ཕ་ཡུལ།

ཟེ་འབྲུ་ལེན་པའི་གཡུ་སྦྲང་གཞོན་ནུ་ཞིག་གི་གར་སྟབས
འབྲོང་གི་གདོང་རྒྱུད་ཡིན་པའི་ནོར་གནག་གི་ཁྱུ་ཚོགས
ཞོགས་པའི་དུས་སུ་རྐང་རྗེན་གྱི་སྟེང་དུ་རྩྭ་མགོའི་ཟིལ་བ་རེ་འཐོར་ཚེ
ང་ལ་ད་དུང་སྙིང་ཉེ་བའི་མིའི་རིགས་ཤིག་དང་རང་བྱུང་ཁམས་ཡོད་པ་དྲན་ལ
ཚེ་སྲོག་གི་དབྱངས་རྟ་ཟེར་བའི་སེམས་ཀྱི་རོལ་མོ་ཤིག་གྲགས་པ་ཡང་ཐོས
སེར་ཆེན་མེ་ཏོག་དགོད་པའི་སྐད་སྒྲ་ཐན་ཐུན་རེ
ལམ་ཕྲན་གྱ་གྱུའི་ཁུག་སོ་ན་རྟག་ཏུ་ཡོད་སྐབས
བེའུ་ཆུང་ཆུང་དེ་དག་གིས་རྔ་མ་ཡར་བཀྱགས་པ་ནི
དགའ་བ་དྭངས་མའི་རྩེད་འཇོ་ཤིག་ག་ལ་མིན
སྐྱ་རེངས་བུ་མོ་སྒེག་པའི་ཉམས་ལ་འཁྲབ་ཀྱིན་སླེབས་དུས
ཆུ་སྤྲིན་དཀར་པོ་ཞིག་གི་ཉི་ཟེར་གྱོན་ནས
སེམས་ཀྱི་ཁ་དོག་དམར་པོ་ལ་འདྲེས་པ་དེ
བསང་མེ་སྟུག་པོའི་ཁྲོད་ཀྱི་ཀི་སྒྲ་ལ་གཡས་སྐོར་རྒྱག་ཚུལ་ཡིན་ནམ
                                                      ------ཐོག་མའི་རོལ་མོ།
                        ༡
འཇམ་མཉེན་མཉེན་གྱི་རླུང་བུས་སྒུལ་བའི་གཤོག་པ་ཆ་གཅིག
ལྷོ་ཕྱོགས་ནས་འཕུར་ཡོང་བ་ནི་ཁྱོད་ཀྱི་རེ་སྒུག་གམ
སྟོན་མཇུག་གང་ལ་སྐྱེལ་དགོས་པ་ནི་ད་དུང་འདང་རྒྱག་མེད་པར
ལྷ་སའི་མཚེར་ཤུལ་དེ་ནི་ལྷ་ས་རུ་འདོད་ནས་བུད་འགྲོ
འཁྱག་དར་གྱིས་བཟུང་བའི་གཙང་བོའི་ནང་གི་ཉ་མོའི་ཁྱུ་ཚོགས
ནམ་མཁའ་སྔོན་པོ་ལ་ལྟ་བའི་མིག་ཟུང་གཉིས་རྡོ་བ་ལ་གཅར་ནས
སུ་ཞིག་གི་བཟོས་པའི་ཁང་མིག་ལས་དུས་ཡུན་ཅི་ཙམ་ལ་སྡོད་དགོས
རྡོ་བའི་ཚོགས་འཕག་འཚག་རྒྱག་པར་བྲེལ་ནས
བུ་མོ་ཆུང་ཆུང་དེའི་བརྒྱན་ཆ་ཡང་རྡོ་བའི་ཁུར་བོ་ཞིག
མ་གཞི་ཁྱོད་ཀྱིས་མགོ་བོ་སྒུར་དོན་ཡང་རྡོ་བ་བྲང་ཁར་སྦྱར་ཡོད
སྐབས་དེར་རྩྭ་ཡི་བོངས་ཚད་འཇལ་བའི་སེམས་ཁུར་ལྷག་མ
རྟ་བ་ཚོ་ཁྱོད་ཀྱི་གམ་ནས་ལམ་ལ་ཆས་དེ་བུད་སོང
རྒྱང་ཐག་ཉེ་ས་ཞིག་ནས་ངས་ཁྱོད་ཀྱི་ཆེད་དུ་མིག་ཆུ་ལྷུང་བ་ཡང་བདེན་པ་ཡིན

