ་ཡིན

 

མགོ་སྐོར་གཏོང་བའི་མི་དེ་ཡིན

གཡོ་འོག་ཏུ་ཚུད་པའི་མི་དེ་ཡིན

 

ཐང་དུ་འགྱེལ་བའི་མི་དེ་ཡིན

ཀེར་རེར་འགྲེང་བའི་མི་དེ་ཡིན

 

གཅེར་བུར་བུད་པའི་མི་དེ་ཡིན

ལྭ་བ་གྱོན་པའི་མི་དེ་ཡིན

 

ཕྱི་རོལ་དུ་འགྲོ་བའི་མི་དེ་ཡིན

ནང་དུ་ལུས་པའི་མི་དེ་ཡིན

 

ཕུགས་བསམ་ཅན་གྱི་མི་དེ་ཡིན

ཉི་ཚེ་བའི་མི་དེ་ཡིན

 

དྲང་གཏམ་སྨྲ་བའི་མི་དེ་ཡིན

སྐྱག་རྫུན་ལབ་པའི་མི་དེ་ཡིན

 

ལྟག་པར་དགྱེ་བའི་མི་དེ་ཡིན

ཞུམ་ཞུམ་འགྲོ་བའི་མི་དེ་ཡིན

 

……

ཁྱོད་ནི་གང་ཡིན

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།