བོད་ལྗོངས་ཟིན་ཐོ།

ལྷ་ས།

སེམས་ཀྱི་རྩིག་ལྡེབས་ངོས་སུ་འབྱར་བའི་ལྷ་ས།

ཆུང་དུས་ཨ་མས་བཤད་པའི་གནའ་གཏམ་གྱི་ཁྲོད་ན་ཡོད།

མཚན་རེར་ཨ་ཕས་ཞལ་ཕྱེ་བའི་མར་མེ་ཡི་ཀློང་ན་ཡོད།

 

ལྷ་ཚོགས་དང་སྒྱུ་འཕྲུལ་གྱིས་ཕྱུག་པའི་རྡོ་ཡི་གྲོང་ཁྱེར་བསམས་ནས།

དད་འདུན་དང་ལྷག་བསམ་གྱིས་སྐྱོར་བའི་རྡོ་ཡི་གྲོང་ཁྱེར་བསམས་ནས།

དོགས་པ་དང་སོམ་ཉི་ཡི་བར་ན་འདར་གྱིན་འདུག

 ཕ་བོང་ཁ།

རུས་སྦལ་གྱི་སྒལ་གཞུང་ལྟ་བུའི་ཕ་བོང་ཆེན་པོ།

དེའི་སྟེང་དུ་བཏབ་པའི་ཤེས་རིག་གི་གསེར་རྡོག་སུམ་ཅུ།

སྨག་གི་ཡོལ་རས་ཕྱེ་བ་ནས། བདག་གི་ཐོན་མི།

བཙན་པོ་སྲོང་བཙན་གྱི་ཉི་མས་ཕྱོགས་བཞིའི་མུན་པ་སེལ་སོང་ཨང་།

 

སེམས་ཀྱི་རླབས་སྒྲ་མ་འཇགས་གོང་།

བློས་བསླང་གི་ཁྲོད་ནས་བཙན་བློན་གཉིས་ཀྱི་སྐུ་བརྙན་མཐོང་།

རེ་བའི་འཆར་སྣང་ཡལ་ཤུལ་དུ།

རྒས་འཁོགས་ཀྱི་དགེ་འདུན་ཞིག་ཕྱི་སྐོར་ལ་འགྲོ་བཞིན་པ་མཐོང་།

 

        ཡུམ་བུ་བརླ་མཁར།

ཡུམ་བུ་བརླ་མཁར།

ཡུ་མོའི་བརླ་ཤ་དང་མཚུངས་པའི་རི་སྒང་དུ་ཕབ་པ་ནས་བཟུང་།

ལོ་རྒྱུས་ཀྱི་ཁྲག་རྒྱུན་གསོན་པོ་ཞིག་ཏུ་རང་བཞིན་གྱིས་གྲུབ་སོང་ལ།

བཙན་པོ་དང་བཙུན་མོས་རྒྱང་གཟིགས་གནང་སའི་ལྡིང་ཁང་དུའང་གྲུབ་སོང་།

 

ཡུམ་བུ་བརླ་མཁར།

ཆར་ཞོད་ཐེངས་ཤིག་གིས་ང་ཚོའི་ངོ་གདོང་དང་ཡིད་སེམས་བརླན་དུས།

ཁྱོད་ནི་འཇའ་ཚོན་གྱི་ཀློང་ན་དབྱིངས་སུ་སྙེག་པའི་ཕོ་བྲང་ཁེར་རྐྱང་ཞིག་ཨང་།

 

 

 

རྩོམ་ཁུངས། ༢༠༠༧ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ལྗོངས་ཟིན་ཐོ།

2010-01-06 གེ་སར། ཀློག་གྲངས། མཆན ཡོད།

ལྷ་ས།

སེམས་ཀྱི་རྩིག་ལྡེབས་ངོས་སུ་འབྱར་བའི་ལྷ་ས།

ཆུང་དུས་ཨ་མས་བཤད་པའི་གནའ་གཏམ་གྱི་ཁྲོད་ན་ཡོད།

མཚན་རེར་ཨ་ཕས་ཞལ་ཕྱེ་བའི་མར་མེ་ཡི་ཀློང་ན་ཡོད།

 

ལྷ་ཚོགས་དང་སྒྱུ་འཕྲུལ་གྱིས་ཕྱུག་པའི་རྡོ་ཡི་གྲོང་ཁྱེར་བསམས་ནས།

དད་འདུན་དང་ལྷག་བསམ་གྱིས་སྐྱོར་བའི་རྡོ་ཡི་གྲོང་ཁྱེར་བསམས་ནས།

དོགས་པ་དང་སོམ་ཉི་ཡི་བར་ན་འདར་གྱིན་འདུག

 ཕ་བོང་ཁ།

རུས་སྦལ་གྱི་སྒལ་གཞུང་ལྟ་བུའི་ཕ་བོང་ཆེན་པོ།

དེའི་སྟེང་དུ་བཏབ་པའི་ཤེས་རིག་གི་གསེར་རྡོག་སུམ་ཅུ།

སྨག་གི་ཡོལ་རས་ཕྱེ་བ་ནས། བདག་གི་ཐོན་མི།

བཙན་པོ་སྲོང་བཙན་གྱི་ཉི་མས་ཕྱོགས་བཞིའི་མུན་པ་སེལ་སོང་ཨང་།

 

སེམས་ཀྱི་རླབས་སྒྲ་མ་འཇགས་གོང་།

བློས་བསླང་གི་ཁྲོད་ནས་བཙན་བློན་གཉིས་ཀྱི་སྐུ་བརྙན་མཐོང་།

རེ་བའི་འཆར་སྣང་ཡལ་ཤུལ་དུ།

རྒས་འཁོགས་ཀྱི་དགེ་འདུན་ཞིག་ཕྱི་སྐོར་ལ་འགྲོ་བཞིན་པ་མཐོང་།

 

        ཡུམ་བུ་བརླ་མཁར།

ཡུམ་བུ་བརླ་མཁར།

ཡུ་མོའི་བརླ་ཤ་དང་མཚུངས་པའི་རི་སྒང་དུ་ཕབ་པ་ནས་བཟུང་།

ལོ་རྒྱུས་ཀྱི་ཁྲག་རྒྱུན་གསོན་པོ་ཞིག་ཏུ་རང་བཞིན་གྱིས་གྲུབ་སོང་ལ།

བཙན་པོ་དང་བཙུན་མོས་རྒྱང་གཟིགས་གནང་སའི་ལྡིང་ཁང་དུའང་གྲུབ་སོང་།

 

ཡུམ་བུ་བརླ་མཁར།

ཆར་ཞོད་ཐེངས་ཤིག་གིས་ང་ཚོའི་ངོ་གདོང་དང་ཡིད་སེམས་བརླན་དུས།

ཁྱོད་ནི་འཇའ་ཚོན་གྱི་ཀློང་ན་དབྱིངས་སུ་སྙེག་པའི་ཕོ་བྲང་ཁེར་རྐྱང་ཞིག་ཨང་།

 

 

 

རྩོམ་ཁུངས། ༢༠༠༧ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།