མེ་ཏོག་གི་སྐེ་རྩ་གཅོད་པའི་ལྟ་བ་སྐོར་བ་རྫུན་མ་ཉུལ་ས
སྦྲང་མས་བསགས་ཡོད་པའི་མངར་མོའི་འཚོ་བཅུད་དེ
ཤེལ་དམ་ཞིག་གི་ནང་ནས་སླར་ཡང་ཁྱོད་ཀྱི་ངོ་སོ་བསྟོད་པར་ལེགས་སྐྱེས་སུ་ཕུལ
གཡང་གཟར་དེ་ནི་ཁྱོད་ཀྱིས་བྲིས་པའི་གནས་སྐོར་ཟིན་ཐོ་ཡིན་ནམ
བྱེ་ཐང་དེ་ནི་ནོར་གྱིས་བསླུས་པའི་ཁྱོད་ཀྱི་མ་འོངས་ལུང་བསྟན་ཡིན་ནམ
པར་ཆས་ཤིག་གི་མདུན་སྒོ་ན་ཁྱོད་ནི་ངུ་མི་ཤེས་ལ
དགོད་ཀྱང་མི་ཤེས་པའི་སྤྲེའུ་སྤུ་ཐོག་ཅིག་དང་འདྲ་བར་ད་དུང་ཅི་ཡང་མི་ཚོར་བ་ཅི
དེ་དུས་སྟོན་རླུང་གཡུགས་པ་དང་གྲང་ངར་ལྡང་སྐབས
སྦྲ་ནག་གི་ཆོན་ཐག་ཇེ་ཐུང་དུ་སོང་ནས
ཡང་ན་སྦྲ་ནག་དེ་རས་གུར་ཞིག་ལ་གྱུར་བ་ནི་ཁྱོད་ཀྱི་མདུན་བསྐྱོད་ཡིན་ནམ
ད་ལྟ་ཕྱེ་མ་ལེབ་ཀྱི་གཤོག་པ་སད་ཀྱིས་བཅོམ་པ་མ་ཡིན་པར་རྨས་པ་ནི
ད་ལྟ་ལུག་ཁྱུ་དེ་ནི་རི་སྤྱང་གིས་བསད་པ་མ་ཡིན་པར་ཤི་དོན་ནི
བདག་གི་རང་བྱུང་ཁམས་ཆེན་མོ
མེ་ལོང་ནང་གི་གཟུགས་བརྙན་དེ་ཕ་ཡུལ་གྱི་ཕ་ཡུལ་མཐོང་བ་ཡིན་ནམ
མདུན་ཕྱོགས་ཀྱི་མི་རེ་དེ་ཁྱོད་རང་འགྲོ་དགོས་པའི་གྲོང་ཁྱེར་དེ་ཨེ་ཡིན
ཡང་ན་ཁྱོད་ཀྱིས་འཚོལ་སྙེག་བྱེད་པའི་བདེ་སྐྱིད་ཀྱི་ལམ་ཕྲན་དེ

