ཉིན་དེ་ནས་བཟུང་།
འདས་ཟིན་པའི་ཞང་བོ་ལ་ཕུལ་བ།
མུན་འཐིབས་པའི་གནམ་གཤིས
རྡུལ་འཚུབ་པའི་ཁོར་ཡུག
དོན་རྐྱེན་འདིའི་སྔོན་འགྲོ་ཡིན་ངེས
ཁ་པར ཁ་མི་སོས་རྒྱུ་དེས
བསྐྱུར་མི་ཐུབ་པའི་ཞེན་ཆགས་ཤིག་གིས་རྨ་ཁ་བསླངས
ལྷན་འཛོམས དགོད་སྒྲ་ཞིག
གློ་བུར གློ་བུར་དེས མཇུག་མཐའི་གྱེས་བརྡ་བཏང
ཨ་ཞང འདི་འདྲའི་བྲེལ་དོན་ཅི
ཁྱོད་བཞུད་པ་སྔ་སོང་བས
ཁྱིམ་གྱི་དྲོད་ཁོལ
ཕ་ཡུལ་གྱི་རྩྭ་ཐང ཕ་ཡུལ་གྱི་ནམ་མཁའ
ཡོད་ཚད་ཀྱིས་ཁྱོད་ལ་བསྒུག་ཡོད
ཡོད་ཚད་ཁྱོད་ལ་འཁྲེང་ཡོད
གཏིང་ཟབ་པའི་བག་ཆགས
རིན་ཐང་བྲལ་བའི་བརྩེ་སེམས
མི་ཕོད མང་བོར་ཕྱི་དྲན་བྱེད་མི་ཕོད།
རྩོམ་ཁུངས། ༢༠༠༨༢༠༠༩ལོའི་རིག་གནས་ཡར་སྤེལ།