རྩྭ་ཐང་དང་དེའི་ཐལ་རྡུལ་གྱི་བརྩེགས་རིམ།

རྩྭ་ཐང་གིས་གདོང་འབག་གྱོན་ནས
ཉིན་སྲུབ་དང་མུན་པའི་མཚམས་ནས་སྐུང
སོང་བའང་སྔར་བཞིན་ཡིན་ལ
བསྡད་པའང་སྔར་བཞིན

ཧ་ཅང་རྙིང་དྲགས་པས་ཡིན་ནམ
མགོ་བོ་བཏེགས་ཏེ་ནམ་མཁའི་ལུག་ཁྱུ་དང
རྩྭ་ཐང་གི་སྤྲིན་པར་བལྟས་ན
ནམ་ཡང     བློ་ཡུལ་དུ་འཆར་བ་ནི
ཁེར་རྐྱང་དུ་རྒྱུ་བའི་གླག་གི་གྲིབ་མ་ཁོ་ན

མཚན་མོ་འདི་ལྟར་སླེབས་ཤིང
ཁྱོད་ཀྱི་མིག་ལྕིབས་ཡོངས་སུ་བཀབ་པས
ནང་སེམས་ཀྱི་སྨྲེ་ངག་ལས་ཅི་ཡང་ཚོར་གྱི་མི་འདུག

ཁུ་སིམ་མེར   ང་ཚོ
མུན་པའི་སྤྱིལ་བུ་འདི་རུ་སླེབས
འདི་རུ་ང་ཚོ་ཡུན་རིང་ལ་བགད་ཅིང
ཡུན་རིང་ལ་ངུས

ང་ཚོ་རུས་སྒྲོམ་བཞིན་འཐོར་ཞིང
དུས་ཚོད་ཀྱི་རུལ་མྱུགས་སུ་ག་ལེར་ཐིམ
ཤ་ཁྲག་དང་བཅས་པའི་ཚེ་སྲོག་གི་ཆར་ཐིགས་དེ
ཇེ་ཆུང་ནས་ཇེ་ཆུང་རེད

རང་ཉིད་ངོ་མི་ཤེས་པའི་མཚན་མོ་དེ་ནས་བཟུང
ཕན་ཚུན་གྱི་དམིགས་པ་རང་དགར་ཞིག་ཅིང
འབོད་ལོབས་སུ་གྱུར་བའི་རུས་མིང་དེའང་སྔར་ནས་བརྗེད་ཚར
            ༼   ང་ཚོ་དང་ཉེ་བར་བཅར་བའི་འཇིག་ཉེན།༽
ང་ཚོའི་ལུས་པོ་ཁང་བརྩེགས་ཀྱི་འཚང་ཀོ་བསེ་བཙིར
ང་ཚོའི་ཡན་ལག་རྣོ་ལྕགས་ཀྱི་ཚག་སྒྲས་བཅད
ང་ཚོའི་ནང་ཁྲོལ་གཞུང་ལམ་གྱི་རྙོག་ཆུས་བཤལ
གློ་མཆིན་ཡང་རྫས་འགྱུར་གྱི་དུག་དྲིས་ཟིན
ཀྱེ་མ་མི་གཤིས་ཀྱི་གངས་རི་ད་ལྟ་གང་དུ་ཡལ
མུན་ནག་གི་ཟས་སུ་རོལ་བའི་གངས་དཀར་དང
མགོ་ཐོག་གི་རྩིད་སྦྲ་སྨུག་ཆུང
ཆུང་ངུ་ནས་ཆུང་ངུར་འགྱུར་གྱིན་འདུག
རི་དྭགས་དང་ནགས་ཚལ་བརླགས་པའི་རྗེས་ཤུལ་ནས
ལག་པ་ཆུང་ཆུང་གཞན་གྱི་ཕུན་ཚོགས་ལ་བཟེད
གཏོར་བཤིག་གིས་མ་ཡུམ་གྱི་གཙང་ཆུ་རྙོག་པར་བཟོས
ཤེས་རིག་དང་བསམ་བློའི་གློག་དམར་ཡང་སྐད་ཅིག་ཏུ་འཚུབ
ལྗན་ལྗིན་དང་རུལ་མྱགས་ཀྱིས་གྲིབ་གཟུགས་འདི་གད་སྙིགས་ཀྱི་རོ་བོར་བསྒྱུར
ས་སྤར་མོ་གང་བོ་རང་ཉིད་ཀྱི་རྐང་པར་གླན་ནས
འཁང་ར་དང་ཡི་མུག་གིས་འཇིག་རྟེན་གྱི་མུན་པར་རོལ་དུས
སྲིད་པ་འདིའི་གས་སྲུབས་གཞན་ཞིག་ལ
ང་ཚོ་བྱ་སྤུ་བཞིན་ཡང་ཟོར་གྱིས་འབབ་ཡང་སྲིད
                  ༼  འགྲོ་ཞོར་དུ།༽
ངས་རྨི་ལམ་མངོན་པར་རྟོགས་པའི་གསང་བ་དག་རློམ་ཚར
འཇའ་ཚོན་གོས་སུ་བྱེད་པའི་བསླུ་བྲིད་དེ་མཐོང་ཚར
ཁྲ་ཆིལ་ལེར་སྣང་བའི་འབྲོག་སྡེ་དེ་ཡང
སྐད་ཅིག་ལ་ཆུ་ཐིགས་ཤིག་གི་ངོ་བོར་ཐིམ
ཐམས་ཅད་སེམས་ཀྱི་གཏིང་དུ་འབྱར་རྗེས
ང་ལ་ཡ་མཚར་སྐྱེ་དགོས་པ་ཅི་ཡང་མ་བྱུང
ང་ལ་དོན་སྙིང་གིས་སྟོང་བའི     རྨ་ཁས་དབེན་པའི་ཚོར་བ་ཞིག་སྦྱིན
ངས་ཆར་ཆུས་བར་མེད་དུ་བྲན་པའི་ལམ་ཆུང་ཞིག་དང
གནས་འདིར་སྐད་ཅིག་ལ་འོངས་ཤིང་སྐད་ཅིག་ལ་མེད་པར་གྱུར་བའི
འདས་པ་དང་ད་ལྟ་མ་འོངས་པའི་དོན་བྱ་དག་དྲན་གྱིན་འདུག
གླེང་རིན་མེད་པའི་དུས་ཚོད་དག་དྲན་གྱིན་འདུག

སོང་ས་བསྡད་ཤུལ་དུ
ཡང་བསྐྱར་ཐལ་རྡུལ་དག་དྲན་འོངས་ཤིང
ཡོད་ཚད་ཚེ་སྲོག་གི་གཅོང་སྐད་ཁྲོད་གཏིང་དུ་ཐིམ་རྗེས
ང་ལ་ཤོར་སོང་བའི་དངངས་འཚུབ་ཅིག་ཁྱོན་ནས་མི་འདུག
ང་ལ་ཞེན་ཆགས་ཀྱི་མཆི་མ་ཞིག་འཁྱིལ་དགོས་དོན་ཅི་ཡང་མི་འདུག
ངས་དེ་ལྟར་བསམ་བྱུང
འགྲོ་ཞོར་དུ་དེ་ལྟར་བསམ་བྱུང

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩྭ་ཐང་དང་དེའི་ཐལ་རྡུལ་གྱི་བརྩེགས་རིམ།

2010-07-12 མོག་ཟླ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།