ཏག་ཏག་ཁྱོད་རང་རྒས་འདུག་པ་ནི་སུ་ལ་བཤད་དགོས་པའི་གནའ་གཏམ་ཞིག
གང་བུ་ཆུང་ཆུང་དེ་གནས་ལ་འགྲོ་དགོས་པ་ད་ལྟའི་ཡུལ་སྲོལ་ཅིག་ཡིན་ཚེ
དུས་ཚོད་ཀྱིས་སུ་ཡང་སྒུག་མི་སྲིད་དེ
སང་ཉིན་གྱི་དུས་ཚོད་འཁོར་ལོ་དེ་སང་ཉིན་ལ་དབང་བ་དང
འདབ་མ་འགའ་རེ་རླུང་གིས་ཁུར་བ་ནི་ཉི་འོད་ལ་ལེ་བདའ་མི་བྱེད་རོགས
ད་ལོའི་ཐན་པ་དེ་དུས་ཚོད་དང་ནམ་མཁའ་ལ་ངན་ཁག་མི་འགེལ་རོགས
ལྷིང་འཇགས་ཀྱི་མཚན་མོ་དེ་ཡང་དོན་དུ་ལྷིང་འཇགས་ཤིག་མ་ཡིན་ལ
གར་གྱི་ཉམས་དེས་ཕྱུག་པའི་བུ་མོ་དེ་ཡང་བུད་མེད་ཅིག
འབྲུག་སྒྲ་ལྡིར་ལྡིར་བྱེད་པའི་སྐད་སྒྲ་ཡུན་རིང་ལ་མ་ཐོས་པའི་ཁྱོད་རང
འཇའ་ཚོན་དང་རྨ་བྱའི་སྒྲོ་གུར་མཐོང་བར་ཅི་ཙམ་འགོར་བའི་ཁྱོད་རང
གཞས་ཤིག་ལེན་པའི་ཆུང་དུས་བྱམས་པ་ནི
ཁ་བཏགས་འབུལ་བའི་སེམས་པ་དྭངས་གཙང་ཅིག
དེ་དག་ང་ཡི་མིག་ཆུའི་ནང་ན་ཡོད་པའི་ཁ་དོག་དང་རོལ་མོ་ཡིན་ཨེ་སྲིད
                        ༢
ཟླ་འོད་ཁྲོད་ཀྱི་རྨི་ལམ་གྱ་གྱུ
གླིང་བུ་འབུད་པར་མཁས་པའི་གཞོན་ནུ་མ་ཁྱོད་དང་རྒྱང་ཐག་རིང་ལ
གར་མ་བུ་མོ་ཞིག་གི་སྒེག་ཉམས་མེ་ཏོག་གི་འདབ་མ་དང་མཉམ་དུ་འཐོར
རྫ་རི་མཐོན་པོ་ཞིག་གི་རི་རྒྱུད་དེད་ནས་སོང་ཚེ
སྤྲིན་པ་ཞིག་རྐང་འོག་ཏུ་མནན་པའི་ཚོར་སྣང་གསོན་པོ་ཞིག་ཡོད་ཀྱང
སྨྱུ་གུ་རློན་བྱེད་ཀྱི་སྣག་ཚ་དང་ཤོག་བུ་སྒུལ་བྱེད་ཀྱི་ཡི་གེ
ལྗོངས་འདི་ན་ཚོད་ཚོད་ལ་རྒས་ནས་སྐྲ་ལོ་དཀར་པོ་གྱུར
ལྕགས་ཐབ་ནང་དུ་མིང་ལ་ལྕི་བ་ཟེར་བ་དེ་འབུད་བཞིན
ཆར་བ་རེ་བབས་པ་ན་རྐང་རྗེན་དུ་ན་ཆུ་དེ་དག་བརྒལ་ནས
ད་དུང་གདོད་མའི་གློག་བརྙན་ཞིག་དང་འདྲ་བར་འཚོ་དུས
བདག་གིས་ཕྱིར་དྲན་ཁོ་ནར་བསམ་གཞིག་བྱེད་པ་དེ་ཡང
ལོ་རྒྱུས་ཀྱི་མེ་ལོང་ངོས་སུ་འཆར་མྱོང་བའི་ཁྱོད་རང་དྲན་ཆེད
སྒེའུ་ཁུང་ཕྱི་རོལ་ན་བྲེལ་འཚུབ་འཚུབ་བྱེད་པའི་མི་ཚོགས་ཀྱི་བརྙན་གཟུགས
ཁྱོད་ཀྱི་སྙིང་ཁར་བབས་ནས་ལྡང་སྐོར་བརྒྱབ་ཀྱང
ཟོ་བའི་ནང་དུ་ཆུ་བཅུ་དགོས་པ་མ་གཏོགས་ཅི་ཡང་འདང་རྒྱག་མེད་པ་ནི
ཕ་ཡུལ་ནས་ཕ་ཡུལ་མ་མཐོང་བ་ཡང་ཡིན་སྲིད་དམ

གཙང་འགྲམ་གྱི་ནགས་ཚལ་ཅིག་ཁྱོད་ཀྱིས་མ་བཀོལ་བར་ཟད་སོང
ནགས་ནང་གི་རི་དྭགས་ཤིག་ཁྱོད་ཀྱིས་མ་བསད་པར་མེད་སོང
སྐེ་དཀྲིས་དམར་པོ་ཅན་གྱི་ཁྱོད་ཚང་གི་མགྲོན་པོ
མཚན་མོའི་མུན་ནག་ཁྲོད་ཀྱི་བརྩེ་དུངས་བརྐུ་བའི་ཉུལ་མ
གར་སྟེགས་སྟེང་གི་སྒྱུ་མ་མཁན་ཞིག་གིས་མ་འཁྲབ་པའི་ས་ཆེན་གྱི་ངུ་སྙིང
ཞོགས་པའི་སྐྱ་རེངས་འཛུམ་ཞིང་དགོད་ཀྱང
རང་བྱུང་གི་མཛེས་པ་ཡལ་སོང་བའི་ད་ལྟའི་རྩྭ་ཐང་ནི
སྐྱ་ཆད་སྔོ་སྡུག་གི་ཕྱི་དྲོའི་ཉི་ཟེར་དམར་ནག་ཅིག་ཤར་བ་དང་འདྲ་ལ
མྱ་ངམ་ཐང་ཅིག་གི་སྨིག་རྒྱུའི་ནང་གི་ཆུ་ཕྲན་ཤི་མ་གསོན་དེ
ཤོག་བུ་དང་མཉམ་དུ་ཚིག་སོང་བའི་ཡི་གེ་དག་དང་འདྲ་བར
ཐལ་བ་བར་སྣང་གི་ཁམས་སུ་འཕུར་བ་ན
གླག་རྒོད་ཀྱི་གཤོག་ཁུག་ལ་རྡུལ་ཚོགས་བབས་ནས
ཕ་ཡུལ་གྱི་ནམ་མཁའ་ཡང་གཡའ་དྭངས་ཐབས་ཤིག་མེད་སོང

