ནུབ་བགྲོད་མེ་འཁོར།

ནུབ་བགྲོད་མེ་འཁོར
མུན་པའི་གཏིང་དུ་འོ་དོད་དང་བཅས་རྒྱུག
གློག་འོད་མག་མོག་ཁྲོད་ཀྱི་གདོང་བ་དེ་ཚོ
དྲན་པའི་ཕ་རོལ་ནས་འཚང་འོང་བའི་ཐལ་མདོག་གི་གདོང་བ་དེ་ཚོ
ཉི་མ་ནུབ་ཕྱོགས་སུ་དབོར་བཞིན་པའི
རླུང་བུ་དྭངས་མོ་བཞུར་སའི་ཉི་མ་ནུབ་ཕྱོགས་སུ་དབོར་བཞིན་པའི
ས་རྡུལ་རྙིང་བའི་ཁྲོད་ཀྱི་གནའ་བོའི་རྡོ་ཆས་དག་དང་འདྲ
ནད་ཡམས་གསར་བ་འབྱར་བའི་གློག་རྡུལ་སྙིགས་རོ་དག་དང་འདྲ
འཇིག་ཉེན་གྱི་ལོ་ཟླ་ཡ     གྲི་ཁར་རྡེབ་པའི་གཤོག་པ
མུ་མེད་ས་སྒང་གི་འཁྱག་རླུང་ལས
སུས་ད་དུང་ཁྱོད་ཀྱི་བདེ་སྡུག་གླེང་མྱོང
སུས་ད་དུང་ཁྱོད་ལ་མཆི་མ་རྡོག་ཙམ་འཕངས་མྱོང

ནུབ་བགྲོད་མེ་འཁོར
མུན་པའི་གཏིང་དུ་འོ་དོད་དང་བཅས་རྒྱུག
རྒྱང་རིང     མིག་གིས་ཟིན་ཚོད་ཀྱི་རྒྱང་རིང་ན    རི་རྒྱུད་ནག་པོ
གཏན་དུ་གཉིས་སོང་བ་འདྲ་བའི་རི་རྒྱུད་ནག་པོ
མེ་ལྕེ་གཞིལ་ཞིང་ཀུ་ཅོ་འཇགས་ཟིན་པའི་གནའ་བོའི་ལྕགས་རི་ཞིག་དང་མཚུངས
རླུང་གིས་གཡེང་བཞིན་པའི་རལ་བ་ཞིག་དང་འདྲ་བར
ཁུ་སིམ་མེར་རྒྱབ་ཕྱོགས་སུ་འགུལ་གྱིན་པའི་ཚུགས་ཀ
ཉི་རྡུལ་དམར་པོའི་འོག་ན་ཉམས་བཞིན་པའི་ཕོ་བྲང་གི་སྙིང་རླབས་རི་མོ་དང་འདྲ
དབུགས་རྒྱུ་ཐ་མ་ན་རིམ་གྱིས་ཉམས་བཞིན་པའི་ཕོ་བྲང་གི་སྙིང་རླབས་རི་མོ
ཁེར་རྐྱང་གི་གྲིབ་མ་ཡ    འབོར་བཞིན་པའི་རླུང་རྟ་ལྷེབ་མོ
གཏིང་རིང་བའི་བྱང་ཐང་གི་མཚན་མོ་ལས
སུས་ད་དུང་ཁྱོད་ཀྱི་དུས་ཆད་བསྙེག་སྲིད
སུས་ད་དུང་ཁྱོད་རང་དྲན་པའི་སྐུད་སྣེར་ཤོག་བྱ་རལ་བོ་བཞིན་འདོགས་སྲིད

ནུབ་བགྲོད་མེ་འཁོར
མུན་པིའེ་གཏིང་དུ་འོ་དོད་དང་བཅས་རྒྱུག
རྣ་བ་འགས་པའི་དུང་སྒྲ་རིང་མོ་རེས་སྙིང་རྩ་གཤགས་གིན
འབབ་ཚིགས་མེད་པའི་རི་གྲོང་ཆུང་ངུ་རེ་རྗེས་སུ་བསྐྱུར་དུས
ཚེར་མ་ལྟར་མུན་པའི་མཆེ་བར་ལ་ཟུག་པའི་སྒྲོན་འོད་འགའ་རེ
མིག་རྡེབ་ཙམ་གྱི་བར་ནས་བོར་སོང     གཏན་ནས་གཏན་དུ་བོར་སོང
ངང་ཚུལ་དེ    རྨི་ལམ་ཞིག་ཏུ
ཚོན་མདངས་མེད་པའི་རྨི་ལམ་ཞིག་ཏུ
མིག་མདངས་རྨས་མ་ལྟ་བུའི་དཔལ་འབར་རེ་ཟུང
གདོང་མའི་བྲག་ཕུག་ངོས་ཀྱི་མེས་པོ་ཚོའི་ཕྱག་རྗེས་ཀློག་གིན
ཕྱི་མིག་གི་ཆུ་རིས་རབ་རིབ་ནས་གཞིལ་སོང་བ་དང་འདྲ
དལ་ཅག་གེར་ནམ་ཡང་གཞིལ་སོང་བ་དང་འདྲ
རང་དབང་གི་ནམ་མཁའ་ཡ   ལྷ་ཚོགས་ཀྱི་མཛེས་སྡུག
མི་ཡུལ་གྱི་གྲུ་ཟུར་ལ་སྐུང་བའི་སྟོང་བསམ་གྱི་སྒྲུབ་ཕུག་ལས
རྡོག་སྒྲ་ཡིན་ནོན་པའི་ཁྱོད་ཀྱི་ས་ཆེན་གང་ན་ཡོད
ལག་ཟུང་གིས་བཏེགས་པའི་ཁྱོད་ཀྱི་ཉི་ཟླ་གང་ན་ཡོད

ནུབ་བགྲོད་མེར་འཁོར
བྱང་ཐང་གི་མུན་པའི་གཏིང་དུ་འོ་དོད་དང་བཅས་རྒྱུག
འོ་དོད་དང་བཅས་མུ་ནས་མུ་རུ་རྒྱུག
                ༣༠༠༣.༡༡.༡༩

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བགྲོད་མེ་འཁོར།

2010-06-29 ནེའུ་ཆུང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།