བུ་མོ་ཆུང་ཆུང་དེ་བུད་སོང་། (ཞར་བཀོད་གཅིག)

བུ་མོ་ཆུང་ཆུང་དེ་བུད་སོང

རི་བོའི་ལྕི་ཚད་ཅིག་བཏེགས་ནས་བུད་སོང

མཚོ་མོའི་ཟབ་ཚད་ཅིག་ཁུར་ནས་བུད་སོང

ཉི་མ་མ་ཤར་གོང་བུད་སོང

 

བུ་མོ་ཆུང་ཆུང་དེ་བུད་སོང

རྩྭ་ཐང་གི་མཛེས་སྡུག་ཁྱེར་ནས་བུད་སོང

སྦྲ་ནག་གི་རྣམ་ཤེས་སྦྲུལ་ནས་བུད་སོང

སྐྱ་རེངས་མ་བཀྱགས་སྔོན་བུད་སོང

 

བུ་མོ་ཆུང་ཆུང་དེ་བུད་སོང

རྐང་རྗེས་ཁ་བར་བཞག་ནས་བུད་སོང

རྨི་ལམ་མིག་ཆུས་བྲིས་ནས་བུད་སོང

ངུ་ངག་མ་ཆད་པར་བུད་སོང

 

སྦྲ་ནག་ངུ་གིན་འདུག

སྒོ་ཁྱི་ཟུག་གིན་འདུག

བུ་མོ་ཆུང་ཆུང་དེ་བུད་སོང

ཡིག་ངོ་མ་ཆོད་གོང་བུད་སོང

  ལུག་རྫི་མ།

སྤྲིན་དཀར་རྩྭ་ཐང་གི་པང་ན་གཉིད

ལུག་ཁྱུ་སྤྲིན་དཀར་གྱི་སྟེང་ན་ཡན་འདུག

རྒྱང་རིང་ནས་མེ་ཏོག་བཞིན་འཛུམ་འོང་བ་དེ་ནི

དབྱར་གཞུང་གི་ཁྲང་ཁོག་ཚལ་བར་གཤགས་པའི་འོ་མའི་ཟིལ་བ་སྟེ

ལུག་རྫི་མའི་རྫི་གླུ་རེད

 

རྩྭ་ཐང་དབྱར་གཞུང་གི་རུམ་ན་ཡུར

སྦྲ་ནག་རྩྭ་ཐང་གི་ཕྲག་ན་འཚོ

མཚན་ངོགས་ནས་སྐར་མདའ་བཞིན་མཆེད་འོང་བ་དེ་ནི

སྦྲ་ནག་གི་རྣམ་ཤེས་དཀྲོགས་པའི་རླུང་བུའི་འགྱུར་ཁུགས་ཏེ

ལུག་རྫི་མའི་དྲན་གླུ་རེད

 

 

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་ཆུང་ཆུང་དེ་བུད་སོང་། (ཞར་བཀོད་གཅིག)

2009-12-24 ཡེ་ཤེས་སྐྱབས། ཀློག་གྲངས། མཆན ཡོད།

བུ་མོ་ཆུང་ཆུང་དེ་བུད་སོང

རི་བོའི་ལྕི་ཚད་ཅིག་བཏེགས་ནས་བུད་སོང

མཚོ་མོའི་ཟབ་ཚད་ཅིག་ཁུར་ནས་བུད་སོང

ཉི་མ་མ་ཤར་གོང་བུད་སོང

 

བུ་མོ་ཆུང་ཆུང་དེ་བུད་སོང

རྩྭ་ཐང་གི་མཛེས་སྡུག་ཁྱེར་ནས་བུད་སོང

སྦྲ་ནག་གི་རྣམ་ཤེས་སྦྲུལ་ནས་བུད་སོང

སྐྱ་རེངས་མ་བཀྱགས་སྔོན་བུད་སོང

 

བུ་མོ་ཆུང་ཆུང་དེ་བུད་སོང

རྐང་རྗེས་ཁ་བར་བཞག་ནས་བུད་སོང

རྨི་ལམ་མིག་ཆུས་བྲིས་ནས་བུད་སོང

ངུ་ངག་མ་ཆད་པར་བུད་སོང

 

སྦྲ་ནག་ངུ་གིན་འདུག

སྒོ་ཁྱི་ཟུག་གིན་འདུག

བུ་མོ་ཆུང་ཆུང་དེ་བུད་སོང

ཡིག་ངོ་མ་ཆོད་གོང་བུད་སོང

  ལུག་རྫི་མ།

སྤྲིན་དཀར་རྩྭ་ཐང་གི་པང་ན་གཉིད

ལུག་ཁྱུ་སྤྲིན་དཀར་གྱི་སྟེང་ན་ཡན་འདུག

རྒྱང་རིང་ནས་མེ་ཏོག་བཞིན་འཛུམ་འོང་བ་དེ་ནི

དབྱར་གཞུང་གི་ཁྲང་ཁོག་ཚལ་བར་གཤགས་པའི་འོ་མའི་ཟིལ་བ་སྟེ

ལུག་རྫི་མའི་རྫི་གླུ་རེད

 

རྩྭ་ཐང་དབྱར་གཞུང་གི་རུམ་ན་ཡུར

སྦྲ་ནག་རྩྭ་ཐང་གི་ཕྲག་ན་འཚོ

མཚན་ངོགས་ནས་སྐར་མདའ་བཞིན་མཆེད་འོང་བ་དེ་ནི

སྦྲ་ནག་གི་རྣམ་ཤེས་དཀྲོགས་པའི་རླུང་བུའི་འགྱུར་ཁུགས་ཏེ

ལུག་རྫི་མའི་དྲན་གླུ་རེད

 

 

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།