ཁྱོད་ལ་སུ་ཞིག་གིས་སྙིང་གཏམ་ཚབ་ཏུ་བཞག་པའི་རླུང་བུ
བྲག་ཅ་རེ་འཁོར་ཡོང་བའི་རྨི་ལམ་ཁྲོད་ཀྱི་རོལ་མོ
བདེ་བར་གཟིམས་པ་ནི་ལྷིང་འཇགས་ཀྱི་གླིང་ཀ་འགྲིམས་ཚུལ་ཡིན་ནམ
གློ་བུར་དུ་དངངས་འདར་རེ་བྱེད་པའི་བདག་གི་ལུས་ཟུངས
ཁྱོད་ཀྱི་གམ་ལ་ཅི་ཙམ་གཅར་ཡང་དེ་ལྟར་རྒྱང་ལ་གྱེས
སྐར་མའི་ཁོང་འདར་བརྒྱག་པའི་དགུན་གྱི་མཚན་མོ
ནམ་མཁར་བལྟས་ནས་སྐར་མདའ་ཡལ་བ་བགྲང་དགོས་སམ
ཕྱེ་མ་ལེབ་ལྕེབས་པར་བྲེལ་བའི་དབྱར་གྱི་དུས་ཚིགས
མར་མེ་རྐོང་བུ་དེར་བཙན་གཡབ་བྱེད་པའི་གློག་སྒྲོན་དེ་དག
མིག་ཆུ་ལྷུང་མྱོང་བའི་དཔྱིད་ཀྱི་ཉི་མ་རིང་མོ
གྲོ་མ་བཙོས་ནས་མགྲོན་ལ་འབོད་མཁན་སུ་ཚང་ཡོད
དགོད་པའི་སྐད་སྒྲ་ཤོར་བར་ཐེ་ཚོམ་མེད་པའི་སྟོན་གྱི་ལོ་ལེགས
ཁྱོད་ཀྱི་ངོ་གདོང་ལག་རས་དེས་ཕྱི་དགོས་པའི་ཤེལ་གྱི་སྒོ་མོ
                        ༣
སླར་ཡང་མིག་ཆུ་ལ་འདྲེས་པའི་ཀུ་ཅོ་ལྡབ་ལྡིབ་ཅིག
སྤྲིན་པའི་ལྭ་བ་གྱོན་པའི་རྫ་རི་དེའི་རྒྱུད་ནས་ཐོས་དུས
ལུག་ཁྱུ་ནི་ཟིལ་བ་བརྒལ་ནས་ཁྱོད་ཕྱོགས་སུ་འབའ་སྒྲ་ལྡིར
སྐབས་དེར་འཇའ་འོད་ཤར་བར་རེ་བའི་རྫི་བོ་དེ
རྐང་ཐང་དུ་གཞུང་ལམ་དེད་ནས་བྱེ་ཐང་གི་ཕྱོགས་སུ་གོན་པ་སྤོས
ནུབ་ཕྱོགས་སུ་བཞུད་འགྲོ་བའི་ཟླ་བ་དང་ཉི་མ
སྐར་མའི་འཆར་ནུབ་ལ་ད་དུང་སྨོན་པའི་བྱིས་པ
གཙང་བོའི་འགྲམ་གྱི་གཏམ་རྒྱུད་གླེང་མཁས་པའི་རྒན་པོ
ལོ་རྒྱུས་སུ་བྲིས་ཡོད་པའི་གངས་སེང་གི་སྐྱེ་རབས
གངས་རི་ཞུ་སོང་བས་ཆུ་ཐིགས་ས་ལ་འཐིམས་སོང་བའམ
ཡང་ན་ས་གཞི་ཆུ་ལ་འཐིམས་སོང
རྒྱ་མཚོ་ལགས་ཕ་ཡུལ་གྱི་སྐྱོ་གདུང་ཐོས་སམ
ནམ་མཁའ་ལགས་ཕ་ཡུལ་གྱི་ཆག་འཇིག་མཐོང་ངམ

