མི་ཞིག་དང་འདྲ།

ཧ་ཅང་རྣོ་བའི་རྭ་ཅོ་ཟུང་ཕན་ཚུན་བརྡར
ས་གཙུབས      རྡོ་བཅགས

རྔ་མ    ཕོན་ཆེར་བརྗིད་པའི་མེ་ཏོག་ནག་པོ 
གྱེན་དུ་བསླངས
སྤྲིན་པ་རྣམས་ཕྱོགས་སུ་བྱོལ
རླུང་བུས་འགྲོ་མཚམས་བཞག

གཡག་ཅིག་གིས་གཡག་དེ་ལ
གདུག་རྩུབ་ཆེ་བའི་ཁྱོད
མི་ཞིག་དང་འདྲ་ཞེས
རྒྱང་དུ་བྲོས

                      ༼གྲོང་ཁྱེར་ཀྱི་འཇིགས་པ། ༽
         ༡
དབུགས་ལྒང་དག་གི་ནང་དབུགས་དང
ཕྱི་ཚོན་གྱིས་གང་འདུག
ཁོ་ཚོ   རང་དགར་འཕུར
སྤྲིན་གྱི་ནུ་ཏོག་དང་འདྲ

ང་ཡིས་ཤིན་ཏུ་འཁྱགས་པའི་ལག་པ་རུམ་ལ་བཅུག
རུམ་ནི་འཇིག་རྟེན་གཞན་ཞིག་སྟེ
དེ་ཡང་ཤིན་ཏུ་འཁྱགས
           ༢
རྒྱུ་སྐར་དག་ནམ་མཁའི་རྨ་ཁ་སྟེ
དེ་དག་ལས་མུན་པའི་ཁྲག་ནག་འབབ
ནག་པོ་ཐམས་ཅད་མཚན་མོའི་དུས་སུའང་སྔར་བཞིན་ནག

ང་རང་ཉལ་ནས་མི་འདུག་པར 
ཕྱི་ལ་ཉུལ་དོན་ནི
རྨི་ལམ་སྟོང་བ་ལ་སྐྲག་པས་ཡིན
མཐའ་མེད་པའི་ལྷིང་འཇགས་ཁྲོད་ཀྱི་མཆུ་ཏོ་དེར་སྐྲག་པས་ཡིན
           ༣
ནམ་མཁའི་མེ་དྲོད་ཀྱིས་མ་ཞུ་བའི་གཤོག་པ་དེ་དག
ཐོགས་རེག་མེད་པར་འཕུར
ཡང་ཟོར་དང་ལྡེམ་མྱུར་གྱིས་བར་ཐག་དང་ངལ་དུབ་བསལ

འདབ་ཆགས་དེ་དག་གིས
བདག་གི་རུམ་ནས་ཁྱེར་བའི་འཕྲིན་པ་ཁྱོད་ཀྱི་སྒོ་རྩར་བཞག
འདབ་ཆགས་དེ་དག
དུད་ཁྱིམ་གང་གི་ཁང་ཀླད་དུ་བབས་ནས
ཨག་སྐད་ཙམ་ཡང་འདོན་མ་མྱོང 

ནམ་གུང་ལ
རྐང་སུག་ཐུང་བའི་གྲོག་མ་ཞིག
བདག་གི་སྙིང་ཁར་ངལ་ཏེ
འདི་ནི་མྱ་ངམ་ཐང་ངོ་ཟེར 

                        ༼འདས་ཁྱིམ་ལ་ཕུལ་བའི་སྙན་ཞུ། ༽

ཐོ་བ་གཅིག་དང་སྐུད་པ་ཐུང་ཐུང་ཞིག
ཕྱི་དྲོ་ཇ་འཐུངས་རྗེས་ཀྱི་ལག་ཤེད་དང
ནངས་དུས་སད་མ་ཐག་པའི་རིག་པ

ད་དུང   སྒོ་ང་གྲུ་བཞི་དང་འོད་ལེབ་མོ་ཞིག་ཡོད་ཚེ

ནད་ཁྲིའི་སྟེང་གི 
ཤི་ནས་ཉིན་མཚན་ཞེ་དགུ་ལོན་པའི་འདས་པོ་དེ་ངས་སྐྱོབ་ཐུབ
ང་ཁོ་ནས་སྐྱོབ་ཐུབ 

