ཁ་ཤུལ་གྱི་ཉི་མ།

ཁ་བ་དལ་གྱིས་བབས་བྱུང

བརླན་གཤེར་གྱི་ཚོར་སྣང་སྐྱེན་པའི་ང་ཚོས

དབེན་འཇམ་གྱི་ཡི་གེར  ནམ་ཡང

བརྗོད་མི་ལངས་པའི་ངོ་མཚར་གྱི་མཛེས་སྡུག་ཅིག་བསྐྲུན་སོང

 

ཁ་བ་དལ་གྱིས་བབས་བྱུང

ཆུ་མོའི་འགྲམ་ངོགས་དང

ས་མཐོའི་རི་ལུང་གང་སར

སྲིད་པའི་གཡང་ལ་འཁུ་བའི་ཚེ་སྲོག་གི

བསྟོད་གླུ་བཞིན  ང་ཚོའི་སྙིང་ཁར་སིམ

 

གངས་དཀར་ལས་འཕྲོས་པའི་ལྗང་མདོག་གི་རྨི་ལམ་རེ་རེ

བདེ་སྦྱིན་གྱི་ཞིང་ཁམས་དེའི་ས་བོན་དུ་སྨིན་ཚེ

དུངས་ཞེན་གྱིས་བརླན་པའི་སྐྱེ་བོ་ཚོའི་བྲང་ཁར

ཉམས་མེད་བླ་སྲོག་གི་ཚན་ཁ་འབར

མེས་པོ་ཚོས་ལོ་ངོ་སྟོང་ཕྲག་ལ་གྱེར་བའི

སྲིད་པ་ཆགས་གླུ་དེ  ཁ་བའི་འདབ་མ་དང་ལྷན་དུ

ང་ཚོའི་ཟུངས་ཁྲག་ཏུ་རྒྱུ་ཞིང

ང་ཚོའི་སྤྱི་བོ་རུ་འཐིམ

 

ཁ་བ་དལ་གྱིས་བབས་བྱུང

སྐད་ཅིག་མའི་གཟུགས་བརྙན་གྱི་མཛེས་རིས་དྭངས་མ་དེ

སིམ་སིམ་གྱི་འཇམ་མཉེན་རོལ་དབྱངས་ཤིག་ཏུ་བཞུར་ཚེ

ངོ་མཚར་བའི་འཆར་ཡན་གྱི་རྟོག་པ་དེས

ང་ཚོར་དྲོད་སྐྱིད་སྦྱིན་ལ  ང་ཚོར་བདེ་སྣང་བསྩལ

 

གཞན་ཚོས་འཆར་ཡན་གྱི་ལོ་ཟླའི་ཕ་རོལ་ན

ད་དུང་ཁ་བའི་གདུག་རྩུབ་དང

ཁ་བའི་མྱ་ངན་ཡོད་ཚུལ་གླེང་ཞིང  དེ་ཡི

ཉམས་འགྱུར་གྱི་མཚོན་སྟངས་གཞན་ཞིག་གླེང

ཁ་ཤུལ་གྱི་ཉི་མའི་དྲོད་སྐྱིད་ལ་འཁུ་བའི་ང་ཚོས

ཁ་བ་དང་རྨི་ལམ་གྱི་དྭངས་མ་དེ་རུམ་ཞོར

ཡར་ནས་ཡར་དུ་བསྐྱོད་ཅིང

དཔྱིད་ཀྱི་འདུན་མ་དེ་བསུའོ

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་ཤུལ་གྱི་ཉི་མ།

2010-01-11 དཔལ་ལྷ། ཀློག་གྲངས། མཆན ཡོད།

ཁ་བ་དལ་གྱིས་བབས་བྱུང

བརླན་གཤེར་གྱི་ཚོར་སྣང་སྐྱེན་པའི་ང་ཚོས

དབེན་འཇམ་གྱི་ཡི་གེར  ནམ་ཡང

བརྗོད་མི་ལངས་པའི་ངོ་མཚར་གྱི་མཛེས་སྡུག་ཅིག་བསྐྲུན་སོང

 

ཁ་བ་དལ་གྱིས་བབས་བྱུང

ཆུ་མོའི་འགྲམ་ངོགས་དང

ས་མཐོའི་རི་ལུང་གང་སར

སྲིད་པའི་གཡང་ལ་འཁུ་བའི་ཚེ་སྲོག་གི

བསྟོད་གླུ་བཞིན  ང་ཚོའི་སྙིང་ཁར་སིམ

 

གངས་དཀར་ལས་འཕྲོས་པའི་ལྗང་མདོག་གི་རྨི་ལམ་རེ་རེ

བདེ་སྦྱིན་གྱི་ཞིང་ཁམས་དེའི་ས་བོན་དུ་སྨིན་ཚེ

དུངས་ཞེན་གྱིས་བརླན་པའི་སྐྱེ་བོ་ཚོའི་བྲང་ཁར

ཉམས་མེད་བླ་སྲོག་གི་ཚན་ཁ་འབར

མེས་པོ་ཚོས་ལོ་ངོ་སྟོང་ཕྲག་ལ་གྱེར་བའི

སྲིད་པ་ཆགས་གླུ་དེ  ཁ་བའི་འདབ་མ་དང་ལྷན་དུ

ང་ཚོའི་ཟུངས་ཁྲག་ཏུ་རྒྱུ་ཞིང

ང་ཚོའི་སྤྱི་བོ་རུ་འཐིམ

 

ཁ་བ་དལ་གྱིས་བབས་བྱུང

སྐད་ཅིག་མའི་གཟུགས་བརྙན་གྱི་མཛེས་རིས་དྭངས་མ་དེ

སིམ་སིམ་གྱི་འཇམ་མཉེན་རོལ་དབྱངས་ཤིག་ཏུ་བཞུར་ཚེ

ངོ་མཚར་བའི་འཆར་ཡན་གྱི་རྟོག་པ་དེས

ང་ཚོར་དྲོད་སྐྱིད་སྦྱིན་ལ  ང་ཚོར་བདེ་སྣང་བསྩལ

 

གཞན་ཚོས་འཆར་ཡན་གྱི་ལོ་ཟླའི་ཕ་རོལ་ན

ད་དུང་ཁ་བའི་གདུག་རྩུབ་དང

ཁ་བའི་མྱ་ངན་ཡོད་ཚུལ་གླེང་ཞིང  དེ་ཡི

ཉམས་འགྱུར་གྱི་མཚོན་སྟངས་གཞན་ཞིག་གླེང

ཁ་ཤུལ་གྱི་ཉི་མའི་དྲོད་སྐྱིད་ལ་འཁུ་བའི་ང་ཚོས

ཁ་བ་དང་རྨི་ལམ་གྱི་དྭངས་མ་དེ་རུམ་ཞོར

ཡར་ནས་ཡར་དུ་བསྐྱོད་ཅིང

དཔྱིད་ཀྱི་འདུན་མ་དེ་བསུའོ

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།