བུ་མོ་ཞིག་ངུ་མྱོང་བའི་མིག་ཆུ་རྙོག་ཁུ
ཕྱེ་མ་ལེབ་ཁྲ་བོ་ཞིག་གིས་ཁྲིད་པའི་མིག་ཟུང
བསླུ་བྲིད་ཅི་ཙམ་གྱིས་ཁྱོད་རང་གཅེར་བུར་ཕུད
ཕྱི་རོལ་ན་ཁྱོད་དང་གྱེས་པའི་རྩྭ་རྐང་དག་ཀྱང་འཚང་ཁ་ཤིག་ཤིག
གཏན་དུ་བདེ་མོ་འཇོག་པའི་ལག་ཟུང་མཐོང་ངམ
མེ་རོ་ཞིག་བར་སྣང་དུ་དལ་གྱིས་ཡལ་སྐབས
དུ་བ་འཐེན་ཤེས་པའི་ཁྱོད་ཀྱི་ཡ་ཁོག་ནི
འོ་ཇ་དཀར་ཡོལ་གང་གིས་བཀྲུ་དགོས་པའི་མིད་པ
དེ་དུས་སེམས་པ་ཡང་རྙིད་པར་སླ་བའི་འདབ་མ་ཞིག
ཤེས་ཡོན་པས་སྒྲུང་དེབ་རེ་ཀློག་གིན་ཉི་མ་ཕར་ལ་བསྐྱལ
རྒན་རབས་པ་ཉི་ཁུག་ཅིག་ནས་བསྡད་དེ་མ་ཎི་བགྲང
འཁོར་བ་བསྐོར་ཤེས་པའི་གྲྭ་བ་ཁ་ཤས
རང་བྱུང་གིས་འཚེ་བའི་ཕ་ཡུལ་ནི་ས་རུབ་ཁའི་འོད་ཟེར་དེ་ཨེ་ཡིན

རླུང་རྟ་འགའ་གནམ་ལ་འཕུར་བ་དང་མཉམ་དུ
ཁ་ཚུབ་ལས་དུད་ཞགས་ལོང་ལོང་ཞིག་ཀྱང་སྤྲིན་པར་འདྲེས་སོང
མག་མོག་གི་ལོ་ཟླ་ཞིག་ཁྱོད་ཀྱིས་གཉིད་མ་སད་ནས་བོར་བ་ན
དོ་ནུབ་ཁྱོད་རང་ཕྱིར་ཇག་ལ་འགྲོ་དགོས་པ་བདེན་ཤས་ཆེ
སེམས་པ་སྒུལ་བར་བྱེད་པའི་ལ་གཞས
ང་ཡིས་ལ་གཞས་དེའི་གཤོག་པ་འཇམ་པོ་ལ་རེག་ན་འདོད
གནའ་རྫས་སུ་འགྱུར་གྱིན་པའི་ཁྱོད་ཀྱི་ངོ་གདོང
བཤམ་སྟོན་ཁང་གང་དུ་ཁྱོད་ལ་མལ་ཁྲི་ཞིག་བཟོས་ཡོད
ཡང་ན་ཐང་ཀ་ཞིག་གི་ངོས་སུ་བྲིས་པའི་སྣུམ་མཚོན་རི་མོ
དགོ་དགོ་བཞོ་དབྱངས་ཀྱི་སྐད་གདངས་ཡལ་རྗེས
གསལ་ལ་མི་གསལ་བའི་གླུ་དབྱངས་ཤིག་ལེན་མཁན་ནི་སུ
ལོ་མ་སེར་བོ་ས་ལ་ཟགས་པའི་སྐབས་དེར
ཁུ་སིམ་སིམ་གྱི་མཚན་མོའི་མཚེའུ་ནི་ཁེར་རྐྱང་ངང
དྲན་པའི་ཀློང་ལ་ད་དུང་བྱ་ཡི་ཁྱུ་ཚོགས་ཤིག་རུམ་ཡོད
ཕ་ཡུལ་གྱི་ངོ་གདོང་མཆི་མས་ཉིལ་བྱུང
ཕ་ཡལ་གྱི་ནམ་མཁའ་སྨུག་པས་བཟུང་ཡོད
ཕ་ཡུལ་ན་ཕ་ཡུལ་གྱི་གཏམ་རྒྱུད་ཡོད་ལ
ཕ་ཡུལ་ན་ངའི་གངས་དཀར་སེམས་ཀྱི་ཕ་ཡུལ་ཡོད

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ།

2010-07-04 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།