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཞིག་དང་འདྲ།

2010-07-12 ངར་མ། ཀློག་གྲངས། མཆན ཡོད།

ཧ་ཅང་རྣོ་བའི་རྭ་ཅོ་ཟུང་ཕན་ཚུན་བརྡར
ས་གཙུབས      རྡོ་བཅགས

རྔ་མ    ཕོན་ཆེར་བརྗིད་པའི་མེ་ཏོག་ནག་པོ 
གྱེན་དུ་བསླངས
སྤྲིན་པ་རྣམས་ཕྱོགས་སུ་བྱོལ
རླུང་བུས་འགྲོ་མཚམས་བཞག

གཡག་ཅིག་གིས་གཡག་དེ་ལ
གདུག་རྩུབ་ཆེ་བའི་ཁྱོད
མི་ཞིག་དང་འདྲ་ཞེས
རྒྱང་དུ་བྲོས

                      ༼གྲོང་ཁྱེར་ཀྱི་འཇིགས་པ། ༽
         ༡
དབུགས་ལྒང་དག་གི་ནང་དབུགས་དང
ཕྱི་ཚོན་གྱིས་གང་འདུག
ཁོ་ཚོ   རང་དགར་འཕུར
སྤྲིན་གྱི་ནུ་ཏོག་དང་འདྲ

ང་ཡིས་ཤིན་ཏུ་འཁྱགས་པའི་ལག་པ་རུམ་ལ་བཅུག
རུམ་ནི་འཇིག་རྟེན་གཞན་ཞིག་སྟེ
དེ་ཡང་ཤིན་ཏུ་འཁྱགས
           ༢
རྒྱུ་སྐར་དག་ནམ་མཁའི་རྨ་ཁ་སྟེ
དེ་དག་ལས་མུན་པའི་ཁྲག་ནག་འབབ
ནག་པོ་ཐམས་ཅད་མཚན་མོའི་དུས་སུའང་སྔར་བཞིན་ནག

ང་རང་ཉལ་ནས་མི་འདུག་པར 
ཕྱི་ལ་ཉུལ་དོན་ནི
རྨི་ལམ་སྟོང་བ་ལ་སྐྲག་པས་ཡིན
མཐའ་མེད་པའི་ལྷིང་འཇགས་ཁྲོད་ཀྱི་མཆུ་ཏོ་དེར་སྐྲག་པས་ཡིན
           ༣
ནམ་མཁའི་མེ་དྲོད་ཀྱིས་མ་ཞུ་བའི་གཤོག་པ་དེ་དག
ཐོགས་རེག་མེད་པར་འཕུར
ཡང་ཟོར་དང་ལྡེམ་མྱུར་གྱིས་བར་ཐག་དང་ངལ་དུབ་བསལ

འདབ་ཆགས་དེ་དག་གིས
བདག་གི་རུམ་ནས་ཁྱེར་བའི་འཕྲིན་པ་ཁྱོད་ཀྱི་སྒོ་རྩར་བཞག
འདབ་ཆགས་དེ་དག
དུད་ཁྱིམ་གང་གི་ཁང་ཀླད་དུ་བབས་ནས
ཨག་སྐད་ཙམ་ཡང་འདོན་མ་མྱོང 

ནམ་གུང་ལ
རྐང་སུག་ཐུང་བའི་གྲོག་མ་ཞིག
བདག་གི་སྙིང་ཁར་ངལ་ཏེ
འདི་ནི་མྱ་ངམ་ཐང་ངོ་ཟེར 

                        ༼འདས་ཁྱིམ་ལ་ཕུལ་བའི་སྙན་ཞུ། ༽

ཐོ་བ་གཅིག་དང་སྐུད་པ་ཐུང་ཐུང་ཞིག
ཕྱི་དྲོ་ཇ་འཐུངས་རྗེས་ཀྱི་ལག་ཤེད་དང
ནངས་དུས་སད་མ་ཐག་པའི་རིག་པ

ད་དུང   སྒོ་ང་གྲུ་བཞི་དང་འོད་ལེབ་མོ་ཞིག་ཡོད་ཚེ

ནད་ཁྲིའི་སྟེང་གི 
ཤི་ནས་ཉིན་མཚན་ཞེ་དགུ་ལོན་པའི་འདས་པོ་དེ་ངས་སྐྱོབ་ཐུབ
ང་ཁོ་ནས་སྐྱོབ་ཐུབ 

རྩོམ་ཁུངས། རྨ་ཆུའི་སྙན་ངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།