བུམ་ནང་གི་མེ་ཏོག(ཞར་བཀོད་གཅིག)
གདུག་རྩུབ་ཀྱི་ཁོར་ཡུག་ལས་བརྒལ་ཏེ
ཡིད་འོང་གི་བུམ་པར་གནས་ཀྱང
མཛེས་རིས་ཀྱིས་བརྒྱན་པའི་བུམ་པ་དེ
སུ་ཞིག་གི་གཡོ་སྒྱུ་ལས་གྲུབ་པའི་ར་བ་ཡིན་པས
ནམ་ཞིག ཚེ་སྲོག་གི་ཉིང་ཁུ་ལྷག་མེད་འཕྲོག་སྲིད
ད་དུང མེ་ཏོག་ནམ་ཡང་མེ་ཏོག་ཡིན་ཡང
བུམ་པ་རྟག་ཏུ་བུམ་པ་ཡིན་མི་སྲིད་པས
མེ་ཏོག་དང་མེ་ཏོག་ལྟ་བུའི་སེམས་ཅན་ཚོར
མཐའ་མཇུག་གི་སྡོད་གནས་ཡོད་ཨེ་སྲིད
འཕྲུལ་སྣང་།
ཕྱི་རོལ་ན་ཆད་མེད་དུ་འབབ་བཞིན་པའི
བསིལ་ཆར་དེས ཁོར་ཡུག་གི་ཕྱི་ནང་ཀུན
རློན་པར་གཏོང་མ་ཐུབ ཡིན་ནའང
གློ་བུར་དུ ཁ་པར་ལས་ཐོས་པའི་ཁྱོད་ཀྱི་སྐད་གདངས་དེས
ངའི་སེམས་པའི་ཕྱི་ནང་ཀུན
ནེམ་ཤུར་ཤུར་བཏང་སོང་ཨང
རྩོམ་ཁུངས། ༢༠༠༥ལོའི