ཡི་དམ་ཚེ་རིང་བཀླགས་པ།

ཁྱེད་ནི་ཁ་བའི་འོབས་ཀྱི་མེ་ལྕེ་དང་འདྲ་བོ་ཡིན
ཁྱེད་ནི་བོད་ལ་དམིགས་བསལ་དུ་ཡོད་པའི་གླིང་སྒྲུང་དང་འདྲ་བོ་ཡིན
ཁྱེད་ནི་ཉིན་མོའི་སྐར་མ་ཁེར་སྡོད་ཅིག་དང་འདྲ་བོ་ཡིན
ཁྱེད་ནི་ཚ་མི་ཚ་མེད་པའི་ཚེར་མའི་མེ་དང་འདྲ་བོ་ཡིན

ཁྱེད་ཀྱི་གཡུ་རལ་གསིག་ཤེས་པའི་སེང་གེ་དེ་ད་དུང་འདི་ན་ཡོད
ཁྱེད་ཀྱི་དམ་བཅའ་རྡོ་རྗེའི་ཚིག་རྐང་གཅིག་པོའང་ད་དུང་འདི་ན་ཡོད
ཁྱེད་ཀྱི་བྲང་ཁོག་སྟོད་ན་འཕྱོ་བའི་དགའ་སྐྱོ་ཆགས་སྡང་གི་ཡི་གེའང་ད་དུང་འདི་ན་ཡོད
ཁྱེད་ཀྱི་ཚེ་གཅིག་ལུས་གཅིག་ལ་འགག་མ་མྱོང་བའི་གླུ་སྐད་དེའང་ད་དུང་འདི་ན་ཡོད

ཁྱེད་ནི་མེ་སྟག་སྤར་མོ་གང་བཟུང་ནས་ཐོན་འོང་པ་དེ་ཡིན་ནམ
ཁྱེད་ནི་མེ་སྟག་སྤར་མོ་གང་བཟུང་ནས་བུད་སོང་བ་དེ་ཡིན་ནམ

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག་དེབ༤བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡི་དམ་ཚེ་རིང་བཀླགས་པ།

2010-01-27 གཉན། ཀློག་གྲངས། མཆན ཡོད།

ཁྱེད་ནི་ཁ་བའི་འོབས་ཀྱི་མེ་ལྕེ་དང་འདྲ་བོ་ཡིན
ཁྱེད་ནི་བོད་ལ་དམིགས་བསལ་དུ་ཡོད་པའི་གླིང་སྒྲུང་དང་འདྲ་བོ་ཡིན
ཁྱེད་ནི་ཉིན་མོའི་སྐར་མ་ཁེར་སྡོད་ཅིག་དང་འདྲ་བོ་ཡིན
ཁྱེད་ནི་ཚ་མི་ཚ་མེད་པའི་ཚེར་མའི་མེ་དང་འདྲ་བོ་ཡིན

ཁྱེད་ཀྱི་གཡུ་རལ་གསིག་ཤེས་པའི་སེང་གེ་དེ་ད་དུང་འདི་ན་ཡོད
ཁྱེད་ཀྱི་དམ་བཅའ་རྡོ་རྗེའི་ཚིག་རྐང་གཅིག་པོའང་ད་དུང་འདི་ན་ཡོད
ཁྱེད་ཀྱི་བྲང་ཁོག་སྟོད་ན་འཕྱོ་བའི་དགའ་སྐྱོ་ཆགས་སྡང་གི་ཡི་གེའང་ད་དུང་འདི་ན་ཡོད
ཁྱེད་ཀྱི་ཚེ་གཅིག་ལུས་གཅིག་ལ་འགག་མ་མྱོང་བའི་གླུ་སྐད་དེའང་ད་དུང་འདི་ན་ཡོད

ཁྱེད་ནི་མེ་སྟག་སྤར་མོ་གང་བཟུང་ནས་ཐོན་འོང་པ་དེ་ཡིན་ནམ
ཁྱེད་ནི་མེ་སྟག་སྤར་མོ་གང་བཟུང་ནས་བུད་སོང་བ་དེ་ཡིན་ནམ

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག་དེབ༤བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།